༄༅།གུ་རུ་ཡིད་བཞིན་ནོར་བུའི་གསོལ་འདེབས་
༄༅།གུ་རུ་ཡིད་བཞིན་ནོར་བུའི་གསོལ་འདེབས་
ཀུན་བཟང་མེ་ལོང་ཞེས་བྱ་བ་བཞུགས་སོ།།
ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ༔
རྒྱལ་བ་ཀུན་འདུས་སངས་རྒྱས་པདྨ་སྐྱེས།།
དམ་ཆོས་ཀུན་འདུས་ཆོས་ཉིད་རྫོགས་པ་ཆེ།།
དགེ་འདུན་ཀུན་འདུས་རིག་གྲོལ་རྒྱལ་བའི་སྲས།།
གུ་རུ་ཡིད་བཞིན་ནོར་བུ་གསོལ་བ་འདེབས།།
བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།།
ཨོྃ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
གུ་རུ་རྒྱལ་བ་རིགས་ལྔ་ཐོད་ཕྲེང་རྩལ།།
སྣང་སྲིད་ཟིལ་གནོན་མཆོག་ཐུན་དངོས་གྲུབ་བདག།
མ་ལུས་འགྲོ་ཀུན་འདྲེན་པའི་ཐུགས་རྗེ་ཅན།།
བདེ་ཆེན་ཡེ་ཤེས་དབང་རྒྱལ་གསོལ་བ་འདེབས།།
བདེ་ལེགས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས།།
ཕྱི་ནང་འབྱུང་བའི་ལུས་ངག་བར་ཆར་སོལ།།
གསང་ཆེན་མཆོག་གི་ཡེ་ཤེས་བྱིན་རླབས་སྩོལ།།
འགྲོ་ཀུན་འཇའ་ལུས་འཕོ་ཆེན་ལྷུན་གྲུབ་ཤོག།
ཅེས་འོད་གསལ་དག་པའི་སྣང་ཆ་དང་མཁན་པོ་འོད་གསལ་མཐའ་ཡས་རྡོ་རྗེ་ལྷུན་གྲུབ་ཀྱིས་སྐུལ་ངོར་ཐོ་རངས་སྐབས་ཀྱི་བླ་རྣམ་གྱི་ཐུན་གསེང་གི་ཞོར་དུ་གསོལ་བར་འདེབས་པར་དོན་དང་ལྡན་པར་གྱུར་ཅིག་གུ།། །།
ཤྲཱིཿ སརྦ་ལོ་ཀ་བུདྡྷ་བི་ཛ་ཡནྟུ།།
1/1/2025