དེ་རིང་ལྷ་བབས་དུས་ཆེན་དང་གནས་ཞི་བདེའི་མཆོད་རྟེན། ཆོས་ཨེ་ཝཾ་སྨོན་ལམ་ཆེན་མོ། འཁོར་དགེ་འདུན་སྡེ་བཞི་སྡེ་འཛོམས་ས་ནས། ངས་འདི་ནས་ཡུ་རོབ་སི་ལོ་ཝི་ནི་ཡིའི་དྲག་རྩལ་གྱི་དམག་དཔོན་ཞིག་རབ་ཏུ་བྱུང་ནས་ད་ཕྱིན་མུ་འཐུད་དེ་ཨེ་ཝཾ་གེ་སར་དགོན་དུ་བློ་ལྡོག་རྣམ་བཞི་ནས་སྔོན་འགྲོ་སངས་རྒྱས་སྙིང་པོ་ཉམས་སུ་བཞེས་ནས་་་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་བར་དོ་དྲུག་ཁྲིད། རྫོགས་པ་ཆེན་པོ་ཡེ་ཤེས་བླ་མའི་ཁྲིད་ཚན་རྣམ་རིམ་གྱིས་སྒྲུབ་པར་ཁས་བླངས་པ་ནི་ནང་ཆོས་སྤྱིའི་གཟི་བརྗིད་ཅིག་ཅིས་ཕྱིར་མིན། བྱིས་པ་བསམ་མེད་ཁག་ཅིག་འགྲིམ་སྟོན་གྱི་རབ་བྱུང་དང་གཏན་ནས་མི་འདྲ་བ་ངེས་འབྱུང་རྣལ་མས་ཕྱུག་པའི་མི་རྒོད་ཁོང་ལ་ཡི་རང་དང་ཚེ་ཆོས་མཐར་ཕྱིན་ཏུ་སྨོན་ནོ།། ཨེ་མ་ཧོས་་་་་་
ཕུབ་རྡོ་རྗེ་ལ་གདམས་པ་སྙིང་གི་ཏི་ལ་ཀ། དང་པོ་དག་པའི་རྣམ་རྟོག་ཇི་ཙམ་ཤར་ན་ཡང་ཡང་གོམས་དགོས། མ་དག་པ་དེ་ལ་དགག་སྒྲུབ་དང་བཅས་བཅོས་རེ་དོགས་མི་བྱ་བར་བཞག་ན་རང་བཞིན་གྱིས་དྭངས་འགྲོ། སྣང་སྲིད་དག་པ་ཆོས་སྐུའི་ཡེ་ཤེས་ཀྱི་རང་རྩལ་ནི་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་རང་ཤར་རང་གྲོལ་དུ་ངོ་ཤེས་པར་བྱ་དགོས་པར་ཤྲཱིཿསེངྷའི་གདམས་པ་ཡིན། ཡུལ་སྣང་སྣ་ཚོགས་སུ་འཆར་ནའང་ཆགས་མེད་ཞེན་མེད་ཀྱིས་སྤྱོད་པ་བླང་དོར་ཆུ་ལ་རི་མོ་འབྲི་བ་ལྟར་རྗེས་མེད་དུ་སྤྱད་ཤེས་པ་དགོས་པ་ནི་བུདྡྷ་ཛྙཱ་ནའི་དགོངས་པ་ཡིན། བླ་མ་རང་སེམས་སུ་ངོ་ཤེས་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པས་སྣང་སྲིད་བླ་མར་ཤར་བའི་མོས་གུས་ལ་བརྩོན་དགོས་པ་ནི་པདྨ་འབྱུང་གནས་དགོངས་པ་ཡིན། སྣང་བ་སེམས་སུ་ངོ་ཤེས། སེམས་ཉིད་སྟོང་པར་ངོ་ཤེས་ན་འཁོར་འདས་སྤང་བླང་བྲལ་བ་སྟན་ཐོག་གཅིག་ཏུ་སངས་རྒྱས་པའི་གདམས་ངག་ཐོབ་པ་ཡིན། སྟོང་པ་ཉིད་དེས་ངང་ནས་བྱམས་སྙིང་རྗེ་བྱང་བྱང་ཆུབ་ཚད་མེད་པས་མཐའ་ཡས་པའི་འགྲོ་བ་འདི་དག་བདག་ཉིད་གཅིག་པུས་བྱང་ཆུབ་མཆོག་ལ་འགོད་ནུས་པའི་སེམས་ཆེན་པོ་བསྐྱེད་པ་རྒྱུད་ལ་འབྱོར་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ།། ཤྲཱིས་སོ།
མི་རུ་སྐྱེས་ནས་མི་ཡི་དོན་གོ་ཆོད།།དགེ་རྒན་བཟང་བོའི་བྱིན་རླབས་ཉི་བཞིན་གསལ།།གྲུབ་འབྲས་བླ་མེད་ཀུན་གྱིས་བསྟོད་བསྔགས་བྱེད།།འདུན་ལམ་ཡག་པོའི་འོད་སྣང་ཕྱོགས་ཀུན་འཕྲོས།། ཨེ་ཝཾ་ལས་རིག་ལག་རྩལ་ཚང་གི་ཆེས་བཟང་བའི་སློབ་མ་རྣམས་ཀྱི་ལྷ་རིས་རི་མོ་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མཁན་རྣམས་ལ་རྟེན་འབྲེལ་ཞུ། ལྷ་རིས་འཛིན་གྲྭ་གོང་མའི་ཨང་དང་པོ་པ་སངས་དབང་མོ་ལ།བྱ་དགའི་རྟེན་འབྲེལ་ཞུ་མཚོན་ཙམ་དུ། དམངས་སྒོར། 500གཉིས་པ་མུན་སྒྲོན་ལ། བྱ་དགའི་རྟེན་འབྲེལ་ཞུ་མཚོན་ཙམ་དུ།དམངས་སྒོར། 300གསུམ་པ་འབྲུག་སྐྱིད་ལ། བྱ་དགའི་རྟེན་འབྲེལ་ཞུ་མཚོན་ཙམ་དུ།དམངས་སྒོར། 200 འཛིན་གྲྭ་འོག་མའི་ཨང་དང་པོ་མཁྱེན་རབ་ཆོས་འཕེལ་ལ། བྱ་དགའི་རྟེན་འབྲེལ་ཞུ་མཚོན་ཙམ་དུ། དམངས་སྒོར། 500གཉིས་པ་སྐལ་བཟང་བསྟན་འཛིན་ལ། བྱ་དགའི་རྟེན་འབྲེལ་ཞུ་མཚོན་ཙམ་དུ། དམངས་སྒོར། 300གསུམ་པ་འཆི་མེད་སྒྲོལ་མ་ལ། བྱ་དགའི་རྟེན་འབྲེལ་ཞུ་མཚོན་ཙམ་དུ། དམངས་སྒོར། 200 བཀྲ་ཤིས་དོན་ཀུན་འགྲུབ།།ཁ་དགེ་རླུང་རྟ་དར།།བསམ་དོན་ཡིད་བཞིན་འགྲུབ།།ཕྱོགས་ཀུན་ཕུན་ཚོགས་ཤོག། གཙང་སྤྲུལ་བས་རྟེན་འབྲེལ་ཞུ་མཚོན་ཙམ་དུ་ཕུལ་བ་སྨོན་དོན་འགྲུབ་ཤོག 🎉🎉🎉🎉
ཁྱེད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།Happy Birthday to H.H. Khenchen Lama Rinpoche恭祝貝扎法王࿇堪欽喇嘛仁波切生辰快樂 🎁🎉🎈🎊🎂🧃🌈🌺🌞🌝🌸🌼🌻🌹🌷💐༄༅།།ཨེ་མ་ཧོ་རིན་པོ་ཆེའི་ཞབས་བརྟན་བྱ་རྒྱལ་ཁྱུང་གི་གཙུག་ཏོར།།Uṣṇīṣa of the Garuḍa, King of Birds:A Long Life Prayer for Émaho Rinpoché(Khenchen Lama Pelgyeypa Dorjé Rinpoché)貝扎法王堪欽喇嘛仁波切長壽祈請文-佛頂金翅鳥之王 ཨོཾ་སྭཱ་སྟི་ཨེ་མ་ཧོ།།OṂ SVĀSTI EMAHO!願加持!奇也哉! པདྨའི་རྒྱལ་ཚབ་དྲག་སྔགས་གླིང་པ་ཡི།།PAY-MA’Y GYEL-TS’AP DRAK-NGAK LING-PA YIThe regent of Padmasambhava, Drak-ngak Lingpa,蓮師委託攝政之主猛咒州 ཡེ་ཤེས་སྒྱུ་འཕྲུལ་རྫོགས་ཆེན་དུས་ཀྱི་འཁོར།།YÉ-SHEY GYUN-T’RUL DZOK-CH’EN…
༄༅།།ཀུན་བཟང་ཌཱ་ཀི་དགྱེས་པའི་གླུ་དབྱངས་དྲི་ཟའི་སྒྲ་སྙན།ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།ཀ་དག་པདྨའི་སྒྱུ་འཕྲུལ་དཀྱིལ་འཁོར་གྱི་དབུས་ན།།ལྷུན་གྲུབ་རྡོ་རྗེའི་འོད་གསལ་ཡེ་ཤེས་ཀྱི་རྒྱལ་པོ།།དབྱེར་མེད་ཧེ་རུ་ཀ་དཔལ་སྟོན་འཁོར་གྱི་ཚོགས་དང།།རིག་འཛིན་དཔའ་བོ་མཁའ་འགྲོ་ཚོགས་གྲལ་ལ་ཕེབས་ཤོག།ལྟ་བ་སྟོང་ཉིད་དབྱིངས་ཀྱི་དགའ་མ་ལ་འགྲོགས་ནས།།སྒོམ་པ་སྣང་སྲིད་ཐབས་ཀྱི་དགའ་བཞི་ལ་རྩེན་པས།།སྤྱོད་པ་ཟུང་འཇུག་མཉམ་སྦྱོར་མཁའ་གསང་གི་དབུས་ནས།།འབྲས་བུ་སངས་རྒྱས་ཡེ་ཤེས་མཆོག་སྤྲུལ་ཅིག་སྐྱེད་ཡ།།འདིར་ཚོགས་རྡོ་རྗེའི་མཆེད་ལྕམ་གྱི་རིག་འཛིན་ནི་ཕོ་མོ།།བསྐྱེད་རྫོགས་རྫོགས་ཆེན་བསྒོམ་པའི་གསེང་ལམ་ཀུན་རྟོགས་ཏེ།།ནམ་ཡང་འབྲལ་མེད་བདེ་ཆེན་ཕྱག་རྒྱ་ཡི་ངང་ནས།།དཀྱིལ་འཁོར་གཅིག་ཏུ་མངོན་སངས་རྒྱས་པར་རང་སྨོན་ནོ།།ཨེ་མ་ཧོ་ཤྲཱིཿམ་ཧཱ་སུ་ཁ་ཨ་ལ་ལ་ཧོ།ཅེས་ལ་འདི་ཡང་རབ་རྒྱན་ས་ཁྱིའི་ལྷ་བབ་ཟླ་བའི་མཁའ་འགྲོའི་དུས་ཆེན་ལ་གང་ཤར་ལྷ་སྣང་དག་པ་ཤྲཱིཿཨེ་མ་ཧོས་ཨེ་ཝཾ་པདྨ་མཁའ་འགྲོའི་གླིང་དུ་བགྱིས་པར་དགེའོ།།
རྙིང་མ་བའི་གྲུབ་མཐའ་ཇི་ལྟར་བྱུང་ཚུལ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་སོགས་ཀྱི་གདམས་པ་རྒྱ་ཆེར་གསུངས་ཤིང་ཉམས་སུ་ལེན་པ་ཡང་མང་དུ་བྱུང་སྟེ། བོད་ཁམས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་ཤིང་ཡིག་དྲུག་བཟླ་བ་འདི་ཐོག་མར་འདི་ནས་དར། དེ་དུས་རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང༌། བྲམ་ཟེ་ཤམ་ཀ་ར། བལ་པོའི་སློབ་དཔོན་ཤྲི་ལ་མཉྫུ་སོགས་སྤྱན་དྲངས་ནས་རྒྱུད་ཀྱི་ཆ་ལག་མང་དུ་བསྒྱུར་ཞེས་ཀ་ཁོལ་མར་འབྱུང༌། དེ་ནས་མི་རབས་ལྔ་ན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་པཎྜི་ཏ་ཆེན་པོ་ཤཱནྟ་རཀྵི་ཏ་སྤྱན་དྲངས། མཁན་པོས་དགེ་བ་བཅུ་དང༌། ཁམས་བཅོ་བརྒྱད་ལ་བརྟེན་པའི་ཆོས་གསུངས་ཤིང་ཡན་ལག་བརྒྱད་པའི་ཁྲིམས་ཕོག་པས་ཡུལ་ལྷ་མཐུ་བོ་“ཆེ་རྣམས་མ་དགའ་བར་གཉན་ཆེན་ཐང་ལྷས་དམར་པོ་རི་ལ་ཐོག་ཕབ། ཡར་ལྷ་ཤམ་པོས་ཡར་ཀླུང་ཕང་ཐང་གི་ཕོ་བྲང་ཆུ་ལ་བསྐུར། བསྟན་མ་བཅུ་གཉིས་ཀྱིས་མི་ནད་ཕྱུགས་ནད་མང་དུ་བཏང་བ་ལ། མཁན་པོས་ཐོག་མར་བོད་ཀྱི་ལྷ་སྲིན་མ་རུངས་པ་རྣམས་འདུལ་དགོས་པ་འདུག་པས། སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་གསུངས་པ་བཞིན་རྒྱལ་པོས་ཕོ་ཉ་བ་མངགས་པས། སློབ་དཔོན་གྱིས་མངོན་པར་ཤེས་པས་མཁྱེན་ནས་རྒྱ་གར་ནས་ཚུར་བྱོན་པ་དང་ལམ་དུ་མཇལ་ཏེ་བོད་དུ་གདན་དྲངས། ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། ནམ་མཁའ་ལ་རྡོ་རྗེའི་འགྲོས་དང་བཅས་ཏེ་ས་འདུལ་མཛད་ནས་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། རྗེ་དང་འབངས་ཉེར་ལྔ་སོགས་སྣོད་ལྡན་མང་པོར་ཡོ་ག་རྣམ་པ་གསུམ་གྱིས་སྨིན་གྲོལ་ལ་བཀོད་པས་གྲུབ་ཐོབ་མང་པོ་བྱུང་སྟེ།ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས། །སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་བུ་འདེབས། །རྒྱལ་བ་མཆོག་དབྱངས་རྟ་སྐད་ཐེངས་གསུམ་ཐོན། །མཁར་ཆེན་མཚོ་རྒྱལ་བསད་པའི་མི་རོ་སློངས། །དཔལ་གྱི་ཡེ་ཤེས་མ་མོ་མངོན་སུམ་འཁོལ། །དཔལ་གྱི་སེང་གེ་ལྷ་སྲིན་བྲན་དུ་འཁོལ། །བཻ་རོ་ཙ་ན་ཡེ་ཤེས་སྤྱན་དང་ལྡན། །མངའ་བདག་རྒྱལ་པོ་འཇིག་རྟེན་མི་གཡོ་གྲུབ། །གཡུ་སྒྲ་སྙིང་པོ་རྟོགས་པའི་མཆོག་དང་ལྡན། །ཛྙཱ་ན་ཀུ་མཱར་ནི་རྫུ་འཕྲུལ་སྟོན། །རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་པ་མེད། །ཡེ་ཤེས་དབྱངས་ནི་མཁའ་སྤྱོད་གནས་སུ་གཤེགས། །སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་འཛིན། །སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་ལྡིང༌། །དཔལ་གྱི་དབང་ཕྱུག་ཕུར་པ་གདངས་ཚད་འགུམ། །ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། །སྐ་བ་དཔལ་བརྩེགས་གཞན་གྱི་སེམས་རྣམས་ཤེས། །ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་ལྡོག །རྒྱལ་བའི་བློ་གྲོས་རོ་ལངས་གསེར་དུ་བསྒྱུར། །ཁྱེའུ་ཆུང་ལོ་ཡིས་ནམ་མཁའི་བྱ་རྣམས་ཟིན། །དྲན་པ་ནམ་མཁས་བྱང་ནས་གཡག་རྒོད་ཁུག །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཛུལ། །རྨ་ཐོག་རིན་ཆེན་ཕ་བོང་ཟས་སུ་ཟ།…