January 2025

དགེ་རྩེ་སྐྱེན་པོའི་མཁན་ཆེན་དམ་པ་བཤད་སྒྲུབ་རྒྱ་མཚོའི་

དགེ་རྩེ་སྐྱེན་པོའི་མཁན་ཆེན་དམ་པ་བཤད་སྒྲུབ་རྒྱ་མཚོའི་

ཞབས་བརྟན་པདྨའི་དྲྭ་བ་ཞེས་བྱ་བ་བཞུགས་སོ།

ཨོྃ་སྭ་སྟི།།

རྒྱལ་བསྟན་བཤད༵་དང་སྒྲུབ༵་པའི་རྒྱ༵་མཚོ༵་ལས།།

ཕན་བདེ་ཡིད་བཞིན་འཇོ་བའི་མཛད་བཟང་ཅན།།

སྐུ་གསུམ་མཁའ་སྤྱོད་བསྟན་པའི་ཁྱབ་བདག་རྗེ།།

མཁས་བཙུན་བཟང་པོའི་མཁན་ཆེན་ཞབས་བརྟན་ཤོག།

ཅེས་པ་འདི་ཡང་རབ་གནས་ཆུ་ཡོས་མགོ་ཟླའི་རྒྱལ་བ་གསུམ་པ་ལ་མཁན་པོ་གངས་རིའི་ཕོ་ཉས་སྐུལ་ངོར་ཨེ་མ་ཧོས་ཨེ་ཝྃ་ཀུན་ཁྱབ་རི་ཁྲོད་ནས་སྨོན་པར་དགེའོ།། །།

࿐ བསུ

ཡོན་ཏན་ཀུན་ལ་ཐོགས་མེད་འགྲོ་བའི་མགོན། །

བྱམས་བརྩེ་རང་བཞིན་ཅན་གྱི་མཁན་ཆེན་མཆོག།

དགེ་སྡིག་བླང་དོར་འོད་དཀར་ཕྱོགས་བཅུར་འཕྲོས། །

ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོའི་འཁྲུངས་སྐར་བསུ། །

ཆོས་ཀྱི་སྦྲང་ཆར་བསིལ་མ་ཕྱོགས་བཞིར་འབབ། །

གནས་ལུགས་དོན་གྱི་རྩ་བ་དོན་དུ་བླངས། །

མ་དག་འཇིག་རྟེན་བྱོན་པ་ཨེ་མ་ཧོ། །

སྐྱེས་ཆེན་བསྟན་པའི་སྲོག་ཤིང་འཁྲུངས་སྐར་བསུ། །

ཁྱེད་ཉིད་སླར་ཡང་བསྟན་འགྲོའི་དོན་སྒྲུབ་ལ།།

སྐུ་ལུས་མི་ཤིགས་རྡོ་རྗེ་རབ་བརྟན་ཏེ།།

གངས་ཅན་ཁ་བའི་སྨན་ལྗོངས་ཡུལ་དབུས་སུ།།

ཉམས་དགའི་སྣང་བཅས་སྐུ་ཚེ་འཚོ་བཞེས་གསོལ།།

རྩོམ་པ་པོ།———པདྨ་སྐལ་བཟང་།