• May 2024

    ༈ གུ་རུ་རིན་པོ་ཆེའི་ཚེས་བཅུའི་རྣམ་ཐར་གསོལ་འདེབས་བྱིན་རླབས་ཐིག་ལེ་ཞེས་བྱ་བ་ནི།

    ༈ གུ་རུ་རིན་པོ་ཆེའི་ཚེས་བཅུའི་རྣམ་ཐར་གསོལ་འདེབས་བྱིན་རླབས་ཐིག་ལེ་ཞེས་བྱ་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སངས་རྒྱས་སྣང་བ་མཐའ་ཡས་སྐུ་ལས་སྤྲུལ། །འགྲོ་འདུལ་སྤྱན་རས་གཟིགས་དབང་གསུང་གི་འོད། །རྒྱལ་སྲས་ཀུན་གྱི་ཐུགས་ཀྱི་གསང་བ་འཛིན། ། གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས། །གདོད་ནས་རང་བྱུང་མགོན་པོ་བདེ་བ་ཆེ། །སྲིདཞིའི་ཁྱབ་བདག་ཀུན་བཟང་གསང་བ་འདུས། །ཐོད་ཕྲེང་རྩལ་འཆང་ལོངས་སྤྱོད་ཡོངས་རྫོགས་སྐུ། ། སྤྲུལ་བསྒྱུར་བསམ་ཡས་འགྱེད་ལ་གསོལ་བ་འདེབས། །དུས་ཆེན་བཅུ་གཉིས་ཡར་ངོའི་ཚེས་བཅུ་ལ། །རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་སྐུས། །ཡན་ལག་བཅུ་གཉིས་གསུང་རབ་ཆོས་འཁོར་བསྐོར། །བདེ་དོན་བཅུ་གཉིས་ཐུགས་རྗེའི་ཡེ་ཤེས་རྒྱས། །མཚན་གྱི་རྣམ་གྲངས་ངོ་མཚར་བཅུ་གཉིས་གྲགས། ། རྨད་བྱུང་མཛད་པ་ཆེན་པོ་བཅུ་གཉིས་བསྟན། །དངོས་གྲུབ་བཅུ་གཉིས་བསྐལ་པ་བཞིན་དུ་སྩོལ། །རྣམ་ཐར་རྗེས་སུ་དྲན་པས་གསོལ་བ་འདེབས། །སྤྲེལ་ཟླའི་ཚེས་བཅུར་དྷ་ན་ཀོ་ཤའི་མཚོར། །ངོ་མཚར་རང་བྱུང་པདྨའི་སྙིང་པོར་འཁྲུངས། །མཚོ་གླིང་མཁའ་འགྲོ་རྣམས་ལ་ཆོས་འཁོར་བསྐོར། །གུ་རུ་མཚོ་སྐྱེས་རྡོ་རྗེར་གསོལ་བ་འདེབས། །ནད་གདོན་བགེགས་དང་འགལ་རྐྱེན་བར་ཆད་ཞི། །ཚེ་བསོད་དཔལ་རྒྱས་ཉམས་རྟོགས་མངོན་ཤེས་འཆར། །གུ་རུའི་ཞལ་མཐོང་ཆོས་ཐོས་དཔལ་གྱི་རིར། ། སྐྱེས་ནས་ཐུགས་ཀྱི་སྲས་འགྱུར་བྱིན་གྱིས་རློབས། །སྟག་ཟླའི་ཚེས་བཅུར་ཨོ་རྒྱན་རྒྱལ་སར་ ཕེབས། །ཨིནྡྲ་བྷཱུ་ཏིའི་སྲས་ཀྱི་སྐལ་བར་མཛད། །འོད་འཆང་ཁབ་བཞེས་འཁོར་ལོས་སྒྱུར་རྒྱལ་གྱུར། །གུ་རུ་པདྨ་རྒྱལ་པོར་གསོལ་བ་འདེབས། །གཟི་བརྗིད་སྟོབས་རྒྱས་ནད་རིགས་འབྱུང་འཁྲུག་ཞི། །དབང་ལྔ་ལས་རུང་ཡིད་བདེ་སྤོབས་པ་མྱུར། །མི་དང་མི་མིན་རླུང་སེམས་དབང་དུ་འདུས། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས།…

  • May 2024

    ༄༅།།གླིང་སྤྱི་དཔོན་དཔེ་མཛོད་ཁང་།།

    ༄༅།།གླིང་སྤྱི་དཔོན་དཔེ་མཛོད་ཁང་།། ཨེ་མ་ཧོ༔ སྙིང་རྗེ་ཆེན་པོས་རིང་ལུགས་སྲོག་བཞིན་འཛིན།། ཤེས་རབ་ཆེན་པོས་འཁོར་འདས་རིག་མཛོད་སྐྱོང་།། རྫོགས་པ་ཆེན་པོས་བསྟན་པ་ཡང་དག་སྤེལ།། ཨེ་ཝྃ་རིག་པའི་གླིང་ཀར་རྒྱལ་གྱུར་ཅིག། ཤྲཱིཿ གླིང་པས་སོ།། 19/5/2024

  • May 2024

    དགའ་སྟོན་ཆོས་ཀྱི་མཎྜལ།།

    དགའ་སྟོན་ཆོས་ཀྱི་མཎྜལ།།ཨོྃ་ཨཱཿ ཧཱུྃ་ཧྲཱིཿ །།ཕྱོགས་དུས་རྒྱལ་བའི་སྔགས་དང་ཕྱག་རྒྱ་ཀུན།།ཀུན་འདུས་གུ་རུ་ཡིད་བཞིན་ནོར་བུའི་དཔལ།།དཔལ་ཡོན་ཕྲིན་ལས་ཀུན་ཁྱབ་འཁོར་འདས་ཆོས།།ཆོས་བཞིན་བསམ་པ་ལྷུན་གྲུབ་བཀྲ་ཤིས་ཤོག།ཨོྃ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།།——ཤྲཱིཿ གླིང་པས་སོ།།16/5/2024དེ་རིང་འདིར་མཁའ་འགྲོ་ཡིད་བཞིན་ནོར་བུ་ཚུལ་ཁྲིམས་དབང་མོ་མཆོག་གིས་ཆོས་སྒར་ཆེན་མོ་ནས་ཐུགས་སྨོན་རོགས་དན་དང་མཁན་པོ་འོད་གསལ་མཐའ་ཡས་རྡོ་རྗེ་ལྷུན་གྲུབ་མཆོག་གིས་དག་པའི་ལྷ་བརྒྱ་མ་ལེགས་གྲུབ་དང་། སྐྱེན་པོ་དགོན་པའི་ལས་ཐོག་མཁན་པོ་ལོ་སྐྱབས་མཆོག་གིས་རྒྱ་ནག་རི་བོ་རྩེ་ལྔ་ནས་འཇའ་གུར་སྒོམ་ཐག་བཅས་དྲང་སྲོང་བདེན་སྨོན་དང་ཆོས་གྲོགས་དང་མཁའ་འགྲོ་མ་ཡོངས་ནས་དབང་སྡུད་གསོལ་འདེབས་དགེ་སྒྲུབ་དང་། སྙིང་ཉེ་བའི་དགུང་གྲངས་གོ་བདུན་ལ་སོན་པའི་ཆོས་རྗེ་དམ་པས་ཐུགས་བརྩེ་དང་ཡེ་ཤེས་བླ་མའི་བཀའ་ཞུ་བ་ལ་དུང་ལེན་དང་བརྟན་བཞུགས་འབུལ་བ་སོགས་དགེ་རྩ་བླ་མེད་དུ་གྲུབ། དགེ་རྩ་རྫོགས་བྱང་ལ་བསྔོས། ཨེ་མ་ཧོསDiamond of Vajra:A Long Life Prayer for the Venerable Elder Chao Khun Phratep Siddhivides of Wat Ananda Metyarama Thai Buddhist Temple༸ཆོས་སྟོན་ཀློང་པོ་ཆོས་ཀུན་ཀྱི་ཞབས་བརྟན་རྡོ་རྗེའི་ཕ་ལམ་བཞུགས་སོ།(chos ston lkong po chos kun kyi zhabs brtan rdo rje’i pha…

  • May 2024

    བདེན་ཚིག་མྱུར་བྱོན་གསོལ་འདེབས།

    བདེན་ཚིག་མྱུར་བྱོན་གསོལ་འདེབས། ཨོྃ་སྭཱ་སྟི། དཀོན༵་མཆོག༵་རྩ་གསུམ་རྒྱལ་བའི་ཐུགས་རྗེ་དང་།། སྨོན༵་ལམ༵་བདེན་ཚིག་གྲུབ་པའི་རྟེན་འབྲེལ་གྱིས།། མཁན་ཆེན་དམ་པ་སླར་ཡང་གདུལ་བྱའི་ངོར།། དགོངས་བཞིན་མཛད་པར་སྐྱོང་ལ་མྱུར་བྱོན་གསོལ།། ཞེས་པ་འདི་ཡང་རབ་གནས་ཤིང་འབྲུག་ས་ག་ཟླ་བའི་ཡར་ཚེས་བརྒྱད་ལ་དེ་ཡང་འདིར་ནང་ཆོས་འདུལ་འཛིན་བྱེ་བའི་གཙུག་རྒྱན་༸སྐྱབས་རྗེ་མཁན་རིན་པོ་ཆེ་དཀོན་མཆོག་སྨོན་ལམ་མཆོག་ཉེ་ཆར་བལ་ཡུལ་ཨོ་རྒྱན་གླིང་དགོན་དུ་ཞོགས་པ་ཕྱག་ཚོད་9am ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་ཚུལ་བསྟན་པ་ཡིད་སྐྱོ་བའི་གནས་ཚུས་ཐོས་པ་ནི་བསྟན་པ་སྤྱི་བྱེ་ལ་གྱོང་གུད་ཆེ་བ་དང་སེམས་སྡུག་གི་གནས་ཡིན་པ་གོར་མ་ཆག། ལྟ་མཆོག་ཉིད་ཐུགས་དམ་ངང་ལ་བཞུགས་ཡོད་ཚུལ་ཐོས། དམ་པ་མཆོག་གི་ས་ལམ་གྱི་བར་ཆད་རྨིང་མེད་དུ་ཞི་ཞིང་ཐུགས་དགོངས་ཟབ་རྒྱས་མྱུར་འགྲུབ་པའི་སྨོན་འདུན་བཅས་ཕྲན་དོན་གྲུབ་ནས་ཕུལ།། ཞེས་པ་མཇལ་བའི་མོད་ལ་ཨེ་མ་ཧོས་ཤྲཱིཿ ཨེ་ཝྃ་དཔེ་མཛོད་ཁང་ནས་རྗེས་འཇུག་ཡོངས་ལ་མྱ་ངན་གདུང་སེལ་དང་དམ་པ་མྱུར་བྱོན་དུ་སྨོན་པར་དགེའོ།། །།

  • May 2024

    ཨེ་མ་ཧོ་མཁྱེན་ནོ།

    ཨེ་མ་ཧོ་མཁྱེན་ནོ། རྗེ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ།། རྡོ་རྗེ་འཛིན་པའི་ངོ་བོ་ཉིད།། དཀོན་མཆོག་གསུམ་གྱི་རྩ་བ་སྟེ།། རྩ་བའི་བླ་མ་ལ་གུས་ཕྱག་འཚལ།། བླ་མའི་སྐུ་ནི་རྡོ་རྗེ་སྐུ།། མཛེས་ཤིང་ལྟ་བས་ཆོག་མི་ཤེས།། བསམ་གྱིས་མ་ཁྱབ་ཡོན་ཏན་ལྡན།། བླ་མའི་སྐུ་ལ་ཕྱག་འཚལ་བསྟོད།། བླ་མའི་གསུང་ནི་ཚངས་པའི་དབྱངས།། འགགས་མེད་སེང་གེའི་སྒྲ་དང་ལྡན།། མུ་སྟེགས་ལོག་ལྟ་འཇོགས་མཛད་པ།། བླ་མའི་གསུང་ལ་ཕྱག་འཚལ་བསྟོད།། བླ་མའི་ཐུགས་ནི་ནམ་མཁའ་འདྲ།། བདེ་གསལ་མི་རྟོག་སྟོང་པའི་ངང་།། རྣམ་ཐར་གསུམ་ལ་ལེགས་གནས་པ།། བླ་མའི་ཐུགས་ལ་ཕྱག་འཚལ་བསྟོད།། བླ་མ་དཔལ་ཆེན་དགྱེས་པ་རྩལ།། རྡོ་རྗེ་འཆང་ཆེན་ཀུན་ཏུ་བཟང་།། རིགས་ཀུན་ཁྱབ་བདག་ཨེ་མ་ཧོ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས།། མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ།། ཨོྃ་ཤྲཱིཿ བཛྲ་ཧཱུྃ༔ མ་ཧཱ་སུ་ཁ་ཤྲཱིཿ དྷེ་ཝིས་ངོས་ཤྲཱིཿ གླིང་པས་སོ།། 15/5/2024

  • May 2024

    ༄༅།།ཡུལ་གངས་ཅན་ལྗོངས་ཀྱི་སྙིང་གྲོགས་དམ་པ་

    ༄༅།།ཡུལ་གངས་ཅན་ལྗོངས་ཀྱི་སྙིང་གྲོགས་དམ་པ་ བླ་མ་བསམ་གྲུབ་ལ་སྤྲིངས་ཡིག་གེ་སར་མེ་ཏོག་ ཅེས་བྱ་བ་བཞུགས་སོ།། ཨེ་མ་ཧོ་ཨ་ལ་ལ་ཧོ།། ༼༡༽ མཐོ་པོ་རི་གངས་ལྗོངས་ལུང་པ་ནས།། ཆེན་པོ་ཡི་མིང་ལ་མི་རེ་འཁན།། གྲོགས་པོ་ཁྱེད་སྙིང་གི་ནོར་བུ་ལགས།། རྒན་པོ་ངས་སེམས་ནས་བརྗེད་མེད་ལགས།། ༼༢༽ ཨ་མ་ཡི་ཉི་མ་འཆར་ཉིན་མོ།། ཨ་ལགས་རྗེ་སྨན་ཁང་མཆིས་ན་ཡང་།། ཨ་བུ་ངར་སྙིང་གཏམ་ཞལ་པར་གནང་།། ཨ་ལ་ལ་གནང་སྦྱིན་དཔག་མེད་མཛད།། ༼༣༽ ཧ་ཅང་གི་ས་ཐག་རིང་ན་ཡང་།། ས་མཐའ་ལ་དགོངས་པས་ལེགས་གཟིགས་ནས།། ཤ་ཞེན་གྱི་བདེན་ཚིག་བསླུ་མེད་ཀུན།། ལ་རྒྱ་ཅན་དམ་ཚིག་འགྱུར་མེད་ལགས།། ༼༤༽ ར་རུ་ཡི་རྣམ་པ་རབ་ཏུ་དབེན།། ཡ་རབ་ཀྱི་གཤིས་ཀ་ཡིད་དུ་འོང་།། འ་ཅག་ཀུན་མཐུན་ལམ་ཟབ་རྒྱས་འབྲེལ།། ཟ་ཧོར་གྱི་བླ་བརྒྱུད་རྣལ་འབྱོར་དངོས།། ༼༥༽ ཞྭ་དམར་གྱི་བསྟན་པ་སྙིང་ལས་གཅེས།། ཝ་ལེར་ངང་བླ་མའི་བཀའ་བཞིན་སྒྲུབ།། ཛ་ཡ་ཉིད་བཀའ་གཏེར་མཛོད་ལ་དབང་།། ཚ་བཟང་བཞིན་བྲོ་བ་མཆོག་ཏུ་མངའ།། ༼༦༽ ཙྭ་རི་སོགས་གནས་བསྐོར་ཚུལ་བཞིན་མཛད།། མ་ལུས་པའི་འགྲོ་བར་རྟག་ཏུ་བྱམས།། བཛྲ་ཡི་ཐེག་པར་བྱང་ཆུབ་བདག། ཕ་བཟང་གི་བུ་ལ་ལྟ་སྤྱོད་བཟང་།། ༼༧༽ པ་སངས་བཞིན་ལྷག་བསམ་དུང་ལས་དཀར།། ཉ་གང་བཞིན་བྱང་སེམས་བདག་ཉིད་རྗེ།། ཇ་ཆང་གི་ཚོགས་འཁོར་དག་པས་བསྐོར།། ཆ་ལུགས་ཀུན་ཀུན་བཟང་སྤྱོད་པར་དགྱེས།། ༼༨༽…