སྐུ་ཚེ་བརྟན་སྨོན་རྟེན་འབྲེལ་རྡོ་རྗེ།།
ན་མོ་གུ་རུ་པདྨ་ཨ་ཡུར་ཡེ།།
མཚན་དཔེ་སྐུ་ལ་ལང་འཚོ་ངང་གིས་བརྟས།།
ཚངས་དབྱངས་ཟབ་རྒྱས་དམ་ཆོས་གཏེར་ལ་དབང་།།
ཐབས་མཁས་ཐུགས་རྗེ་པ༵དྨ༵འི་བཀའ་གཏེར་འཛིན།།
དམ་བརྩེ་བདུད་རྩིའི་ཚེ་གཡང༵་ཀུན་འཛོམས༵་ཤོག།
རྟེན་འབྲེལ་དང་དད་དམ་ཟབ་པས་དགེ་མཚན་དང་བསྟན་འགྲོར་སྨན་ཕྱིར་ཨེ་མ་ཧོས་སྨོན་པར་དགེའོ།།