༧མཁན་ཆེན་ཤེས་རབ་བཟང་པོའི་ཞབས་བརྟན་མ་ཎི་ཀ།
༧མཁན་ཆེན་ཤེས་རབ་བཟང་པོའི་ཞབས་བརྟན་མ་ཎི་ཀ།
ཨོཾ་སྭ་སྟི།།
ཤེས༵་རབ༵་ཆེན་པོས་མདོ་སྔགས་བསྟན་པ་འཛིན།།
བཟང༵་པོ༵་སྤྱོད་པས་དགེ་བའི་ལམ་བཟང་སྐྱོང་།།
མཁྱེན་བརྩེ་ནུས་མཐུས་བཤད་སྒྲུབ་ཚུལ་བཞིན་སྤེལ།།
མཁན་ཆེན་དམ་པའི་བཞེད་དོན་ལྷུན་གྲུབ་ཤོག།
ཅེས་པ་འང་ཨ་ཤེར་དོན་གྲུབ་ངོར་ཨེ་མ་ཧོས་ཝ་ཡེལ་སིའི་ཨེ་ཝཾ་རི་ཁྲོད་ནས་གུས་ཕུལ།།
སྤྱི་ལོ་༢༠༡༩/༨/༡༤་ལ།།