བསོད་རྒྱལ་རིན་པོ་ཆེ་མྱུར་བྱོན་གསོལ་འདེབས་ཙིཏྟཱ་མ་ཎི་ཀ
བསོད་རྒྱལ་རིན་པོ་ཆེ་མྱུར་བྱོན་གསོལ་འདེབས་ཙིཏྟཱ་མ་ཎི་ཀཨོཾ་ཨཱཿཧཱུཾ་ཧྲཱིཿ།།ངོ་བོ་ཀ་དག་སྤྲོས་བྲལ་ཀུན་ཏུ་བཟང་།།རང་བཞིན་འོད་གསལ་སྙིང་པོ་རྡོ་རྗེ་འཆང་།།ཐུགས་རྗེ་ཕྲིན་ལས་ལྷུན་གྲུབ་པདྨ་འབྱུང་།།ཀུན་འདུས་ལས་རབ་གླིང་བར་མྱུར་བྱོན་གསོལ།།ཨོཾ་ཨཱཿཧཱུཾ་ཧྲཱིཿཔུནྱེ་བི་ཛ་ཡ་སྭཱ་ཧཱ།།ཞེས་པ་འདི་ཡང་རབ་གནས་ས་ཕག་ཟླ་༧ཡར་ཚེས་༡ ཐོ་རངས་ཀྱི་ཁར་གྲུབ་ཐོབ་དྷརྨཱ་དྷཱ་ཏུ་བཛྲས་ངོར་རྨི་ལམ་དབང་ཕྱུག་གིས་སེམས་ཀློང་ནས་ཤར་བ་དག་གབ་སྦས་མེད་པར་ཨེ་ཝཾ་ཡོ་ག་གླིང་ནས་གུས་པས་ཕུལ་བར་དགེའོ།།
བརྡ་ལུང་རྒྱ་མཚོ་དྲི་མེད་ནང་གི་རབ་གསལ་གཏེར་རྫས།།
བརྡ་ལུང་རྒྱ་མཚོ་དྲི་མེད་ནང་གི་རབ་གསལ་གཏེར་རྫས།།ན་མོ་གུ་རུ་ཌཱ་ཀི་ནི་ཡེ།།༼༡༽རྗེ་བཙུན་རྣལ་འབྱོར་གྱི་རྨི་ལམ་དབང་ཕྱུག།དལ་ཅིག་ཐོ་རངས་ལ་ངལ་གསོའི་མཚམས་སུ།།དྲི་མེད་རྒྱ་མཚོ་ཡི་ཡིད་ཀློང་ཡངས་པར།།རྒྱུ་སྐར་འཆར་ཆ་ཡི་འོད་ལམ་གསལ་སོང་།།༼༢༽ཡེ་ནས་ཀ་དག་གི་ཀུན་བཟང་ཡབ་ཡུམ།།འོད་གསལ་ལྷུན་གྲུབ་ཀྱི་རྡོ་རྗེ་སེམས་དཔའ།།སངས་རྒྱས་ཀུན་འདུས་ཀྱི་མཚོ་སྐྱེས་རྡོ་རྗེ།།རང་བྱུང་མེ་ལོང་ལ་མངོན་སུམ་འཆར་འདུག།༼༣༽དགའ་རབ་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན།།ཤྲཱིཿསེངྷ་དང་སངས་རྒྱས་ཡེ་ཤེས།།སྙིང་ཐིག་སྙིང་བརྒྱུད་ཀྱི་དད་དམ་འགྱུར་མེད།།སྙིང་དབུས་དཀྱིལ་འཁོར་ལ་ལྷུན་གྱིས་གྲུབ་འདུག།༼༤༽བླ་མ་སངས་རྒྱས་ལ་མཐོང་བའི་མོས་གུས།།ཡི་དམ་འོད་གསལ་ཀྱི་རྫོགས་པ་ཆེན་པོ།།མཁའ་འགྲོ་རྒྱ་མཚོ་ཡི་ཕྱག་རྒྱ་ཆེན་པོ།།ཆོས་སྐྱོང་ཀུན་འདུས་ཀྱི་ཙིཏྟ་མ་ཎི།།་་་་་་་་་་༼༩༽རིག་འཛིན་བརྒྱུད་གསུམ་གྱི་བླ་མ་སྐྱབས་འགྲོ།།བདེ་བཤེགས་ཡི་དམ་ལ་དད་པས་ཕྱག་འཚལ།།སྣང་སྲིད་འཁོར་འདས་ཀྱི་ཚོགས་འཁོར་བཤམས་ནས།།བདེ་ཆེན་ཡེ་ཤེས་ཀྱི་མཆོད་སྤྲིན་ཕུལ་ཅིག།༼༡༠༽བཟུང་འཛིན་རྣམ་རྟོག་གི་བག་ཆགས་ཕྲ་རགས།།རིག་སྟོང་ཡེ་ཤེས་ཀྱི་ཀློང་དུ་བཤགས་ནས།།ངོ་བོ་རང་བཞིན་ལ་ཐུགས་རྗེས་གཟིགས་ཏེ།།གནས་ལུགས་ཀུན་བཟང་ལ་རྗེས་སུ་ཡི་རངས།།༼༡༡༽དུས་གསུམ་མཉམ་ཉིད་ཀྱི་སོ་སོར་རྟོགས་པས།།ཁམས་གསུམ་འགྲོ་ཀུན་ལ་ཆོས་འཁོར་བསྐོར་དང་།།གསང་གསུམ་མི་ཤིགས་པར་གཞོམ་གཞིག་བྲལ་བས།།རྟག་བརྟན་གཡུང་དྲུང་གིས་བརྟན་བཞུགས་གསོལ་ལོ།།༼༡༢༽དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཀུན་པོ།།རང་གྲོལ་ཆོས་སྐུ་ཡི་དབྱིངས་སུ་བསྔོའོ།།གང་ཤར་ཐོལ་རླུང་གི་རྨི་ལམ་ལུང་བསྟན།།ཤྲཱིཿསྨྱོན་ཨེ་ཧོ་ཡིས་དེ་སྐད་ཐལ་ལོ།།རབ་གནས་ས་ཕག་གི་ཟླ་༧ ཚེས ༡ དགེ་བར་རྨི་ལམ་བཞིན་ཕལ་ཆེར་དྲན་ཟིན་དག་བརྗེད་དུ་འཕོང་ནས་སྐད་ཅིག་དེ་ཉིད་ལ་ཡིག་གེར་བྲིས་ཏེ་ཨ་ས་ར་ལ་ཨེ་མ་ཧོས་ཨེ་ཝཾ་ཡོ་ག་གླིང་གི་གསུང་རབ་ནོར་བུའི་མཛོད་ཁང་ནས་གུས་ཕུལ།།
༒སྐྱེ་འཆི་དོན་ལྡན་གྱི་སྙིང་གཏམ་མགུར་མ།།
༒སྐྱེ་འཆི་དོན་ལྡན་གྱི་སྙིང་གཏམ་མགུར་མ།།ན་མོ་གུ་རུ་པདྨ་ཀ་ར་ཡེ།།རྗེ་བླ་མ་དཀོན་མཆོག་གསུམ་ལ་འདུད།།ལས་རྟེན་འབྲེལ་བསླུ་བ་མེད་པ་དང་།།དུས་སྐྱེ་ནས་འཆི་ལ་ཉེ་བ་འདིས།།དོན་རང་ཅག་ཀུན་ལ་བརྡ་ཞིག་བསྟན།།མགོན་ཤཱཀྱ་སེངྒེའི་མན་ཆད་དང་།།ལུས་སྲོག་ལྡན་སེམས་ཅན་ཐམས་ཅད་ཀུན།།ཚེ་འཇའ་ལུས་འཕོ་ཆེན་མ་འགྲུབ་ན།།འཆི་མི་དགོས་པ་ཞིག་སུ་ཡང་མེད།།སྐྱེ་མི་ལུས་སྙིང་པོ་ལོན་པའི་ཚེ།།རྒས་མཉེར་མ་སྐྲ་དཀར་མཛེས་པའི་རྒྱན།།ན་སྡུག་བསྔལ་གང་ཡོད་སྒྲིབ་སྦྱོང་ལགས།།འཆི་རང་དབང་ཐོབ་པ་དམ་པའི་གཤིས།།གཞི་གཉུག་མའི་བཙན་ས་ཟིན་པའི་ཐབས།།ལམ་ཀ་དག་ཁྲེགས་ཆོད་གདམས་པའི་མཐུས།།འབྲས་ཀུན་བཟང་རྒྱལ་ས་ཕྱིན་པའི་ཚེ།།གནད་སངས་རྒྱས་དགོངས་པ་ཚེ་འདིར་ཕྱིན།།ལུས་དལ་འབྱོར་དོན་ཆེན་ཤེས་པ་དང་།།ཚེ་མི་རྟག་རྒྱུད་ལ་འབྱོར་བའི་ཚེ།།ལས་རྒྱུ་འབྲས་མིག་གི་འབྲས་བཞིན་སྲུང་།།ལམ་བདེན་བཞི་བརྩོན་པར་ཆོས་ཉིད་ལགས།།སྐྱབས་བསླུ་མེད་དཀོན་མཆོག་སྐྱབས་སུ་འགྲོ།།མ་སེམས་ཅན་དོན་ལ་བྱང་སེམས་བསྐྱེད།།སེམས་ཀུན་བཟང་ཕྱིར་ཏུ་རྡོར་སེམས་སྒོམ།།ཚོགས་རྫོགས་ཕྱིར་གསང་གསུམ་མཎྜལ་མཆོད།།ཕྱི་ངོ་ལྐོག་མཚུངས་པས་བླ་མ་བསྟེན།།ནང་དྲན་ཤེས་བག་ཡོད་རྒྱུན་དུ་འགྲོགས།།དོན་གསང་བའི་སྐྱབས་གནས་བླ་མ་ལྟ།།གནད་རང་རིག་བླ་མའི་རྣལ་འབྱོར་བརྩོན།།དད་ངེས་འབྱུང་ལྡན་པ་རབ་བྱུང་ཡིན།།གུས་བྱང་སེམས་མཆིས་པ་སེམས་དཔའ་ལགས།།དམ་གསང་ཚིག་འཛིན་པའི་རྡོ་རྗེ་འཆང་།།ཡབ་ཀུན་ཏུ་བཟང་དང་དགོངས་པ་མཉམས།།བསྟན་བཤད་སྒྲུབ་ཕྲིན་ལས་རྒྱུད་པར་འཛིན།།འགྲོ་མ་ལུས་ཕན་བདེའི་ནུས་པར་སྐྱོང་།།ཆོས་རྫོགས་པ་ཆེན་པོའི་བརྒྱུད་པ་སྤེལ།།དཔལ་དགྱེས་པ་རྡོ་རྗེའི་སྙིང་གཏམ་ལགས།།ཞེས་པ་རབ་གནས་ས་ཕག་ཁྲུམས་ཟླའི་གནམ་གང་ལ་ངོས་ཀྱི་མཁའ་འགྲོ་ཡིད་བཞིན་ནོར་བུ་དང་སློབ་མ་སྒྲུབ་དཔོན་སངས་རྒྱས་ཀུན་འདུས་སྐུལ་ངོར་གང་ཤར་གདམས་གླུ་རུ་ཤྲཱིཿཨེ་མ་ཧོས་ཨེ་ཝཾ་ཀུན་བཟང་ཆོས་གླིང་ནས་བྲིས་པར་དགེའོ།། །།
ཨོཾ་ཨཱཿཧཱུཾཿ
ཨོཾ་ཨཱཿཧཱུཾཿ བླ་མ་ཀུན་བཟང་ཆོས་ཀྱི་སྐུཿ ཉག་གཅིག་ཟང་ཐལ་ལོངས་སྤྱོད་རྫོགསཿ ཤར་གྲོལ་འགག་མེད་སྤྲུལ་པའི་སྐུཿ རྒྱལ་བ་ཞི་ཁྲོ་སྤྲུལ་འཁོར་དགོངསཿ བདག་དང་འཁོར་བའི་སེམས་ཅན་ཐམས་ཅད་ཀྱིསཿ གཏི་མུག་འཁྲུལ་སེམས་དཔག་མེད་བླངས་པ་ནསཿད་ལྟ་ཚེ་འདིའི་ལུས་བླངས་ཡན་ཆད་དུཿ རིག་དང་མ་རིག་འཁྲུལ་པའི་ལས་དབང་གིསཿ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གིཿ དམ་ཚིག་ཆག་ཉམས་འགལ་འཁྲུལ་གྱུར་པ་ཀུནཿ མི་གསང་མི་སྦེད་གནོང་འགྱོད་མཐོལ་ལོ་བཤགསཿ ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལཿ ཨོཾ་བཛྲ་སཏྭ་ས་མ་ཡཿམ་ནུ་པཱ་ལ་ཡཿ་བཛྲ་སཏྭ་ཏེ་ནོ་པ་ཏིཥྛཿ དྲི་ཌྷོ་མེ་བྷ་ཝཿ སུ་ཏོཥྱོམེ་བྷ་ཝཿ ཨ་ན་རཀྟོ་མེ་བྷ་ཝཿ སུ་པོ་ཥྱོ་མེ་བྷ་ཝཿ སརྦ་སིདྡྷིམྨེ་པྲ་ཡ་ཙྪཿ སརྦ་ཀརྨ་སུ་ཙ་མེཿ ཙིཏྟཾཤྲི་ཡཿ ཀུ་རུ་ཧཱུཾ་ཿ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱནཿ སརྦ་ཏ་ཐཱ་ག་ཏཿ བཛྲ་མཱ་མེ་མུཉྩཿ བཛྲཱི་བྷ་ཝཿ མཧཱ་ས་མ་ས་ཏྭ་ཨཱཿདེ་རིང་ནི་བོདཟླ་དྲུག་པའི་ཚེས་སུམ་ཅུ་སྟེ་དཔལ་རྒྱལ་བ་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པའི་དུས་ཆེན་ཡིན་པས་དགེ་སྡིག་གང་བསྒྲུབ་ས་ཡ་འབུམ་དུ་འགྱུར་བར་གསུངས་པས་དགེ་བ་ལ་སྙིང་རུས་ནས་འབད་ན་ཕན་ཡོན་བསམ་གྱིས་མི་ཁྱབ་བོ།
རིག་པ་ཆོས་ཚོགས་དར་སྨོན།
རིག་པ་ཆོས་ཚོགས་དར་སྨོན།ན་མོ་གུ་རུ་པདྨ་ཀ་ར་ཡེ།།ཀུན་བཟང་བརྒྱུད་གསུམ་བླ་མའི་བྱིན་རླབས་དང་།།རིག་འཛིན་རྩ་གསུམ་སྲུང་མའི་ཐུགས་རྗེའི་མཐུས།།དཀོན་མཆོག་རྣམ་གསུམ་བདེན་པའི་དངོས་གྲུབ་དཔལ།།རིག་པ་ཆོས་ཚོགས་དར་རྒྱས་ཕུན་ཚོགས་ཤོག།ཆོས་ཀྱིས་བསྐྱངས་པའི་སློབ་ཚོགས་གཉེན་དུ་འདུས།།གྲོགས་ཀྱིས་བསླུས་པའི་འགྱོད་བཤགས་བཟོད་གསོལ་འདེབས།།ཚེ་གང་བསྒྲུབས་པའི་འབྲས་བུ་གནད་དུ་སྨིན།།རིག་པ་ཆོས་ཚོགས་འཛམ་གླིང་རྒྱན་དུ་ཤོག།ཤྲཱིས་སོ།།
མྱ་ངན་གྱི་ངུ་ངག་དྲང་སྲོང་བདེན་ཚིག ཀྱེ་མ་ཧོ།།
མྱ་ངན་གྱི་ངུ་ངག་དྲང་སྲོང་བདེན་ཚིག ཀྱེ་མ་ཧོ།། གནས་ཀུན་བཟང་བདེ་ཆེན་ཞིང་ཁམས་ནས།། རྗེ་དམ་པ་ཡིད་བཞིན་ནོར་བུ་མཁྱེན།། གྲོགས་བསོད་ནམས་རྒྱལ་མཚན་འདའ་ཚུལ་ལ།། ཐུགས་དབྱེར་མེད་འགྲུབ་པའི་བྱིན་རླབས་མཛོད།། ཡབ་ཀུན་ཏུ་བཟང་པོ་མན་ཆད་དང་།། མཁན་དགྱེས་པ་རྡོ་རྗེ་ཡན་ཆོད་ཀྱིས།། སྐྱབས་ར་མདའ་ཡོད་དོ་ནང་གི་མཆེད།། བསྟན་འགྲོ་དོན་སླར་ཡང་མྱུར་ཕེབས་གསོལ།། དགོན་ལས་རབ་ཚོགས་པའི་གཉའ་གནོན་དང་།། སྙིང་གྲོགས་ཀྱིས་བསླུས་པའི་མི་རྟག་རིགས།། མཐའ་བཞི་ལ་བརྡ་དོན་གསལ་བོར་བསྟན།། ད་བདེ་ཆེན་ཞིང་དུ་ཕེབས་བསུ་སྨོན།། དཔལ་རིག་པའི་ཆོས་གླིང་ཉམས་བསོ་དང་།། རྗེ་ལྷ་འབངས་བདེ་བའི་མཐུན་ལམ་ལ།། མགོན་ནམ་མཁའ་རྒྱ་མཚོའི་ཕྲིན་ལས་ཀུན།། ཀུན་དག་པའི་རྒྱན་ཏུ་བདེ་མྱུར་སྨོན།། གཞི་རིག་སྟོང་རིག་པའི་དབྱིངས་སུ་དག། ལམ་མཉམ་ཉིད་ཐིག་ལེ་ཉག་གཅིག་རྫོགས།། དོན་འཁོར་འདས་ཞི་ལྷག་ངང་སྨིན།། གནད་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག ། ཅེས་པ་འདི་ཡང་རབ་གནས་ས་ཕག་ཁྲུམས་ཟླའི་དབང་ཕྱོགས་རྒྱལ་བ་གསུམ་པ་འམ་བདེན་པའི་ལྷག་དཀར་ཉིན་མོར་གསར་འགྱུར་ངན་པ་དེ་ཐོས་མ་ཐག་ཏུ་དབྱིན་ཡུལ་མན་ཆི་སི་ཏྲེར་མེ་འཁོར་ས་ཚིགས་ནས་སྨོན་པར་དགེའོ།། Sad news! 我有一些非常非常悲伤的消息要给你。 Sogyal仁波切在遭受肺栓塞之后今天的健康状况恶化,他在泰国下午1点左右离开这个世界。 医生尽其所能,但无法恢复他的心脏功能。 虽然他的过往是突然的,但在某种程度上,它是非常和平和安详的,他被亲密而有爱心的学生所包围。 仁波切现在正在冥想中休息。 几位喇嘛在每一步都为我们提供精确的指导,尤其是萨迦·贡马Trichen仁波切。 在此期间,请关注Narak Kong Shak和金刚萨塔的心脏,以及百音节咒语,特别是这将是一个重点关注Guru瑜伽练习和将我们的心灵与我们心爱的大师的智慧心灵联系在一起的重要时刻。 我会及时向您提供更多信息和新闻。 用我全部的爱, 李杰 Dear Friends, I have some very, very sad news to give you. Sogyal Rinpoche’s health deteriorated today after he suffered a pulmonary embolism and he left this world around 1pm here in Thailand. The doctors did everything they could but could not restore the function of his heart. Although his passing was sudden, in a way,…
Alt Sidebar
Search




