January 2025

༄༅།།ཞེ་ཆེན་མཁན་སྤྲུལ་ཚུལ་ཁྲིམས་རྡོ་རྗེའི་

༄༅།།ཞེ་ཆེན་མཁན་སྤྲུལ་ཚུལ་ཁྲིམས་རྡོ་རྗེའི་

ཞབས་བརྟན་བྱ་རྒྱལ་ཁྱུང་གི་སྒོང་ང་

ཞེས་བྱ་བ་བཞུགས་སོ།།

ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ།།

བཀའ་གཏེར་ཟབ་དགུའི་སྲོག་འཛིན་སྔ་འགྱུར་པའི།།

བསྟན་པ་སྐྱོང་ཞིང་བསྟན་པ་སྤེལ་མཁས་ཞིང་།།

ཚུལ༵་ཁྲིམས༵་ཏིང་འཛིན་ཤེས་རབ་གྲུབ་པའི་དབང་།།

རྡོ༵་རྗེ༵་ཆོས་བདུན་ངོ་བོར་ཞབས་བརྟན་ཤོག།

མི་གཡོ་སྐུ་ཡི་མཚན་དཔེའི་ལང་འཚོ་བརྟས།།

མི་འགགས་གསུང་གི་ཚངས་དབྱངས་ས་གསུམ་བརྡལ།།

མི་འགྱུར་ཐུགས་རྗེའི་མཁྱེན་བརྩེ་ནུས་སྟོབས་རྒྱས།།

མི་ཁྱབ་མེད་པའི་ཕྲིན་ལས་མཐར་ཕྱིན་ཤོག།

དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་དང་།།

རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས།།

མཁན་སྤྲུལ་དམ་པའི་བཞེད་དོན་ལྷུན་གྲུབ་ནས།།

པདྨ་ཀ་རའི་བསྟན་པ་དར་རྒྱས་ཤོག།

ཅེས་པ་འདི་ཡང་རབ་གནས་ཤིང་འབྲུག་མགོ་ཟླ་འམ་བོད་ཁམས་གཏེར་གྱིས་གཏམས་པའི་དུས་བཟང་ལ་ཡར་ངོའི་རྒྱལ་བ་དང་པོར་འཇང་སྟག་ཚང་པདྨ་དབང་ཆེན་དགྱེས་པའི་དགའ་ཚལ་ནས་མཁན་པོ་འོད་གསལ་མཐའ་ཡས་ཀྱིས་གསུང་སྐུལ་དང་དབྱིག་ལན་ནས་རྟེན་འབྲེལ་ལེགས་འགྲིགས་དང་མཁན་སྤྲུལ་དམ་པ་ཉིད་ཀྱིས་བསང་མཆོད་ཐུགས་སྨོན་དང་གནས་མཆོག་ལ་འབྲེལ་འཇོག་ལ་ཡི་རང་དང་བཅས་ཤྲཱིཿ ཨེ་མ་ཧོས་གནམ་བདག་ཆེན་མོས་ལོ་སར་ལེགས་སྐྱེས་སུ་དེ་ཉིད་སྙིང་ནས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།། ཤྲཱིཿ སརྦ་ལོ་ཀ་བུདྡྷ་བི་ཛ་ཡནྟུ།།