༄༅།།ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ལ་ཉེར་གཅིག་མཚན་ལ་ཕྱག་འཚལ་ གསོལ་འདེབས་གེ་སར་ཡིད་བཞིན་ནོར་བུའི་གཟི་འོད་ཅེས་བྱ་བ་བཞུགས་སོ།།
༄༅།།ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ལ་ཉེར་གཅིག་མཚན་ལ་ཕྱག་འཚལ་ གསོལ་འདེབས་གེ་སར་ཡིད་བཞིན་ནོར་བུའི་གཟི་འོད་ཅེས་བྱ་བ་བཞུགས་སོ།། “𝐇𝐨𝐦𝐚𝐠𝐞 𝐚𝐧𝐝 𝐩𝐫𝐚𝐲𝐞𝐫𝐬 𝐭𝐨 𝐭𝐡𝐞 𝐦𝐚𝐬𝐭𝐞𝐫 𝐨𝐟 𝐎𝐠𝐲𝐞𝐧, 𝐏𝐚𝐝𝐦𝐚 𝐉𝐮𝐧𝐠𝐧𝐞 (𝐆𝐮𝐫𝐮 𝐑𝐢𝐧𝐩𝐨𝐜𝐡𝐞), 𝐢𝐧 𝐡𝐢𝐬 𝟐𝟏 𝐞𝐦𝐚𝐧𝐚𝐭𝐢𝐨𝐧𝐬. 𝐓𝐡𝐢𝐬 𝐜𝐨𝐦𝐩𝐨𝐬𝐢𝐭𝐢𝐨𝐧 𝐢𝐬 𝐞𝐧𝐭𝐢𝐭𝐥𝐞𝐝 ‘𝐓𝐡𝐞 𝐑𝐚𝐝𝐢𝐚𝐧𝐭 𝐋𝐢𝐠𝐡𝐭 𝐨𝐟 𝐭𝐡𝐞 𝐖𝐢𝐬𝐡-𝐟𝐮𝐥𝐟𝐢𝐥𝐥𝐢𝐧𝐠 𝐉𝐞𝐰𝐞𝐥.” Verse 1: Guru Samantabhadra ན་མོ་ཆོས་ཉིད་ཀུན་བཟང་ཡབ་ཡུམ༔ སྣོད་བཅུད་དག་པ་ཟངས་མདོག་དཔལ་རིར༔ ཡེ་ཤེས་རྫོགས་པ་པདྨ་ཀ་རར༔ གསོལ་བ་འདེབས་སོ་དངོས་གྲུབ་སྩོལ་ཅིག༔ ཨོྃ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་ས་མནྟཱ་བྷ་དྲ་སིདྡྷི་ཧཱུྃ༔ Homage to the ultimate nature, Samantabhadra, the father and mother! Seated in the glorious, copper-colored mountain of stainless purity, Upon the lotus of perfect wisdom, I offer my prayer—grant me your supreme blessings! OM AH HUNG VAJRA GURU PADMA SAMANTA BHADRA SIDDHI HUNG Verse 2: Guru Vajradhara ན་མོ་གུ་རུ་རྡོ་རྗེ་འཆང་ཆེན།། ཡེ་གྲོལ་ཀ་དག་བཅོམ་ལྡན་འདས་པ།། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔ།། གསོལ་བ་འདེབས་སོ་དངོས་གྲུབ་སྩོལ་ཅིག༔ ཨོྃ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་བིརྱ་དྷཱ་ར་སིདྡྷི་ཧཱུྃ༔ Homage to…
ཤེས་གཉེན་དམ་པ་ལགས། ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
ཤེས་གཉེན་དམ་པ་ལགས། ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ། གཡ བཤེས་གཉེན་དམ་པ་ལགས། ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ། གངས་ལྗོངས་སྨྲ་བའི་དབང་ཕྱུག་ལ་ཕུལ་བའི་སེམས་ཀྱི་ལྷ་རེག་དཀར་པོ། གཅི༵ག་བསྡུས་རྒྱལ་བའི་མཁྱེན་རབ་དཔྱིད།། གཉི༵ས་མེད་བརྟན་པའི་འཁོར་ལོ་དེས།། འགྲོ་ཁམས་སྲིད་ཀྱི་རིགས་ཅན་གསུ༵མ།། དུས་མཐར་ཕྱོགས་བཞི༵ར་སྐྱོང་དེར་འདུད།། བཀའ་པོད་ལྔ༵་དང་གནའ་དེང་གཞུང་།། ཕར་ཕྱིན་དྲུ༵ག་གིས་ཤར་ནུབ་འགེངས།། གླིང་བདུ༵ན་རྒྱ་མཚོའི་ཐ་གྲུ་ཡོངས།། རྟགས་བརྒྱ༵ད་ནོར་གྱིས་ཁྱབ་དེ་རྒྱལ།། བརྩེ་ཆེན་སྙིང་རྗེ་ཁོ་ནས་གཞན་དབང་གྱུར།། མཁྱེན་དཔྱོད་ཤེས་རབ་ཁོ་ནས་བདེན་པར་འཇུག། བྱས་པ་གཞན་དོན་བསྒྲུབ་པ་སྙིང་པོའི་ཆོས།། འཕགས་ཆེན་སེམས་དཔའི་རྣམ་ཐར་བསམ་མི་ཁྱབ།། སྦས་ཤིང་གབ་པའི་ཕྱི་ནང་གསང་བའི་ཡོན།། མ་ལུས་མི་ལུས་ལྷག་ལུས་མེད་པ་ཞིག། དྲུང་ན་འགྲོགས་པ་སུས་ཀྱང་དཔོག་མིན་ན།། འོན་རྟུལ་བདག་གི་ཡུལ་ནི་ཇི་ལྟར་འགྱུར།། ཞོགས་ཁའི་མཚམས་སྤྲིན་བརྟོལ་བའི་གསེར་འོད་གཟི།། ཉི་ཤར་ནམ་ལངས་ཐང་གསལ་གྱུར་པའི་རིགས།། སྒྲོ་སྐུར་ལོག་སྤྱོད་ཕྱོགས་རིས་རྒྱང་དོར་ནས།། རང་གི་མཐོང་ཐོས་ཙམ་ཞིག་གསོང་པོར་རྗོད།། རྣམ་བཞིའི་འཁོར་ཚོགས་རྡུལ་དམར་བརྩེགས་པའི་སྤོར།། གང་ཁྱེད་རྒྱུ་སྐར་ལམ་གྱི་ཉི་ཟླ་བཞིན།། ཡབ་རྗེ་ཁྱུང་ཆེན་གཞོན་ནུའི་རྒྱལ་ཚབ་ལ།། མཐའ་བཞིའི་རྒྱལ་ཁམས་ཁྱོན་ན་ལྷག་ཏུ་སྙན།། ཡབ་གཅིག་དམ་པས་དཀའ་བ་འབུམ་ཕྲག་གིས།། བསྐྲུནད་ཅིང་བསྒྲུབས་པའི་ལྔ་རིག་སྡེ་བཞིའི་དཔུང་།། མཁྱེན་དཔྱོད་ཐབས་ཤེས་ཉི་ཟླའི་ཤེད་སྟོབས་ཀྱིས།། ལྷ་དབང་གཡུལ་ལས་རྒྱལ་རྔ་ཡང་ཡང་བརྡུངས།། ཉེར་ཞི་ཁྱེད་ཐུགས་བྱང་སེམས་འོ་མའི་མཚོར།། བསྟོད་སྨད་སྒྲོ་སྐུར་ཁ་ཆར་གང་བབས་ཚོགས།། གནོད་མེད་གྲོགས་སུ་སྒྱུར་བའི་གསེར་འགྱུར་རྩིས།། དོན་གཉིས་ལམ་གྱི་གདམས་པར་འཆར་འདི་མཚར།། བླུན་པོ་ནོར་ལྡན་གསེར་ཁྲིར་འགོད་པ་དང་།། མཁས་རྣམས་ནོར་གྱིས་ཆུ་སྣ་གར་ཁྲིད་དུས།། ཁྱེད་ཉིད་སྲ་མཁྲེགས་ཕ་ལམ་རྡོ་རྗེའི་རིར།། རང་ཚུགས་འོད་ལྔ་མདངས་བཅུ་ཀུན་ནས་འཚེར།། གཅམ་བུའི་གཏམ་དང་བྲག་ཆའི་སྒྲ་དབྱངས་ཀྱིས།། ཁྱེད་ཉིད་མི་བསླུ་མི་གཡོ་དྲང་སྲོང་མཆོག། གཡོ་སྒྱུའི་ལས་དང་བཙན་པོའི་འཇིགས་སྐུལ་གྱིས།། གང་ཁྱེད་མི་འཁྲུལ་མི་འཇིགས་གདོང་ལྔའི་དབང་།། བཤད་དང་སྒྲུབ་པ་ཕྱོགས་རེའི་བརྟུལ་ཞུགས་ཀྱིས།། བསྟན་དགོན་ཐོ་རེངས་རྒྱུ་སྐར་ཉམས་དམས་ཚེ།། གྲྭ་གསུམ་སྡེ་གཉིས་བཤད་སྒྲུབ་ཟུང་འབྲེལ་གྱིས།། རྒྱལ་བསྟན་ཉིན་བྱེད་སླར་ཡང་སྲིད་འདིར་བཞེངས།། ཆེར་སྙིགས་སྒྲུབ་དཀའི་བསྟན་འགྲོའི་ཁུར་ཆེན་ལས།། ནན་ཏན་སྙིང་པོར་གཞོལ་བ་ལྷུར་ལེན་གྱིས།། བརྩོན་ཅིང་སྒྲུབ་པའི་ཉིན་མཚན་གཅིག་ཏུ་བསྒྲིལ།། འདི་ལྟའི་དཀའ་ཐུབ་བཞེས་མཁན་ཁྱེད་ཉིད་ཙམ།། ཇི་སྙེད་གནའ་དེང་ཤེས་བྱའི་ཟབ་རྒྱས་གནད།། མ་འདྲེས་སྤུ་རིས་འབྱེད་པའི་མཁྱེན་དཔྱོད་མཆོག། ཆེད་མཁས་ཤར་ནུབ་རིག་སྨྲའི་གྲལ་དབུས་ན།། ལུང་རིགས་རྩལ་དྲུག་སྤོབས་པའི་གཏིང་ནས་རྫོགས།། ལོག་སྨྲ་ལྟ་ངན་དུས་ཀྱི་གད་སྙིགས་ཚོགས།། འགྲོ་ཁམས་རྒྱ་མཚོའི་ཟབ་སར་འབྱིང་བ་ན།། ངན་རྟོག་རྙོག་མ་སེལ་བའི་ནོར་དབང་མཆོག། ཁྱེད་དང་མཚུངས་པ་མེད་ན་ལྷག་ཅི་ཞིག། འདི་ན་ལུགས་གཉིས་ཕྱོགས་ལྷུང་གདོན་གྱིས་དཀྲུག། སྒྲོ་སྐུར་ཆགས་སྡང་གཏམ་གྱི་མེ་རུ་འཕྱུར།། གང་ཁྱེད་ཉིད་ནི་བསྟན་འགྲོར་སྨན་པའི་སླད།། བདེན་པ་སྐྱོང་བར་གཟུ་བོའི་ལམ་ལ་ཞུགས། རྒྱལ་གསུང་རྟེན་འབྱུང་ཟབ་མོའི་དེ་ཉིད་ལ།། དེང་དུས་གཞོན་རབས་རྨོངས་ཤིང་ཕྱོགས་སྟོར་ཚེ།། དེང་རབས་དངོས་ཁམས་རིག་པའི་ལམ་ཆེན་ནས།། ཡིད་ཆེས་རྙེད་པའི་གཞུང་བཟང་བརྩེ་བས་བསྩལད།། འཇིགས་རུང་སྲིད་པའི་སྨག་ནག་མུན་པའི་མཚོར།། ཕྱིར་ཞིང་འཁྱོམ་པའི་འགྲོ་བའི་སྐྱེ་འཆིའི་རླབས།། དབང་མེད་ལས་ཀྱིས་འཁྱེར་ཞིང་འཁོར་བའི་ཚུལ།། ལུང་རིགས་དངོས་སྟོབས་ཚད་མས་ཡང་ཡང་སྟོན།། ཆགས་སྡང་བདུད་མོའི་གཏམ་གྱིས་ཅལ་འདྲོགས་ནས།། ཆོལ་ཁ་གྲུབ་མཐས་གངས་དཀར་བཤིག་པའི་ཚེ།། ཁྱེད་ཀྱིས་སྤྱི་ཆོས་གསེར་འཁོར་རྩིབས་སྟོང་ལས།། སྨྱོན་མས་རང་ཆས་གཏོར་རྣམས་ཁ་སྐྱེངས་བསྒྱུརད།། ཐུབ་བསྟན་ནོར་དབང་ལྷུན་པོའི་གཤིས་ཀྱི་མདངས།། དངོས་ཁམས་ཀླད་ཁམས་སེམས་ཁམས་ཚན་རིག་གི།། རིག་པས་བསྲེག་བཅད་བརྡར་བའི་ཞུན་ཐར་གྱིས།། དེང་འདིར་སྲིད་རྩེར་གཤོམ་པ་ཁྱོད་ཡོན་ཉིད།། རྣམ་གྲོལ་འཇུག་ངོགས་སྐྱེས་བུ་གསུམ་གྱི་ལམ།། ཤེས་རབ་སྒྲོན་མེའི་འོད་ཀྱིས་གསལ་བྱས་ཏེ།། མ་ཧཱ་ཙི་ནའི་རིགས་ཅན་གསུམ་གྱི་གཙོས།། ཐར་འདོད་ཡིད་ཀྱི་བློ་ཁ་ཆོས་ཀྱིས་གསོས།། སྟོང་དང་རྟེན་འབྱུང་བྱམས་དང་སྙིང་རྗེ་དང་།། ཐབས་དང་ཤེས་རབ་གཏོང་དང་ཚུལ་ཁྲིམས་དང་།། མདོར་ན་རྒྱལ་སྲས་སྤྱོད་པ་གང་ཇི་སྙེད།། ཁྱེད་ཀྱིས་ཅི་དགར་མ་སྤྱད་ཅང་ཡོད་དམ།། མཁྱེན་དཔྱོད་ཉི་ཟླའི་འོད་དཀར་འབྱམས་སུ་ཀླས།། བཟང་སྤྱོད་རྨ་བྱའི་སྒྲོ་ཆུན་ཡི་གར་འོང་།། ཡོངས་རྫོགས་གངས་ཀྱི་ལུགས་གཉིས་དཔུང་པའི་གཉེན།། ཡ་མཚན་མཛད་ཆེན་རྨ་འབྲིའི་ཀླུང་བཞིན་བཞུར།།…
༸སྐྱབས་རྗེ་དམ་པ་མཁས་དབང་པདྨ་ཀུན་དགའ་ལ་སྨོན་གསོལ་སྙིང་གི་མེ་ལོང་།།
༸སྐྱབས་རྗེ་དམ་པ་མཁས་དབང་པདྨ་ཀུན་དགའ་ལ་སྨོན་གསོལ་སྙིང་གི་མེ་ལོང་།། ན་མོ་གུ་རུ་རཏྣ་ཏྲཱ་ཡ་ཡ།། པདྨའི་རྒྱལ་ཚབ་པདྨའི་བསྟན་པ་འཛིན།། པདྨའི་བརྒྱུད་པ་ཕྱོགས་དུས་ཀུན་ཏུ་སྐྱོང་།། པདྨའི་ཟབ་གཏེར་རྫོགས་ཆེན་ཚུལ་བཞིན་སྤེལ།། པདྨ་ཀུན་དགའ་རིན་ཆེན་གསོལ་བ་འདེབས།། ཕྱི་ལྟར་བཅུ་ཕྲག་རིག་པའི་གནས་ལ་མཁས།། ནང་དུ་མདོ་རྒྱུད་མན་ངག་ཕྱུག་པས་བཙུན།། གསང་ཆེན་བླ་མེད་དགོངས་པ་རྟོགས་པས་གྲུབ།། གྲུབ་དབང་པདྨ་ཀུན་དགའ་གསོལ་བ་འདེབས།། ཀ་དག་གདོད་མའི་མགོན་པོ་དབྱིངས་སུ་དག། ལྷུན་གྲུབ་འོད་གསལ་སྙིང་པོ་ཡོངས་སུ་རྫོགས།། རིག་པ་སྐུ་གསུམ་ངོ་བོར་ཡེ་གྲོལ་སྨིན།། པདྨ་ཀུན་དགའ་ཡེ་ཤེས་སྙིང་ནས་གསོལ།། མཆོག་སྤྲུལ་དམ་པའི་དགོངས་པ་མཁའ་དང་མཉམས།། དམ་ཆོས་ཉི་ཟླའི་སྣང་བ་ཕྱོགས་ཀུན་ཁྱབ།། མ་རིག་མུན་སེལ་པདྨ་ཀུན་དགའ་ཉིད།། འཁོར་འདས་རྒྱན་དུ་མྱུར་དུ་འཆར་གྱུར་ཅིག། དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་དང་།། རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་དང་།། བདག་གི་ལྷག་བསམ་དག་པའི་སྨོན་ལམ་བཞིན།། ཐུགས་དགོངས་ཡོངས་སུ་རྫོགས་པའི་རྒྱུ་གྱུར་ཅིག། ཅེས་པ་འདི་ཡང་རབ་གནས་ཤིང་འབྲུག་སྨིན་ཟླའི་དགའ་བ་དང་པོར་སྐྱབས་རྗེ་ཉིད་ གདུལ་བྱ་རྟག་འཛིན་ཅན་ལ་མི་རྟག་སྟོན་པ་ཉིད་རེ་ཞིག་ཐུགས་དགོངས་ཆོས་དབྱིངས་སུ་ཡོངས་སུ་རྫོགས་པའི་རྨི་ལམ་དང་བརྡ་འཕྲིན་ཡང་དེ་ལྟར་མཇལ་བ་དང་མཁའ་འགྲོ་དང་སྐུ་སྲས་བཅས་ལ་མྱ་ངན་ཞུ་འབུལ་བཅས་ཨེ་མ་ཧོས་ཨེ་ཝྃ་མི་ཕམ་རྣམ་རྒྱལ་གླིང་ནས་སྨོན་པར་དགེའོ།། །། 1/12/2024
རི་བོ་བསང་མཆོད་ལེགས་འབུལ་བྱས།། ་་་་་་
རི་བོ་བསང་མཆོད་ལེགས་འབུལ་བྱས།། ་་་་་་ ༄༅།།རི་བོ་བསངས་མཆོད་ཀྱི་གསང་གཏེར་ བྱིན་རླབས་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ།། ཨེ་མ་ཧོ༔ ༼༡༽ ཀ༵་དག་གདོད་མ་ཆོས་དབྱིངས་སྤྲོས་བྲལ་ཀྱི་ཞིང་ན།། ཁ༵་སྦྱོར་བདུན་ལྡན་ལྷུན་གྲུབ་འོད་གསལ་གྱི་རོལ་གར།། ག༵་ས་ག་བར་རིག་རྩལ་ཡེ་ཤེས་སུ་རྫོགས་པ།། ང༵་བདག་གཟུང་འཛིན་ཡེ་གྲོལ་ཡེ་རྫོགས་ངང་མཆོད་དོ།། ༼༢༽ ཅ༵་ཅོའི་ཚིག་ལ་མ་ལྟོས་ཆོས་དུང་གི་སྒྲ་སྙན།། ཆ༵་ལུགས་སྣ་ཚོགས་གང་འདོད་གཟུགས་ཅན་གྱི་བསང་མཆོད།། ཇ༵་ཆང་འདོད་ཡོན་དགའ་སྟོན་ཚོགས་འཁོར་གྱི་ལོངས་སྤྱོད། ཉ༵་རྒྱས་ཟླ་བཞིན་ལས་ལྷག་མཆོད་སྤྲིན་གྱིས་བསང་ངོ་།། ༼༣༽ ཏ༵་ཐཱ་ག་ཏའི་དགོངས་པ་ཇི་བཞིན་དུ་གཟིགས་ཏེ།། ཐ༵་དག་བསྒྱུར་བཅོས་མི་དགོས་རང་བྱུང་གི་མཆོད་པ།། ད༵་ལྟའི་ཚོགས་བརྒྱད་རིག་པ་ས་ལེ་ངང་སངས་རྒྱས།། ན༵་མོ་རྒྱལ་ཀུན་མཆོད་དང་འགྲོ་དྲུག་ལ་བརྔན་ནོ།། ༼༤༽ པ༵་ཏྲ་ལྟ་བུའི་ཀུན་རྟོག་དག་སྣང་གི་རྟེན་འབྲེལ།། ཕ༵་ཅིག་ཀུན་བཟང་དགོངས་ཀློང་རོལ་ཅིག་ཏུ་འདྲིས་ཕྱིར།། བ༵་མོར་ཉི་ཟེར་ཕོག་བཞིན་སྒྲིབ་ཚོགས་ཀུན་བསངས་བས།། མ༵་རྒན་འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་སུ་བསང་ངོ་།། ༼༥༽ ཙ༵་རི་ཏྲ་སོགས་གནས་ཡུལ་རི་ཁྲོད་ཀྱི་ཆོས་པ།། ཚ༵་གྲང་དཀའ་སྤྱོད་མཛད་ཕྲིན་བྱིན་རླབས་ཀྱི་བདེན་རྟགས།། ཛ༵་ཧཱུྃ་བྃ་ཧོའི་ཕྱག་རྒྱས་གང་འདོད་བཞིན་སྤེལ་ནས།། ཝ༵་ལེར་འཁོར་འདས་ཀུན་ཆུབ་རིག་འཛིན་ཀུན་རྒྱལ་ལོ།། ༼༦༽ ཞྭ༵་དམར་རིང་ལུགས་སྐྱོང་བ་མཆོག་གསུམ་གྱི་ངོ་བོ།། ཟ༵་ཉལ་འགྲོ་འདུག་སྤྱོད་ལམ་རྩ་གསུམ་གྱི་རང་བཞིན།། འ༵་འུར་ཀུན་རྟོག་རང་ཞི་སྐུ་གསུམ་གྱི་ཐུགས་རྗེ།། ཡ༵་མཚན་ཀུན་བཟང་མཆོད་སྤྲིན་རང་ཤར་ཏུ་བསང་ངོ་།། ༼༧༽ ར༵་བ་གངས་རིས་བསྐོར་བའི་ཡུལ་སྐྱོང་གི་གཉེན་པོ།། ལ༵་ལུང་ཀུན་ཕན་མཛད་པའི་ཆོས་སྐྱོང་ཀུན་ཕེབས་ཤོག། ཤ༵་ཟ་བདུད་སྲིན་དམ་ཉམས་ལས་ངན་ཀུན་བསྒྲལ་ནས།། ས༵་སྟེང་རྒྱལ་བསྟན་རྒྱལ་མཚན་མཁའ་དབྱིངས་སུ་བསྒྲེངས་ཤིག། ༼༨༽ ཧ༵་ཅང་སྙིགས་སྤྱོད་ངན་པའི་དུས་འཁྲུག་ཀུན་བསངས་ནས།། ཨ༵་ཏི་རྫོགས་ཆེན་བརྒྱུད་པའི་སྨིན་གྲོལ་དུ་བཀོད་ཅིང་།། ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་ཀུན་ཁྱབ་ཀྱི་ཕྲིན་ལས།། རབ་འབྱམས་རྒྱལ་བའི་མཛད་པ་མཐར་ཕྱིན་དུ་སྨོན་ནོ།། ༼༩༽ སྟོང་ཆེན་དོན་དམ་རང་གྲོལ་ངེས་དོན་གྱི་བླ་མ།། སྙིང་རྗེས་ཀུན་རྫོབ་དོང་སྤྲུགས་འཕོ་ཆེན་གྱི་ཡི་དམ།། བདེ་ཆེན་ཡེ་ཤེས་འདྲེན་པའི་བརྩེ་ཆེན་གྱི་མཁའ་འགྲོ།། ཀུན་འདུས་ཆོས་སྐྱོང་ཀི་བསྭོ་ལྷ་རྒྱལ་གྱིས་བསྟོད་དོ།། ཞེས་པ་རབ་གནས་ཤིང་འབྲུག་ལྷ་བབས་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་ཟག་མེད་སྡེ་མཚན་ཉེར་གཅིག་གྲངས་ཀྱི་སློབ་ཚོགས་ལ་དབང་བསྐུར་དང་རི་བོ་བསངས་མཆོད་སྐབས་གང་ཤར་བ་དག་ཚོགས་དབུས་བསང་ཁྲིའི་རྩ་ནས་གླུ་རུ་ཤྲཱིཿ ཨེ་མ་ཧོས་བསང་གི་སྙན་ངག་གླུ་རུ་བླངས་པར་དགེའོ།། 26/10/2024
ཧྥོ་ལན་ཌྲཱི་ལ་བདེ་བར་འབྱོར་རོ།
ཧྥོ་ལན་ཌྲཱི་ལ་བདེ་བར་འབྱོར་རོ། ཨ་ཡིག་ལས་བྱུང་ཨ་མའི་སྐྱེས་རབས་མཇལ།། ཨ་ཧོ་དད་གུས་དག་སྣང་འོད་དུ་འབར།། ཨ་བྷྱེ་ཏཱ་རེས་མཛེས་ལྗོངས་ཡོན་དུ་ཕུལ།། ཨ་ལ་ལ་ཧོ་ཧོ་ལན་ཨེ་ཝྃ་ཧོ།། 2/11/2024 ༄༅།།བླ་མ་ཀརྨ་ཆོས་འཕེལ་དབང་པོའི་ཞབས་བརྟན་ རིན་པོ་ཆེའི་གཏེར་ཅེས་བྱ་བ་བཞུགས་སོ།། ན་མོ་མ་ཧཱ་གུ་རུ་བྷྱེ།། ཀ༵རྨ༵་རིག་པའི་རྡོ་རྗེའི་ཐུགས་སྨོན་མཐུས།། ཆོས༵་བཟང་ཡོན་ཏན་རབ་འཕེལ༵་ཡེ་ཤེས་གཟུགས།། མཁྱེན་བརྩེ་དབང༵་པོ༵འི་ཕྲིན་ལས་ཀུན་ཁྱབ་ཉིད།། སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག། ཅེས་པ་འདི་ཡང་རབ་གནས་ཤིང་འབྲུག་སྟོན་ཟླ་འབྲིང་པོའི་སྟོང་པ་གསུམ་པར་ཕྱི་དྲོའི་ཆར་རང་རིག་བླ་མའི་ཟབ་དབང་བསྐུར་སྐབས་སུ་རང་བྱུང་གི་སྨོན་ཚིག་ལྷ་ཁང་དེ་ཉིད་དུ་རང་དབང་གིས་ཨེ་མ་ཧོ༔ འམ་ཨ་ཏི་རིན་པོ་ཆེས་བདེན་ཚིག་གྲུབ་པའི་ཤིས་སྨོན་བགྱིས་པར་དགེའོ།། །། 1/11/2024
དད་དམ་གཙང་མའི་བླ་མ་དང་ཆོས་འབྲེལ་ལེགས་པར་གྲུབ་ནས་སི་ལོ་ཝ་ཀི་དང་རྒྱལ་ཕྲན་འགའ་རྒྱུད་ནས་གཏེར་བུམ་ལེགས་སྦྱིན་དང་སྒོམ་ཐག་རང་དབང་གིས་མཆོད་ནས་
དད་དམ་གཙང་མའི་བླ་མ་དང་ཆོས་འབྲེལ་ལེགས་པར་གྲུབ་ནས་སི་ལོ་ཝ་ཀི་དང་རྒྱལ་ཕྲན་འགའ་རྒྱུད་ནས་གཏེར་བུམ་ལེགས་སྦྱིན་དང་སྒོམ་ཐག་རང་དབང་གིས་མཆོད་ནས་ དཔལ་ལྡན་མཆོག་སྦྱིན་དང་ཛམ་ལྷ་ཆོས་སྒྲོན་གྱི་སྡོད་གནས་ཀྱི་ནགས་ཀློང་ངམ། ཕོ་ལན་སྦྱིན་བདག་གི་རི་ཁྲོད་ན་བདེ་བར་མཆིས། ངོས་ལ་ཐུགས་ཁུར་གནང་བ་ཀུན་ཁམས་བདེ་ཞུ་བ་དང་ད་དུང་བསམ་ལྷུན་ཚར་རེ་གསུང་ཡོང་བར་མཁྱེན་ནོ།། ཨེ་མ་ཧོ་འམ་ཨ་ཏིས 3/11/2024 སྤྲུལ་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་ཉུང་བསྡུས་སུ་བཀོད་པ་དད་གསུམ་པདྨོ་བཞད་ པའི་ཉི་གཞོན་ཞེས་བྱ་བ་བཞུགས་སོ༎ ༄༅༎པདྨའི་ཐུགས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོ།། རྒྱལ་ཁམས་ཡོངས་ལ་འགྲོ་དོན་མང་དུ་མཛད།། སྤྲུལ་བའི་གཏེར་ཆེན་ཚུལ་ཁྲིམས་རྒྱ་མཚོ་ཡི།། པདྨའི་ཐུགས་བཞེད་འགྲུབ་པར་བྱིན་གྱིས་རློབས། དེ་ཡང་སྤྲུལ་བའི་སྐུ་མཆོག་དམ་པ་རྨ་ཡུལ་གཏེར་ཆེན༧ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི ། ཆུང་དུས་ནས་དཔོན་ཐོབ་ཀྱི་རྒྱབ་སྐྱོར་མེད་ལ ། ཕྱུག་ཐོབ་ཀྱི་ངོ་སོ་ཅི་ཡང་མེད་པར་བུ་རང་སྐྱེས་ཀྱི་ངོ་བོ་གཙང་མ་དང་། ཆོས་ཡང་དག་གི་ལམ་སྟོན་བཟང་པོ །རྗེ་བླ་མ་ཡི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་བརྒྱུད་ནས་གསེར་ས་འོག་ན་ཡོད་ཀྱང་། འོད་ནམ་མཁར་འཆར་བའི་དཔེ་བཞིན ། སྤྲུལ་བའི་སྐུ་མཆོག་དམ་པ༧ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་བསྟན་འགྲོར་ཕན་པའི་མཛད་རྗེས་མང་ན་ཡང་འདིར་སྐབས་སུ་བབས་པ་རགས་བསྡུས་ཙམ་ཞིག་ གླིང་ཛཾ་དར་དང་ཡར་ཁོག་སྨན་སྐྱབས་གཉིས་ཀྱིས་ཁོང་དང་འབྲེལ་ཡོད་ཀྱི་བླ་སྤྲུལ ། དད་ལྡན་གྱི་ཡོན་བདག དམ་གཙང་གི་སློབ་མ །རྣམས་ཀྱི་མདུན་ས་ནས་འཚོལ་སྡུད་བྱས་པ་གཙོ་བོར་གླེང་བ་ལ ། དེ་ཡང་སྤྱི་ལོ་༡༩༩༠སྟེ་བོད་རབས་རྒྱན་ལྕགས་ཕོ་རྟ་ཡི་ལོའི་ཟླ་བརྒྱད་པའི་མར་ངོས་ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་བཟང་ཁྱད་པར་ཅན་ལ། མགོ་ལོག་པདྨ་འབུམ་གྱི་མངའ་ཁོངས་ད་ལྟ་ས་གནས་སྙི་སྟོད་དུ་འབོད་པའི་ཡུལ་དེར་ཐོག་མར་སྐུ་འཁྲུངས། ཁོང་མ་འཁྲུངས་བའི་ཡར་སྔོན་དུ་མ་ཡུམ་ལ་གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱིདོན་ས་ལུང་བསྟན་ནས་ཁྱོད་ལ་མ་འོངས་པར་སྐྱེས་བུ་དམ་པ་ཞིག་བསྟན་པ་དང་སེམས་ཅན་གྱི་ལ་བསམ་བཞིན་དུ་འབྱོན་པར་ལུང་བསྟན་པ་ལྟར་སྤྲུལ༧ཚུལ་ཁྲིམས་རྒྱ་མཚོ་ནི ། ཡབ་བྱ་བླ་མ་འབྱོར་རྒྱས་དང་ཡུམ་རྨོག་བཟའ་ཤེས་རབ་མཚོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་མ་ཡུམ་གྱི་སྐུ་ལུས་ལ་ན་ཟུག་ཅི་ཡང་མེད་པར་འཁྲུངས ། ཁོང་སྐུ་ན་ཆུང་ངུའི་དུས་སུ་ཞལ་ནས་ཀ་ཁ་ཞེས་གསལ་བཤད་སུམ་ཅུའི་དབྱངས་རྟ་བྱུང་རྒྱལ་དུ་གྱེར་བའི་དམ་པའི་རང་རྟགས་ཤིག་ལྷན་སྐྱེས་སུ་མངའ་བ་དང་། མ་ངེས་པའི་རྟགས་སུ་ཕུར་རྡོའི་སྟེང་དུ་ཞབས་རྗེས་བཀོད་པ་དང་ཉིན་འགའ་ལ་གར་སོང་མེད་པར་འགྲོ་ལ་ཕྱིར་ཐོན་ཚེ་མ་ཡུམ་གྱིས་དྲིས་ན་མཆོད་རྟེན་ལ་སོགས་པའི་ནང་དུ་སོང་ཞེས་ཤོད་སྲོལ་ཡོད་ཅེས་ཁོང་ཆུང་དུས་སུ་ཆ་རྒྱུས་ཡོད་པའི་མི་དག་གིས་བཤད ། བྱམས་བརྩེ་ཆེ་ཞིང་དམ་པའི་ལྷ་ཆོས་ལ་བརྩོན་སེམས་ཀྱི་བང་མི་ལྷོད་པ་ཞིག་ཡིན་ལ་ཁོང་དགུང་གྲངས་ལྔའི་སྟེང་ནས་ས་དེར་རྡོ་ལ་ཕྱག་རྗེན་པས་མ་ཎིའི་རྡོ་མཁར་སྣོད་བཅུད་ཀྱི་རྒུད་པ་སེལ་ཕྱིར་དུ་བཞེངས་པ་ད་ལྟ་མངོན་སུམ་དུ་མཇལ་རྒྱུ་ཡོད ། ས་ཆ་ཕ་སྟོད་ཀྱི་གསེར་འཛོམས་ཕྱུག་མོ་རུ་གཙང་བ་སྐུ་འབྲིང་གཏད་དཀྲུག་འདོན་དུ་བྱོན་སྐབས་སུ་ཁོང་ཐུགས་དགྱེས་པའི་ངང་ཚོགས་མང་གི་དབུས་ནས་སྐུ་མདུན་དུ་བོས་ཤིང་ཡི་གེ་སྦྱོངས་ཤིག་ཅེས་མ་འོངས་འབྱུང་འགྱུར་ལུང་དུ་བསྟན ། ཁོང་གི་ཀློག་བསླབ་པའི་དགེ་རྒན་ནམ་ཡོངས་འཛིན་ནི་གསང་ལུང་དགོན་གྱི་བླ་མ་སྐལ་བཟང་ཉི་མ་ཡིན་ལ་འདི་བ་ཚང་སྔོན་མཁན་པོ་མུན་སེལ་གྱི་སློབ་བུ་ཐུགས་རྩིས་ཤིན་ཏུ་ཆེ་བ་ཞིག་ཡིན་པར་གྲགས ། དགུང་ལོ་བཅུ་གསུམ་གྱི་སྟེང་ཁོང་གི་ཞང་བོ་བླ་མ་སྐལ་བཟང་ཉི་མའི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་ཟླ་གསུམ་ཙམ་ལ་བསླབ་པ་ལས་བཤད་གྲྭ་དང་སློབ་གྲྭ་གང་དུའང་མ་སོང་མོད་རང་བྱུང་གི་རྟོགས་པ་མངོན་དུ་གསལ་ནས་དགུང་ལོ་བཅྭོ་བརྒྱད་ལ་སླེབ་ཚེ་རང་ཡུལ་གྱི་གླིང་འབུད་དགོན་ནས་ཚོགས་གྲལ་དུ་ཞུགས ། གཡུ་ཐོག་སྤྲུལ་ཀརྨ་བསོད་ནམས་ཀྱི་མདུན་སར་ཁོང་གི་ཉེ་མི་འགའ་དང་ལྷན་དུ་བྱོན་སྐབས་སུ་སྤྲུལ་ཀརྨ་བསོད་ནམས་ཀྱིས་ཁོང་ལ་སྦྱིན་དགོས་པར་གསུངས་ནས་ཐུགས་དགྱེས་དགྱེས་ཚད་མེད་གནངས ། ཁང་སར་བསྟན་པའི་དབང་ཕྱུག་ཚང་གི་མདུན་ནས་འབུམ་ལྔ་བསགས་སྦྱང་ཚད་ལྡན་བྱས་མཐར་རིམ་བཞིན་དབང་ལུང་ཁྲིད་གསུམ་སྤྱི་དང་ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ཆོས་སྐོར་མང་དུ་ཞུས ། དེ་ནས་གླིང་འབུད་དགོན་གྱི་རྡོ་རྗེ་སློབ་དཔོན་སྤྲུལ་འཇིགས་མེད་ཀོ་ཆས་ཁོང་ལ་བླ་མའི་མཚན་གྱི་ཅོན་པན་བསྩལ་ནས་ཐུགས་གཙིག་ཤིན་ཏུ་ཆེན་པོ་མཛད ། སེང་ཤུལ་སྤྲུལ་སྐུའི་མདུན་དུ་ཁོང་བྱོན་ཚེ་སྐུ་པར་ལྷན་དུ་སྒྲོན་དགོས་པར་གསུངས་པ་དང་རྗེས་སུ་བླ་མ་ཐུགས་རྗེ་བྱོན་སྐབས་སུ་ཚུལ་ཁྲིམས་རྒྱ་མཚོ་ནི་བསྟན་པ་དང་སེམས་ཅན་ལ་ཕན་ཐོག་པའི་སྐུ་སྐྱེས་ཤིག་འབྱུང་ཞེས་ཁོང་གིས་ལུང་གིས་བསྔགས་ཅེས་གླིང་འབུད་དགོན་གྱི་བླ་མ་ཐུགས་རྗེས་གསུངས ། ཁོང་སྐུ་ན་ཆུང་དུས་མཚན་ལ་རྒྱལ་བ་དོན་གྲུབ་ཏུ་འབོད་ལ་རྗེས་སུ་རྡོ་གྲུབ་སྤྲུལ་སྐུ་ཐུབ་པས་ཁོང་གི་མཚན་ལ་ཚུལ་ཁྲིམས་རྒྱ་མཚོ་གསོལ་ནས་བསྟན་དང་འགྲོ་བའི་དོན་རྒྱ་ཆེར་ཡོངས་བར་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། གཞན་ཡང་རྡོ་གྲུབ་སྤྲུལ་སྐུ་ཐུབ་པ་དང་། གཡུ་ཐོག་ཀརྨ་བསོད་ནམས ། བྱ་བྲལ་བ་ཆོས་དབྱིངས་རང་གྲོལ ། རེབ་གོང་ཨ་ལགས་མག་སར། གཙང་སྤྲུལ་འཇིགས་མེད་རྡོ་རྗེ་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་པོའི་ཞབས་རྡུལ་སྤྱི་བོར་བསྟེན་པས་འཁོར་འདས་བདེན་ཞེན་གྱི་རྟོག་པ་དབྱིངས་སུ་སད་དེ་གྲུབ་པ་མཆོག་ཏུ་བརྙེས་ཤིང་ལྕགས་དབྱུག་གིས་ཕུར་མདུད་བྱས་པ་དང་། རྡོ་རིལ་རྩམ་པ་ལྟར་བརྫིས་པ་སོགས་གྲུབ་རྟགས་བསྟན་ཚུལ་ཤིན་ཏུ་མང་མོད་འདིར་ཡིག་ཚོགས་སྐྱུང་ཕྱིར་ཉུང་ཙམ་ལས་མ་བཀོད ། རྗེས་སུ་དར་ལག་ལ་བྱོན་ནས་འགྲོ་དོན་ཕྱོགས་མེད་དུ་རྒྱས་ཚུལ་ནི་འོག་ཏུ་བྱུང་ལ་ཁོང་གི་སྐུ་སྐྱེས་གོང་མ་དེ་མགོ་ལོག་སྡེར་ནང་དགོན་གྱི་མཁན་སྤྲུལ་རིག་པའི་རྡོ་རྗེ་ཡིན་པར་བཤད་སྲོལ་མཆིས ། ད་དུང་ཁོང་གི་ཉམས་སྣང་དང་མཁའ་འགྲོའི་བརྡ་ལུང་སོགས་སུ་གླིང་གི་དུས་སུ་གྲུབ་ཆེན་སུ་དང་གང་ཡིན་པ་སོགས་ལུང་དུ་གསལ་བོར་བསྟན་པ་ཡོད་མོད་རྗེས་མར་གསང་བའི་རྣམ་ཐར་དུ་འབྱུང་འགྱུར་ཡིན་པས་དེར་གཟིགས་པར་འཚལ། ད་ནི་ལོ་རྒྱུས་དངོས་སུ་འཇུག་པ་ལ ། དེ་ཡང་པདྨ་རྫོང་སྨར་ཁོག་རྩིས་མདའ་དགོན་གྱི་གྲྭ་འབྲོ་རྡོར་དང་མཉམ་དུ་སྤྲོ་བསང་ལ་བྱོན་ཚེ་ནམ་མཁར་སྤྲིན་པ་འཁྲུགས་སྐབས་སུ་ཁོང་གིས་སྤྲིན་རྣམས་ཡར་དེད་མར་དེད་བྱེད་གསུང་ནས་བསྡིགས་མཛུབ་བསྟན་ཏེ་ཤར་སྤྲིན་ཤར་ལ་དེད ། ནུབ་སྤྲིན་ནུབ་ལ་དེད་ནས་གྲུབ་པའི་རྟགས་མཚན་དངོས་སུ་བསྟན། ཡང་པདྨ་རྫོང་གི་བཙན་ལོ་ཚང་དུ་བཞུགས་སྐབས་སུ་ཉེ་འབྲེལ་སོགས་མི་མང་པོ་ཞིག་དང་ལྷན་དུ་སྤྲོ་བསང་བྱས་ནས་བཞུགས་སྐབས་སུ་འབུ་ཞིག་ཇ་ཚན་ནང་ལྷུང་ནས་ཤི་བའི་ཚེ་ཁོང་གིས་འདི་སྙིང་རྗེ་ཤི་མི་ཉན་གསུངས་ནས་སེན་སྐོར་ཞིག་བརྡབ་ཚེ་ཡར་གསོན་དུ་བཅུག་པ་དེར་ཡོད་ཀུན་གྱིས་མཐོང་ནས་དེ་དག་གི་རྒྱུད་ལ་དད་པའི་ས་བོན་བསྐྲུན །ད་དུང་བསད་པ་གསོས་པ་སོགས་ཀྱི་མཛད་པ་ཤིན་ཏུ་མང་མོད་རེ་ཞིག་དེ་ག་ཙམ་མོ༎ དྭངས་ལག་རབ་བརྟན་གྱི་རྒན་མོ་ནད་གཞི་ལྕི་མོས་མནར་ཏེ་དབང་ཤོར་རྒྱུན་ཆད་མེད་པར་བྱུང་བཞིན་ཡོད་སྐབས་སུ་ཁོང་གིས་ཁབ་མདུད་པ་སོགས་བྱས་ཏེ་ནད་ལས་གྲོལ་བ་དང་། དེའི་རྗེས་ལོ་འགའི་མཇུག་ཏུ་ལྐུག་ནས་མགོ་ལོག་ཁུལ་མི་དམངས་སྨན་ཁང་དུ་བསྟན་མོད་ཕན་འབྲས་ཅི་ཡང་མ་བྱུང་། དེ་ནས་སྤྲུལ་རིན་པོ་ཆེ་གདན་དྲངས་ནས་ཁོང་གིས་བྱིན་རླབས་དང་དད་རྟེན་གནང་དེ་ནད་ལས་གྲོལ། ད་དུང་ཁོང་གིས་བདག་ལ་ཆང་འཐུང་ན་ ཉེས་པ་ཆེ་བའི་ཞལ་གདམས་མང་པོ་གསུངས་ཤིང་ཆང་གི་ཤེལ་དམ་དཀར་སྔོན་གཉིས་ཕུག་པ་དང་། ལྕགས་འགའ་ལ་མདུད་པ་མདུད་པའི་གྲུབ་རྟགས་བསྟན། སྤྲུལ་རིན་པོ་ཆེ་དང་ངེད་གཉིས་ལུང་སྔོན་དགོན་དུ་འགྲོ་བའི་སྐབས་སུ་རླངས་འཁོར་མགྱོགས་མོར་རྒྱུགས་བཞིན་ཡོད་སྐབས་གློ་བུར་དུ་ལག་འཁོར་ས་ལ་ལྷུང་མོད་མི་དང་རླངས་འཁོར་གང་ལ་ཡང་གནོད་མ་ཐེབས་པར་མ་ཟད་ལག་ཆ་གང་ཡང་མེད་ནའང་ཕྱིར་སྤྲད་དེ་ལམ་ལ་ཆས ། ང་ཚོའི་བླ་མ་རྟོགས་ལྡན་དགོན་གྱི་ངའི་ཚ་བུ་ཞིག་གི་རྒན་མོའི་མ་རྒན་ཞ་ནས་ལོ་མང་པོའི་རིང་སྨན་པར་བསྟན་ནའང་ཕན་པ་མ་བྱུང་ལ་གཟེར་ཟུག་ཧ་ཅང་ཆེ་བའི་སྐབས ། ངེད་ཅག་གི་སྡེ་མི་པི་པི་ཟེར་བ་ཞིག་གིས་སྤྲུལ་ཚུལ་ཁྲིམས་རྒྱ་མཚོ་གདན་དྲངས་ན་ཁོང་གིས་སྨན་ཡང་མཁྱེན་ལ་གྲུབ་རྟགས་ཡང་སྟོན་རྒྱུ་ཡོད་པར་བཤད་པས་ངེད་གཉིས་གདན་འདྲེན་ཞུ་རུ་སོང་ནས་ཁོང་གདན་དྲངས་དེ་ནད་པ་ཚང་ལ་ཐོན་སྐབས་སུ་ནད་པ་མལ་སའི་ནང་དུ་ཉལ་ནས་འདུག ། བྱོན་མ་ཐག་ཏུ་ཁོང་གིས་སྐུ་རིམ་ཞིག་གསུང་ཞོར་དུ་གདོན་རྫས་ཤིག་འདུག་ཅེས་གསུངས། བུ་དང་བུ་མོ་མག་པ་སོགས་ཀྱིས་གདོན་རྫས་དེ་འདྲ་ཞིག་མེད་ཅེས་དང་དུ་མ་བླངས་བའི་སྐབས་སྤྲུལ་སྐུའི་སྣོད་སོགས་ངོས་འཛིན་མཛད ། རྒན་མོ་ནད་པ་དེས་བཤད་ན་མོའི་ཨ་ཁུས་མོ་ལ་སྤྲད་པ་ཡིན་ཞེས་བཤད ། དེ་ནས་རྫས་དེ་ཁོང་ལ་ཕུལ་བས་ངེད་ཅག་གི་རླངས་འཁོར་ནང་དུ་བཞག་ནས་བཅག་སར་ཁྱེར་ཏེ་ཡོང་སྐབས་སུ་སྟོང་རྟར་ཤོར་ནའང་སྣ་ལམ་དུ་གཞོབ་བདུག་ཙམ་ལས་རླངས་འཁོར་གྱི་མགོ་མཇུག་ཡོངས་རྫོགས་ན་ཤུལ་འདི་རེད་སྙམ་པ་གཅིག་ཅིང་མི་འདུག་པའི་གྲུབ་རྟགས་དངོས་སུ་བསྟན་རྗེས་སུ་ཁོ་རང་ལྷག་ཏུ་དད་པ་དང་ཡིད་ཆེས་པར་གྱུར །རྗེས་ནས་ནད་པ་ཁོ་ཞ་བསྲངས་ནས་ནད་མེད་དུ་གྱུར ། ད་དུང་ངེད་ཅག་དྭངས་ལག་ན་ཉི་རྡེའུ་ཟེར་བ་ཞིག་ཡོད་ལ་དེ་ཚང་ལ་གྲྭ་བ་ཞ་བོ་སྐད་ཆ་མི་ཤོད་པ་ཞིག་ཡོད…
Alt Sidebar
Search





