August 2019

གསོལ་འདེབས་ཨུཏྤལ་དཀར་པོ།།

གསོལ་འདེབས་ཨུཏྤལ་དཀར་པོ།།
ཨེ་མ་ཧོ།།
ཕུལ་བྱུང་མཁྱེན་རབ་དམ་པ་སྨྲ་བའི་རྒྱལ།།
འགྱུར་མེད་ཆོས་ཀྱི་སེངྒེའི་སྒྲ་ཆེན་སྒྲོག།
སྒྱུ་འཕྲུལ་དྲྭ་བའི་ཐུགས་རྗེའི་ཁྱབ་བདག་རྗེ།།
ཀུན་བཟང་འགྲོ་འདུལ་དམ་པས་བདག་སྐྱོངས་ཤིག།
གསོལ་འདེབས་བུ་ལ་བྱིན་རླབས་མྱུར་ཏུ་སྩོལ།། 
སྐྱེ་དང་ཚེ་རབས་ཀུན་ཏུ་ཐུགས་རྗེས་བཟུང་།།
སྙིང་ཐིག་གདམས་པས་ས་ལམ་ཡོན་ཏན་རྒྱས།།
མཐར་ཐུག་ཆོས་དབྱིངས་དགོངས་པར་མཉམ་རྫོགས་ཤོག། 
ཅེས་པའང་གང་དྲན་དུ་སྙིང་ནས་གསོལ་འདེབས་སུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སོ།། །།

Leave a Reply

Your email address will not be published. Required fields are marked *