March 2020

༄།།འཕགས་མ་རིག་པའི་རྒྱལ་མོ་ལོ་གྱོན་མའི་སྒྲུབས་ཐབས་སྨན་མཆོག་དགའ་ཚལ་ཞེས་བྱ་བ་བཞུགས་སོ།།
聖明葉衣佛母修持法
《妙藥喜苑》
ན་མོ་གུ་རུ། །
頂禮上師
མཚན་ཙམ་ཐོས་པས་རིམས་ལས་གྲོལ།།
僅聞名號免瘟疫
རིག་སྔགས་བཟླས་པས་འཇིགས་བརྒྱད་སེལ།།
持誦明咒除八難
དད་པས་བསྙེན་པ་བདག་ཅག་ལ།།
以信念修故我等
བདེན་པ་ཆེན་པོས་བྱིན་གྱིས་རློབས།།
大真諦力予加持
མཁའ་ཁྱབ་ཡེ་ཤེས་འཁོར་ལོར་མོས་པའི་ངང་ནས།
觀想遍虛空之智慧壇城,爾後
སྐྱབས་སེམས་ནི། །
皈依發心
ན་མོ་བླ་མ་མཆོག་གསུམ་འཕགས་མ་ལོ་གྱོན་མར།།
頂禮上師三寶聖母葉衣母
སྐྱབས་སུ་མཆིའོ་འགྲོ་ཀུན་འཇིགས་ལས་སྒྲོལ།།
皈依故爾諸眾離怖畏
དབང་མེད་འཁོར་བར་འཁྱམ་པའི་འགྲོ་བ་ཀུན། །
被迫漂流輪回諸眾生
དབུགས་དབྱུང་བྱང་ཆུབ་འགོད་པར་སེམས་བསྐྱེད་དོ།།
發心安置歇息菩提果
ལྷ་བསྐྱེད་པ་ནི། །
生起本尊
ཨཿ འཇིགས་ཀུན་གདོད་ནས་སྟོང་པའི་སྤྲོས་བྲལ་ངང་།།
阿 怖皆本來空性離戲中
རང་བྱུང་འོད་གསལ་ལྷུན་གྲུབ་རྒྱལ་བའི་ཞིང་།།
自生光明任運佛剎土
རྡོ་རྗེའི་ཁྱུང་ཆེན་མེ་རླུང་འཚུབས་པའི་དབུས།།
金剛大鵬火風瀰漫中
རིམས་ལས་རྣམ་རྒྱལ་འཕགས་མ་ལོ་གྱོན་མ།།
戰勝瘟疫聖母葉衣母
ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་ལོངས་སྐུའི་ཆས།།
一面二臂怒笑報身裝
ཕྱག་གཡས་རྡོ་རྗེས་ནད་བདག་མཐུ་དཔུང་གཞོམ།།
右手金剛毀病主盟軍
གཡོན་པའི་ཚེ་བུམ་བདུད་རྩིས་རིམས་ཡམ་བཀྲུ།།
左手壽瓶甘露洗瘟疫
ཞབས་ཟུང་རོལ་སྟབས་པད་ཉིའི་སྟེང་དུ་བཞུགས།།
雙足戲姿立於蓮日上
སྤྱི་བོར་གཤིན་རྗེ་མགྲིན་པར་རྟ་མགྲིན་དཔལ།།
頂門閻魔敵喉間馬鳴
སྙིང་གར་གསང་བདག་ལྟེ་བར་སྒྲོལ་མ་དཀར།།
心間密主臍間白度母
གསང་བར་ཆོས་འབྱུང་མ་ཅིག་རེ་མ་ཏི།།
密處法源獨母瑞瑪德
ཀུན་ཀྱང་རྔམ་བརྗིད་འོད་དཔུང་འབར་དབུས་བཞུགས།།
悉皆安住赫赫熾光蘊
སྤྱི་བོར་བླ་མ་ཀུན་འདུས་པདྨ་འབྱུང་།།
頂處上師總集蓮花生
ཚེ་དཔག་མེད་མགོན་རྣམ་པར་བྱིན་ཐིབས་སེ།།
長壽怙主相籠罩加持
སྙིང་དབུས་རྡོ་རྗེའི་ལྟེ་བར་ཧཱུཾ་མཐིང་མཐར།།
心間金剛杵中藍吽邊
རིགས་སྔགས་མེ་དཔུང་འོད་ཟེར་འབར་བ་འཕྲོས།།
明咒射出火聚燦爛光
རྡོ་རྗེའི་ཁྱུང་ཆེན་ཁྲོཾ་སྒྲ་དི་རི་རི།།
金剛大鵬衝聲德日日
ཉི་ཟེར་རྡུལ་ལྟར་སྣང་སྲིད་འཁོར་འདས་གང་།།
日光塵般凡現有輪涅
ཀུན་རྟགས་གཞན་དབང་ལས་བྱུང་ནད་གདོན་གྲིབ།།
遍計依他所生病魔障
སྦལ་སྦྲུལ་སྡིག་པའི་གཟུགས་ཅན་ལྕིབ་ལྕིབས་གསོལ།།
蛙蛇蠍子形象香香吃
འཆི་མེད་བདུད་རྩིའི་འོད་རླངས་འཇའ་སྤྲིན་འཁྲིགས།།
無死甘露彩雲光氤氳
མ་མོ་མཁའ་འགྲོ་བདེ་བ་ཆེན་པོས་མཉེས།།
瑪摩空行大樂故歡喜
གདུག་པའི་དལ་ཡམ་འཆི་གསོའི་སྨན་དུ་བསྒྱུར།།
惡傳染病轉成養命藥
སྣང་སེམས་བདེ་ཆེན་དག་པའི་ཀློང་དུ་འདྲེས།།
境心融為大樂清淨界
སྔགས་ནི།
咒語
ཨོཾ་ཁྲོཾ་པརྞ་ཤཱ་ཝ་རཱི་དྷཱི་ཧྲཱི་ཧཱུཾ་ཏཱཾ་བྷྱོ་ཕཊཿ
嗡衝 貝爾納 夏哇日 諦捨 吽當 久呸
དད་དམ་སྲོག་གི་ཕུར་ཏུ་བཟུང་། །
守持信誓命要橛
མ་ཡེངས་ཏིང་འཛིན་ལྡན་པའི་ངང་། །
具不放逸等持中
སྨྲ་བ་བཅད་དེ་སྔགས་འདི་བཟླ། །
禁止俗語誦此咒
སྙིགས་དུས་ནད་རིམས་ཞི་བར་འགྱུར། །
濁世瘟疫將平息
མཐར། །
最後
ཨོཾ་ཨཱཿཧཱུཾ། །
嗡啊吽
སྣོད་བཅུད་བདེ་ཆེན་རོལ་བར་ཤར་པས་མཆོད།།
供養所現情器大樂享
གསང་གསུམ་ཡེ་ཤེས་ཡོན་ཏན་དྲན་པས་བསྟོད།།
贊頌所憶三密智慧德
མཁའ་འགྲོའི་དལ་ཡམ་སྡེ་བརྒྱད་གདུག་པ་ཞི།།
熄滅空行瘟疫八部惡
འགྲོ་ཀུན་འཇིགས་བྲལ་ཆོས་དབྱིངས་ཀློང་གྲོལ་ཤོག། །།
諸眾離怖願解脫法界
ཅེས་པའང་རྨི་ལམ་དབང་ཕྱུག་རིག་འཛིན་ཨེ་མ་ཧོས་དགོས་པ་ཁྱད་པར་ཅན་ཡོད་ཅེས་བསྐུལ་མ་གནང་བ་ལྟར་བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་བཏབ་སྟེ་ཡིད་ལ་གང་ཤར་བཅོས་མེད་དུ་དྲི་མེད་འོད་གསལ་སྙིང་པོར་འབོད་པས་ལྕགས་བྱི་ལོ་གསར་ཚེས་ལ་བྲིས་པ་
此依夢自在者—仁增欸瑪吙說有特殊須要而勸請下,祈請上師與本尊後,稱為智美歐瑟寧波(無垢光明藏)將心中所現無造作地寫於鐵鼠新年。

Leave a Reply

Your email address will not be published. Required fields are marked *