༄༅།།ཨེ་ཝཾ་གསང་སྔགས་གླིང་།
༄༅།།ཨེ་ཝཾ་གསང་སྔགས་གླིང་།
ཨོཾ་སྭ་སྟི།།
ཨེ་ཝཾ་གསང་ཆེན་རྡོ་རྗེ་ཐེག་པའི་སྲོལ།།
ཟབ་རྒྱས་གདམས་པའི་བརྒྱུད་འཛིན་རིན་པོ་ཆེ།།
སྔགས་འཆང་རིག་པ་འཛིན་པའི་བསྟན་པ་ཉིད།།
འཁོར་འདས་རྒྱན་ཏུ་རྟག་ཏུ་མཛེས་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་དབོ་ཟླའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་ཡུལ་དབུས་གཙང་གི་སྔགས་འཆང་འོད་ཟེར་གོ་ཆའི་ངོར་ཨེ་མ་ཧོས་ཐོ་རངས་ཁར་རྟེན་འབྲེལ་ལྷུན་གྲུབ་ཏུ་སྨོན་པར་དགེའོ།།