• January 2024

    བཀྲ་ཤིས་བརྒྱད་པ་བཞུགས།

    བཀྲ་ཤིས་བརྒྱད་པ་བཞུགས།ཨོཾ།།སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་འགྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམས་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང༌། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང༌། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀཱ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང༌། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང༌། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང༌། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།…

  • January 2024

    ༡ ཨེ་མ་གདམས་ངག་སྟོན་པའི་བླ་མ་ཁྱེད་མཁྱེན་ནོ།། བདག་གིས་ཡང་ཡང་བསམ་ན་བཀའ་དྲིན་རེ་དྲན་ནོ།། སྲིད་པའི་ཆུ་ཀླུང་དྲག་པོའི་རྦ་རླབས་ལ་གཡེང་ཚེ།། བརྩེ་བའི་ཕྱག་གིས་དྲངས་བའི་བཀའ་དྲིན་རེ་དྲན་ནོ།། ༢ སྐྱ་སེར་བྱ་བ་ཅི་བྱེད་ངེས་མེད་ལ་འཕྱན་ཚེ།། ངུར་སྨྲིག་ཆས་ལ་སྦྱོར་བའི་བཀའ་དྲིན་རེ་དྲན་ནོ།། འདོད་ཆགས་དུག་ཆུའི་ནད་ཀྱིས་གཟིར་བ་ཡི་དུས་ན།། མ་ཆགས་བདུད་རྩིས་འཚོ་བའི་བཀའ་དྲིན་རེ་དྲན་ནོ།། ༣ ཞེ་སྡང་མེ་ཡིས་འདི་ཕྱིའི་བདེ་དགེ་ལ་ཉེན་དུས།། བྱམས་ཆེན་ཆུ་སྣ་འདྲེན་པའི་བཀའ་དྲིན་རེ་དྲན་ནོ།། གཏི་མུག་མུན་ཁྲོད་འཐུག་པོར་མགོ་བོ་རེ་འཁོར་ཚེ།། ཤེས་རབ་ཉིན་བྱེད་འདྲེན་པའི་བཀའ་དྲིན་རེ་དྲན་ནོ།། ༤ སྡིག་ལྟུང་སྨེ་རྩོག་འདམ་དུ་བྱིང་བ་ཡི་སྐབས་ན།། སྡོམ་ཁྲིམས་ཆུ་ཡི་ཁྲུས་ཀྱི་བཀའ་དྲིན་རེ་དྲན་ནོ།། ཉོན་མོངས་དུག་ལྔའི་མཚོན་ཆ་ཆར་ལྟར་དུ་བབས་ཚེ།། ཡེ་ཤེས་གོ་ཆ་བསྐོན་པའི་བཀའ་དྲིན་རེ་དྲན་ནོ།། ༥ རང་དོན་ཡིད་བྱེད་དམ་པོའི་བཙོན་ཁང་དུ་ཆུད་ཚེ།། གཞན་ཕན་འཕྲུལ་གྱིས་གཏོར་བའི་བཀའ་དྲིན་རེ་དྲན་ནོ།། སྲིད་ཞིའི་མྱ་ངན་ཐང་ལ་གྲོགས་མེད་དུ་འཁྱམས་ཚེ།།ཐབས་ཤེས་ལམ་སྣ་འདྲེན་པའི་བཀའ་དྲིན་རེ་དྲན་ནོ།། ༦ རང་བློ་ངན་གོམས་ཆུ་སྣ་ཐུར་བབ་དུ་འགྲོ་ཚེ།། ཐབས་མཁས་ཟོ་ཆུན་འཁྱུད་མོའི་བཀའ་དྲིན་རེ་དྲན་ནོ།། རང་རྒྱུད་ཡོན་ཏན་བྲལ་བའི་གཅེར་བུ་རུ་འདུག་དུས།། བསླབ་གསུམ་གོས་རྒྱན་བགོ་བའི་བཀའ་དྲིན་རེ་དྲན་ནོ།། ༧ ཐར་བའི་ཁང་བཟང་ཉམས་དགར་འཇུག་འདོད་ཀྱི་ཚེ་ན།། ཐེག་གསུམ་སྒོ་ལྕགས་བཀྲོལ་བའི་བཀའ་དྲིན་རེ་དྲན་ནོ།། སྐྱོན་ཀུན་དོར་ལ་ཡོན་ཏན་བླང་ཚུལ་གྱི་སློབ་དཔོན།། འདི་ཕྱི་ཀུན་ལ་ཕན་པའི་བཀའ་དྲིན་རེ་དྲན་ནོ།། ༨ ཡིད་འོང་གཟུགས་ཀྱི་སྣང་བ་མཐོང་རེས་ཀྱི་ཚེ་ན།། རྗེ་བཙུན་བླ་མའི་སྐུ་ཡི་སྣང་བ་རེ་དྲན་ནོ།། རྣ་བར་འབབ་པའི་སྙན་པའི་སྒྲ་དབྱངས་རེ་ཐོས་ཚེ།། བླ་མའི་ལེགས་བཤད་གསུང་གི་དགའ་སྟོན་རེ་དྲན་ནོ།། ༩…

  • December 2023

    འཇའ་སྤྲིན་ལས་གུ་རུ་མངོན་སུམ་དཔར་དུ་ཤར་འདུག

    གཟིགས་དང་དད་གུས་ཅན་དག་སྣང་འཁན་རྣམ་པ་ལགས། Thanks for your respect and believe me everything’s , this picture is really nice and on the sky on the way I take it my student sent me Guru Rinpoche is very clearly Rainbow body on Om Ah Hung…

  • November 2023

    ཀུན་མཁྱེན་་མཁན་ཆེན་བླ་མ་རིན་པོ་ཆེ་ལ་འཁྲུངས་སྐར་བསུ།

    恭祝貝扎法王堪欽喇嘛仁波切生日快樂 BIRTHDAY WISHES FOR H.H.KHENCHEN LAMA RINPOCHE LONG LIFE PRAYER BY TIBETAN YOGI GONPO KYAB ON 20 NOVEMBER 2023 ཨ་བུ་རིན་པོ་ཆེའི་འཁྲུངས་སྐར་བསུ་བ་གེ་སར་མེ་ཏོག ཨེ་མ་ཧོ༔ དུས་ཚེས་ཁྱད་པར་ཅན། གནས་ཁྱད་པར་ཅན། ཡབ་ཡུམ་ཁྱད་པར་ཅན་ལ། བུ་ཁྱད་པར་ཅན་འཁྲུངས་ནས་། འཁོར་ལྷ་མི་ཚོགས་པའི་ཕུན་ཚོགས་ལྔ་ལྡན་གྱི་ཉིན་པོ་བསུ། ཉིན་མོ་བདེ་ལེགས། མཚན་བདེ་ལེགས་། ཉིན་མཚན་ཀུན་ཏུ་བདེ་ལེགས་པས། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག། —— མགོན་པོ་སྐྱབས་ནས 2023/11/20

  • November 2023

    ཀུན་མཁྱེན་་མཁན་ཆེན་བླ་མ་རིན་པོ་ཆེ་ལ་འཁྲུངས་སྐར་བསུ།

    恭祝貝扎法王堪欽喇嘛仁波切生日快樂 BIRTHDAY WISHES FOR H.H.KHENCHEN LAMA RINPOCHE LONG LIFE PRAYER BY TERTON DRUKDRA DORJI RINPOCHE ON 20 NOVEMBER 2023 ༄༅།།ཨེ་ཝྃ་མ་ཧཱ་པཎྜི་ཏ་མཁན་ཆེན་ཨེ་མ་ཧོ༔་ལ་ འཁྲུངས་སྐར་བསུ་བའི་མེ་ཏོག་དཀར་པོ།། ཨ་ཧོ།། དཔལ༵་ལྡན་རང་བྱུང་རྒྱལ་པོའི་ཐུགས་རྗེ་ལས།། འགྲོ་བ་གཉིས་འཛིན་གྲོལ་བའི་དེད་དཔོན་རྗེ།། སྦས་པའི་རྣལ་འབྱོར་དགྱེ༵ས་པ༵་རྡོ༵་རྗེ༵་མཆོག། སྐུ་ཚེ་མི་ནུབ་རྒྱལ་མཚན་བརྟན་པར་ཤོག།། སྤྱི་ལོ་༢༠༢༣་ཟླ་བ་༡༡་ཚེས ༢༠ ལ་གཏེར་ཆེན་འབྲུག་སྒྲ་རྡོ་རྗེས་གསུངས་སོ།།

  • November 2023

    ཀུན་མཁྱེན་་མཁན་ཆེན་བླ་མ་རིན་པོ་ཆེ་ལ་འཁྲུངས་སྐར་བསུ།

    ཀུན་མཁྱེན་་མཁན་ཆེན་བླ་མ་རིན་པོ་ཆེ་ལ་འཁྲུངས་སྐར་བསུ། 恭祝貝扎法王堪欽喇嘛仁波切生日快樂 BIRTHDAY WISHES FOR H.H.KHENCHEN LAMA RINPOCHE LONG LIFE PRAYER BY RIGDZIN NAMKHA GYATSO RINPOCHE ON 20 NOVEMBER 2023 ༄༅།།མཁན་ཆེན་ཨེ་མ་ཧོ༔་ལ་འཁྲུངས་སྐར་བསུ། ཨོྃ་སྭ་སྟི།། ཕུལ་བྱུང་མཚན་དཔེའི་ལང་ཚོའི་གཟི་བྱིན་འབར།། རྨད་བྱུང་སྐུ་གསུང་ཐུགས་རྗེས་འགྲོ་ཀུན་སྐྱོང་།། བསམ་བྱུང་ཤེས་རབ་ཀློང་རྡོལ་ཨེ་མ་ཧོ།། འཁྲུངས་སྐར་རྒྱལ་ཀུན་དགྱེས་པའི་རྟེན་དུ་བསུ།། ༢༠༢༣/༡༡/༢༠ / ཞོགས་པ་ཐོ་རངས་ཀྱི་ཆ་ལ་མཁན་ཆེན་ཨེ་མ་ཧོའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བའི་ཆེད་དུ་གྲོགས་རིག་འཛིན་གྲུབ་པ་མཐར་ཕྱིན་ནས་རང་གནས་རིག་འཛིན་ཆོས་འཁོར་གླིང་ནས་རང་ཕྱག་བསམ་གཏན་རང་འཁོར་ནས་གསོལ་བ་བཏབ་པའོ།། །།