January 2020

དྷྱཱྃ།༔ ཆོས་ཉིད་འོད་གསལ་རིག་པའི་གསང་མཛོད་ལས༔པདྨའི་རྣམ་ཐར་འདོད་
འཇོའི་བུམ་བཟང་སྐལ་ལྡན་དད་པའི་རྒྱུད་བསྐུལ་ཌཱ་ཀི་དགྱེས་པའི་ཞལ་ལུང་པདྨ་འོད་དུ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ༔
དྷྱཱྃ།༔ དྡ།དྡྷྱ།།ཉྭ།ཟྭ།༔ཧྱ།གྷྱ།དྷྱབྷྱེ།།༔ ན་མོ་གུ་རུ་བྷུདྡྷ་དྷརྨ་ སངྒཱ་ཡ༔ ཀ་ཡ་ཝཱཀྐ་ ཙིཏྟ་ཧྲཱི་ད་ཡ༔ ཨཽཊི་ཡ་ན་པདྨ་ཀ་ར་ཝེ༔ མ་ཎི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཕྱག་འཚལ་བླ་མ་ སངས་རྒྱས་ཆོས་དགེ་མདུན༔ སྐུ་གསུངས་ཐུགས་ཀྱི་སྙིང་པོ་གཅིག་བསྡུས་པ༔ ཨོ་ རྒྱན་ཆེན་པོ་པདྨ་འབྱུང་གནས་ཞེས༔ ཡིད་བཞིན་ནོར་བུ་མཆོག་དེས་དངོས་གྲུབ་སྩོལ༔ ཨེ་མ་ཧོ༔ སྔོན་ཚེ་རྒྱལ་པོ་རྩིབས་ཀྱི་མི་འཁྱུད་ཀྱི༔ ཕྱི་ནང་བློན་འཁོར་བུ་སྟོང་བྲན་རྣམས་ ཀྱིས༔ སངས་རྒྱས་མཆོད་ནས་དམ་པའི་ཆོས་ཉན་ཏེ༔ ཕྱོགས་བཅུའི་ཞིང་དག་བཟུང་ བར་དམ་བཅས་ཚེ༔ རྒྱ་མཚོའི་རྡུལ་གྱི་མི་མཇེད་ཞིང་ཁམས་སུ༔ ངོ་མཚར་རྨད་བྱུང་ སྨོན་ལམ་ལྔ་བརྒྱ་གཏབ༔ སྙིང་སྟོབས་ཆེན་པོས་ཚོགས་གཉིས་སྒྲིབ་པ་སྦྱོང་༔ རྩོད་ལྡན་ ཞིང་བཟུང་པད་དཀར་ལྟར་སྔགས་པའི༔ འདྲེན་པ་མཚན་ཐོས་ཕྱིར་མི་ལྡོག་པ་དེས༔ ལྷ་ཡུལ་ཏོག་དཀར་རྒྱལ་ཚབ་བྱམས་པར་གསོལ༔ ང་འོག་ཁྱེད་ཉིད་སངས་རྒྱས་འགྱུར་རོ་ གསུངས༔ ས་གའི་ཡར་ཚེས་ཐལ་དཀར་མཆེ་དྲུག་སྤྲུལ༔ གསོ་སྦྱོང་ལ་གནས་ལྷ་མོའི་ ལྷུམས་སུ་བཞུགས༔ བཀྲ་ཤིས་ལུམ་བིའི་ཚལ་འཁྲུངས་ས་ཆེན་སྟེང་༔ གོམ་པ་བདུན་བོར་ འཇིག་རྟེན་མཆོག་ང་གསུངས༔ ལང་ཚོའི་ཚད་རྫོགས་བཙུན་མོ་ཁབ་ཏུ་བཞེས༔ གྲོང་ ཁྱེར་སེར་སྐྱའི་ཤཀྱའི་རྒྱལ་སྲིད་བཟུང་༔ རྒྱུ་རྩལ་བློ་རིག་ཟླ་མེད་སྟོབས་དང་ལྡན༔ མི་ཡི་ སེང་གེ་ལྷ་ཡི་ལྷ་ཞེས་གྲགས༔ ཕོ་བྲང་རྩེར་གཟིགས་དགའ་ན་མཆི་བ་དང༔ དགེ་སྦྱོང་ གཟུགས་མཐོང་འཁོར་བར་ཡིད་སྐྱོ་ནས༔ ཁྱིམ་ནས་བྱུང་སྟེ་མཁར་གཤེགས་ཆིབས་ཁ་ བསྒྱུར༔ རྣམ་དག་མཆོད་རྟེན་དྲུང་དུ་དབུ་སྐྲ་གསིལ༔ ནེ་ར་ཛྙ་ནར་ལོ་དྲུག་ཏིང་འཛིན་ བསྒོམས༔ དཀའ་ཐུབ་མཐར་ཕྱིན་འོ་མའི་བསྙེན་བཀུར་མཐུས༔ གསེར་མདོག་ལང་ཚོ་ དལ་བབ་མཚན་བཟང་མངོན༔ བྱང་ཆུབ་ཤིང་དྲུང་རྩྭ་གདན་སྐྱིལ་ཀྲུང་བཅས༔ མི་གཡོ་ དམ་བཅའ་རྟན་པོར་མངོན་སངས་རྒྱས༔ རྒྱལ་པོའི་ཁབ་དང་གྲོང་ཁྱེར་ཡངས་པ་ཅན༔ གླང་སྨྱོན་བཏུལ་ནས་སྤྲེའུས་སྦྲང་རྩི་ཕུལ༔ མ་ག་དྷ་རུ་ཐུབ་པ་མངོན་བྱང་ཆུབ༔ ཆོས་
1

བསྟན་མ་གོ་སྐྱོ་བའི་ཚུལ་མཛད་ཚེ༔ ཚངས་པ་བརྒྱ་བྱིན་གསེར་འཁོར་ཆོས་དུང་ཕུལ༔ ཝ་ ར་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར༔ ཛེ་ཏའི་ཚལ་དུ་ཆོ་འཕྲུལ་བདུད་བཅོམ་ནས༔ དངོས་ དང་དངོས་མེད་འགྲོ་བ་མཐའ་དག་ལ༔ ཆོས་ཀྱི་འཁོར་ལོ་རྣམ་པ་བཞི་རུ་བསྐོར༔ ས་གའི་ ཉ་ལ་རྩྭ་མཆོག་དྲུང་དུ་བྱོན༔ རྟག་འཛིན་བྱིས་བློ་མ་རིག་ལས་སློང་ཕྱིར༔ ང་ནི་འདི་ནས་མྱ་ ངན་འདའ་འོ་གསུངས༔ ཀུན་དགའ་བོ་སོགས་མྱ་ངན་མ་མཛད་ཅིག༔ ལྷོ་ནུབ་མདང་ལྡན་ གཡུ་མདོག་མཚོ་དབུས་སུ༔ རྫུས་སྐྱེས་ང་སྤྲུལ་ང་ལས་ལྷག་པ་འཁྲུངས༔ ཨོ་རྒྱན་མ་ལ་ཡ་ དང་གནམ་ལྕགས་རྩེར༔ གསང་སྔགས་བསྟན་པ་མཁའ་ལ་ཉི་བཞིན་གསལ༔ ང་ཡི་བསྟན་ པ་བྱང་ནས་བྱང་དུ་དར༔ ཞེས་གསུངས་ལུང་བསྟན་ཞི་བའི་དབྱིངས་སུ་གཟིམས༔ བསོད་ ནམ་ཞིང་དུ་མཆོད་རྟེན་རིང་བསྲེལ་བཞག༔ དེ་ཚེ་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས༔ འགྲོ་འདུལ་གཟིགས་སྟངས་རྣམ་པ་གསུམ་ ལ་གཟིགས༔ བཞུགས་སྟངས་སྐུ་ལས་སྤྲུལ་བ་རྣམ་གསུམ་འབྱེད༔ ཕྱག་གཡས་འོད་ཟེར་ སྤྱན་གཟིགས་གཡོན་སྒྲོལ་མ༔ ཡང་སྤྲུལ་བྱེ་བ་ཕྲག་བརྒྱ་དུས་གཅིག་འགྱེད༔ ཐུགས་ཀའི་ འོད་ཟེར་ལྗག་སྟེང་པདྨའི་ངོར༔ གསེར་གྱི་རྡོ་རྗེ་ཧྲཱིཿ་དམར་མཚན་པ་འཕྲོས༔ འོ་མ་ཅན་གྱི་ རྒྱ་མཚོར་བབས་པ་ན༔ ངོ་མཚར་པདྨའི་གདོང་པོའི་ཟེའུ་འབྲས་དབུས༔ ཁྱེའུ་བལྟ་མཛེས་ ཟུར་བ་ཕྲོམ་མེ་བྱུང་༔ ཕྱོགས་བཅུའི་ཞིང་ནས་རབ་འབྱམས་རྒྱལ་བ་ཡི༔ བྱིན་བརླབ་ཡེ་ ཤེས་འཇའ་ཟེར་སྣ་ལྔ་འཕྲོས༔ ལྷ་དབང་རྒྱ་བྱིན་ལྷ་ཆེན་ཐམས་ཅད་ཀྱིས༔ རྔ་ཆེན་སྒྲ་དང་ པུ་ཝང་སྒྲ་བཅས་བསྟོད༔ དེ་དུས་རྒྱལ་པོ་ཨིནྡྲ་བྷུ་ཏི་ཡིས༔ ལོངས་སྤྱོད་ནོར་རྣམས་སྦྱིན་པ་ བྱིན་ནས་ཟད༔ ཐབས་མཆོག་རྩལ་ཚེ་ནོར་བུ་བླང་ན་སེལ༔ མཚོ་རུ་འགྲོ་བར་ཞལ་བཞེས་ བྲོ་ཆས་བསྡུས༔ རྒྱལ་པོ་ཉི་མ་ཨིནྡྲ་བྷུ་ཏི་དང་༔ བློན་ཆེན་ཟླ་བ་ཏྲིག་ན་འཛིན་པ་ཡིས༔ དེད་དཔོན་རབ་བཟང་སྐར་མ་འོད་གསལ་ལ༔ རྒྱ་མཚོར་འགྲོ་བའི་ས་མཁན་གྱིས་ཤིག་ གསུངས༔ མི་འགྲོ་རྒན་པོས་རྒྱུ་སྲོག་མི་རྗེ་ཟེར༔ རྒྱལ་པོས་མི་སྐྱོན་དཀོན་མཆོག་སྐྱབས་
2

དྷྱཱྃ།༔ གནས་བཞུགས༔ བདེ་བར་སླེབ་ཡོང་ད་ནི་ཆས་ཤིག་གསུངས༔ གཟིངས་ཐོག་ དར་བོ་ཆེ་དང་གཡེར་ཤིང་བསྒྲེངས༔ མགྱོགས་པའི་དཔེ་ནི་དཔའ་ཆེན་མདའ་ལྟར་སོང་༔ འཁོར་རྣམས་རིན་པོ་ཆེ་ཡི་གླིང་དེར་བཞག༔ རྒྱལ་བློན་བྱོན་པའི་བསམ་འཕེལ་ཡིད་བཞིན་ ལོན༔ གསོལ་གཏབ་མིག་གཡོན་ཕྱེ་བའི་ནུབ་མོ་ལ༔ ཡ་མཚན་རྨི་ལམ་གསེར་གྱི་རྡོ་རྗེ་ ཞིག༔ མཁའ་ནས་བྱུང་དེ་ལག་ཏུ་གསོན་པ་དང་༔ འོད་ཟེར་འཕྲོས་ནས་ཕྱོགས་བཅུར་ཁྱབ་ པ་རྨིས༔ ཕྱིར་ནང་ཕྱིར་བྱོན་མཚོ་ཡི་ངོགས་ཤིག་ཏུ༔ མེ་ཏོག་ཆར་བབས་འཇའ་འོད་འཕྲོ་བ་ དང་༔ ངང་ངུར་བརྩེ་ཞིང་སྐད་སྙན་སྒྲོགས་པ་མཐོང་༔ རྒྱལ་པོས་བློན་ལ་ཕ་གིར་ཅི་འདུག་ དྲིས༔ བློན་པོས་གཟིགས་ནས་མཚོ་སྐྱེས་རྡོ་རྗེ་འཇལ༔ ངོ་མཚར་སྐྱེ་དེ་རྒྱལ་པོའི་སྙན་ལ་ ཞུས༔ རྒྱལ་བློན་དེར་བྱོན་ཕྱག་འཚལ་བསྟོད་པ་མཛད༔ པདྨ་ཁྱེའུ་དང་བཅས་བུ་སྐལ་ ཁྱེར༔ བྱིན་བརླབ་སྟོབས་ཀྱིས་རྒྱལ་པོའི་སྤྱན་གཉིས་གསལ༔ རྒྱལ་བུ་སྲས་ཀྱིས་རྟེན་ འབྲེལ་བརྡ་ལ་གཟིགས༔ བརྡ་དོན་ཁོངས་ཆུད་ཨོ་རྒྱན་ཡུལ་ལ་བྱོན༔ ཨོ་རྒྱན་རྒྱལ་པོས་ སྲས་ཀྱི་སྐལ་བར་མཛད༔ སྲིད་ལ་ཐུགས་སྐྱོ་ལྗོན་པའི་ཚལ་དུ་བྱོན༔ དྲང་སྲོང་རྣམས་ཀྱི་ མཐོང་ནས་བསྟོད་པ་མཛད༔ རྒྱལ་པོས་འོད་ཆུང་ཁབ་བཞེས་རྒྱལ་སྲིད་ཕུལ༔ སེམས་ཅན་ ངན་འགྲོའི་གཡུང་ལ་ཐུགས་གཟིགས་ནས༔ རྒྱལ་སྲིད་སྤངས་བའི་ཐབས་ལ་དགོངས་པ་ ན༔ ཚེ་སྔོན་ལན་ཆགས་བློན་གྱི་བཙུན་མོར་ཆགས༔ རྒྱུ་འབྲས་བསྟན་ནས་དག་པའི་ཞིང་ ལ་དྲངས༔ རྒྱལ་ཁྲིམས་བཙན་པའི་མཐའ་ལ་སྤྱུགས་ཞེས་སྨྲས༔ སྨྲས་པ་ཟློག་མེད་སྤྱུགས་ པའི་ཉིན་མོ་ལ༔ རྒྱལ་པོ་ཐུགས་རྨུགས་ནོར་བུ་ཁྱེར་ཅིག་གསུངས༔ སྲས་ཀྱིས་ལྗག་ནས་ ནོར་བུ་གཅིག་བླང་དེ༔ ཡབ་ལ་ཕུལ་ནས་ཞུ་བ་འདི་ལྟར་མཛད༔ བདག་གི་སྣང་བ་ཡིད་ བཞིན་ནོར་བུ་ཡིན༔ ཡབ་ཀྱི་ནོར་བུའི་བདག་ལ་ཅི་ཞིག་བྱ༔ གནས་ལ་ངེས་མེད་གང་ བཞུགས་བཞལ་ཡས་ཁང་༔ གྲོགས་ལ་ངེས་མེད་དཔའ་བོ་མཁའ་འགྲོ་གྲོགས༔ བཤད་རྒྱུ་ ཆོས་ཡིན་རྒྱལ་པོའི་ལྡན་ས་ཐོབ༔ ཡོ་ག་རྣམ་གསུམ་ཀློང་རྡོལ་བདེ་བ་ལྡན༔ རྡོ་རྗེ་སེམས་
3

དཔའི་གསུངས་བཞིན་སྤྱུགས་ན་ལེགས༔ འདུས་བྱས་མི་རྟག་འབྲལ་བ་འཁོར་བའི་ཆོས༔ འདི་ལ་སྐྱོ་ན་དམ་པའི་ཆོས་མཛད་དེ༔ ལེ་ལོ་གཡེངས་བ་མ་མཛད་རྒྱལ་པོར་གསུངས༔ འཇིགས་རུང་དུར་ཁྲོད་བསིལ་བ་ཚལ་དུ་བྱོན༔ པདྨ་རྒྱལ་པོས་བམ་རོའི་སྒྲུབ་པ་མཛད༔ བཏུལ་བཞུགས་སྤྱོད་པས་མཁའ་འགྲོ་དབང་དུ་བསྡུས༔ མ་ཚོགས་ཌཱ་ཀིར་ཆོས་ཀྱི་འཁོར་ ལོ་བསྐོར༔ རྣལ་འབྱོར་དབང་ཕྱུག་ཉི་མ་འོད་ཟེར་གྲགས༔ དེ་ནས་རྒྱ་གར་རྡོ་རྗེ་གདན་ལ་ བྱོན༔ གཉེར་གནས་ཀུན་དགའ་བོ་ལ་མདོ་དྲིས་ཏེ༔ པྲཱ་བྷ་ཧ་ཏིིའི་སྤྱན་སྔར་རབ་ཏུ་བྱང་༔ མདོ་སྔགས་རྒྱུ་འབྲས་གསུམ་གསུམ་ཐེག་པ་དགུ༔ གསན་སྦྱོང་མཛད་ནས་བསྟན་པ་དག་ ཐེར་མཛད༔ མཚན་ཡང་ཨོ་རྒྱན་ཤཀྱ་སེང་གེར་གསོལ༔ དེ་ནས་མཁའ་དབྱིངས་རྣམ་པར་ དག་པའི་ཞིང་༔ ཆོས་སྐུའི་སྟོན་པ་ཀུན་དུ་བཟང་པོ་དང་༔ དགོངས་རྒྱུད་རྒྱུ་འཕྲུལ་རྡོ་རྗེ་ སེམས་དཔའ་རྟེན༔ རིག་འཛིན་བརྡ་རྒྱུད་གསང་སྔགས་ཆོས་རྣམས་གསན༔ སྨིན་གྲོལ་ འཇུག་སྒོ་དབང་གིས་འབྱེད་དགོངས་ནས༔ གསང་བ་ཡེ་ཤེས་ཌཱ་ཀིའི་མདུན་བྱིན་ནས༔ མཆོག་གི་དབང་བསྐུར་སྐུ་ཡི་དབྱིབས་རྒྱུད་དེ༔ ཧཱུྃ་ཡིག་རྣམ་པར་གསང་བར་ཕྱིར་བྱུང་ནས༔ ལྷ་ཚོགས་མདུན་གྱི་ནམ་འཁར་གསལ་བར་བསྟན༔ གཞན་ཡང་སྟོན་པ་དགའ་རབ་རྡོ་རྗེ་ དང་༔ རིག་འཛིན་ཆེན་པོ་ཤྲི་སེང་ཧའི་དྲུང་༔ རྫོགས་ཆེན་ཕྱི་ནང་གསང་སྐོར་མ་ལུས་ གསན༔ སྡིག་མཛུབ་མཁར་བསྟན་བླ་མ་སྤྱི་བོར་ཐུམ༔ ཐུགས་ཡིད་གཅིག་འདྲེས་དབྱེར་ མེད་རོ་གཅིག་གྱུར༔ དགོངས་པ་མཉམ་བཞག་གདུལ་བྱ་གང་འདུག་གཟིགས༔ ཚེ་དབང་ ཕྱག་རྒྱ་ལྷ་ལྕམ་ལ་དགོངས་ནས༔ ཡུལ་དེར་བྱོན་ནས་རྫུ་འཕྲུལ་མཁའ་རུ་འཕུར༔ འབྱུང་ བཞི་ཐོག་མེད་རྡོ་ལ་ཞབས་རྗེས་བཞག༔ འཁོར་བའི་སྐྱོན་སྤངས་མནྡ་ར་བས་གཟིགས༔ ལྡོག་མེད་དད་པའི་ལུས་ཀྱི་སྤུ་ཟེངས་ནས༔ ནང་ལ་སྤྱན་དྲངས་ཆོས་ཀྱི་འཁོར་ལོ་བསྐོར༔ གླང་རྫིས་ཕོ་སྐད་ཐོས་ཞེས་རྒྱལ་བོར་ཞུས༔ རྒྱལ་བློན་བཙན་པོས་ཁྲིམས་ཀྱི་མེ་ལ་ བསྲེགས༔ མེ་དཔུང་མཚོ་བསྒྱུར་པདྨའི་སྐྱུལ་ཀྲུང་བཞུགས༔ མཚོ་མཐར་མེ་ཡི་དུད་པ་མ་
4

དྷྱཱྃ།༔ ཆད་པའི༔ ཡིད་མ་ཆེས་ནས་རྒྱལ་པོ་བལྟ་རུ་བྱིན༔ རྫུ་འཕྲུལ་གཟིགས་ནས་རྒྱལ་ པོ་ས་ལ་འགྱེལ༔ བསྟོད་བྱས་ཕྱག་འཚལ་ལུས་ཀྱི་རྒྱན་ཕུད་དེ༔ ཤིང་རྟར་སྤྱན་དྲངས་ཐེག་ པ་མགུལ་ལ་སྤྲས༔ པད་ཞྭ་ཟ་བེར་ལྷ་ལྕམ་རྒྱལ་སྲིད་ཕུལ༔ དབང་ཞུས་གསང་སྔགས་ བཀའ་འདུས་དཀྱིལ་འཁོར་ཕྱེ༔ ཕོ་བྲང་རྩེ་ནས་ཚེ་ཡི་རིག་འཛིན་བསྒྲུབ༔ ཚེ་དཔག་མེད་པ་ མདུན་གྱི་ནམ་མཁར་བྱོན༔ རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད་དབང་བསྐུར༔ དེ་ནས་བདེ་མཆོག་ དུས་ཀྱི་སྙིང་པོར་སྤྲུལ༔ ཀླུ་ཡི་ཁྱབ་འཇུག་གསོན་མ་ཉ་ཡི་བཏུལ༔ མི་རྟག་ཡུལ་ཕུད་ནང་ ཆོས་དག་ཐེར་མཛད༔ ཀྲ་མ་ཤཱི་ལར་མི་རྟག་འཇིག་པ་བྱུང་༔ མཁའ་འགྲོའི་ལུང་བསྟན་ཨོ་ རྒྱན་སྤྱན་འདྲེན་བསྐུལ༔ མཁའ་ནས་བྱོན་དེ་མི་རྟག་ལ་འདྲན་ཚེ༔ སྟོན་པ་ལྔ་བརྒྱར་རྩོད་ པའི་ཨོ་རྒྱན་རྒྱལ༔ ངན་སྔགས་སྟོབས་ཀྱིས་མཁར་འཕུར་ཐོག་གིས་བསྒྲལ༔ མི་རྟག་སྡེར་ ཆགས་སེང་གེ་སྒྲ་ཡིས་བཏུལ༔ སླར་ཡང་ཨོ་རྒྱན་ཡུལ་དུ་གདུལ་བྱ་འདུལ༔ ཨིནྡྲ་བྷོ་ཏི་ ཚོམ་བུ་འབུམ་དང་བཅས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ༔ གྲུབ་མཉེས་ མཁའ་སྤྱོད་གནས་སུ་བྱ་ལྟར་གཤེགས༔ མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པའི་དྲུང་༔ ཟབ་རྒྱས་དཀྱིལ་འཁོར་དགུ་ཡི་དངོས་གྲུབ་བརྙེས༔ རིག་འཛིན་མཆོག་བརྒྱད་གྲུབ་པའི་ས་ ལ་གཤེགས༔ ཌཱ་ཀིས་གཏེར་སྒྲོམ་རང་རང་ལ་གཏད་ནས༔ ཡོངས་རྫོགས་བདེ་གཤེགས་ བཀའ་བབས་ཨོ་རྒྱན་རྗེ༔ རྒྱ་གར་ཡུལ་དུ་བསྟན་པའི་སྒྲོན་མེ་སྦར༔ པཎ་ཆེན་ལྔ་བརྒྱའི་ གཙུག་རྒྱན་སམ་བྷ་ཝ༔ རྒྱལ་པོ་ཉི་མ་སེང་གེས་གདན་དྲངས་བཞུགས༔ སྐབས་དེར་པྲེ་ཏ་ བོད་ཀྱི་རྒྱལ་ཁམས་སུ༔ གནས་ཀྱི་མཆོག་གྱུར་རི་བོ་རྩེ་ལྔ་ནས༔ འཇམ་དཔལ་ཐུགས་ ལས་འོད་ཟེེེར་སྣ་ལྔ་འཕྲོས༔ བྲག་དམར་མགྲིན་བཟང་ཁྲི་སྡེ་གཙུག་བརྟན་གྱིས༔ སྲས་ཀྱི་ ཚུལ་དུ་འཇམ་དབྱངས་དངོས་བལྟམས་ནས༔ རྟ་ཡི་ལོར་འཁྲུངས་མཚན་བཟང་དུ་མིའི་ རྒྱན༔ མཚན་ལྟས་མཁན་གྱིས་མཚན་བཟང་ཚུལ་མཐོང་ནས༔ ཕྱག་འཚལ་མཚན་ལ་ཁྲི་ སྲོང་སྡེའུ་བཙན་གསོལ༔ བཅོ་ལྔར་རྒྱལ་སྲིད་བཟུང་ནས་མངའ་འབངས་བསྐྱོངས༔ དམར་
5

རྒྱན་ཚེ་སྤངས་བཟའ་གཉིས་ཁབ་ཏུ་བཞེས༔ ཆོས་ཀྱི་བསམ་པ་སྐྱེས་ནས་བློན་ཚོགས་ལ༔ ཐབས་ཤེས་བློ་ཡི་གདམ་ང་འདི་ལྟར་བསྐུར༔ ཀྱེ་ཧོ་བོད་ཀྱི་བློན་ཚོགས་ཐམས་ཅད་ཉོན༔ བདག་གི་མངའ་རིས་བློན་འཁོར་འབངས་མི་ཡི༔ ཁྲིམས་ལ་མི་བསྐུར་རྗེ་ལ་མི་ཉན་ན༔ བཙད་པོས་ལུས་དང་སྲོག་གི་ཆད་པ་ཡོད༔ ཤེལ་གྱི་མེ་ལོང་ཞང་ཡུལ་མཐོང་དང་གཅིག༔ ཡར་ཀླུངས་གཙང་པོ་ཟངས་བུགསའདྲེན་དང་གཉིས༔ ལྷ་ཡི་དམུ་ཐེག་གནམ་ནས་འཐེན་ དང་གསུམ༔ འཆི་མེད་མི་ཡི་ལུས་ཕུང་འཚོ་སྨན་བཞི༔ གཙུག་ལག་ཁང་མཛེས་རྒྱན་བཀོད་ ལྡན་པ་ལྔ༔ གདམ་ང་ཡིན་པའི་གང་འདོད་སྒྲུབས་ཤིག་གསུངས༔ བློན་རྣམས་བཞིན་གྱི་ མདོག་འགྱུར་མི་འགྲུབ་ཟེར༔ ཞང་བློན་རྒན་པ་ཆོས་ལ་དགའ་བ་ཡི༔ གཙུག་ལག་ཁང་ནི་ འགྲུབ་ལ་སླ་བ་ཡིན༔ དེ་ཉིད་བསྒྲུབ་ཞེས་རྗེ་ལ་ཡར་ཞུ་བྱས༔ མངའ་བདག་དགྱེས་ནས་ བྷིར་རྗེ་བཙན་པ་དྲངས༔ ས་དཔྱད་བྱས་པའི་ས་འདུལ་མཁན་དགོས་གསུངས༔ གཉགས་ ཆེན་ཛྙཱ་ན་རྡོ་རྗེ་བདུད་འཇོམས་དང་༔ སྦ་མི་ཁྲི་བཞེར་ཡེ་ཤེས་དབྱངས་བཞི་བོ༔ གསེར་བྱེ་ བསྐུར་ཏེ་ཟ་ཧོར་ཡུལ་དུ་མངག༔ ཡུལ་མི་ཀུན་འདུས་སྣ་ལག་གབ་ཏེ་བལྟ༔ ཟ་ཧོར་མཁན་ པོ་བྱང་ཆུབ་སེམས་དཔའ་ཡི༔ གསུངས་མ་གོ་ཡང་སྐུ་ལ་མོས་པ་ཐོབ༔ རྒྱལ་པོའི་བཀའ་ ཡིག་གསེར་བྱེ་ཕུལ་བའི་ཚེ༔ མཁན་པོ་དགྱེས་པའི་ཞལ་མདངས་དཀར་བསྟན་ནས༔ བོད་ ལ་བྱོན་ནས་གསང་ཕུར་རྗེ་དང་འཇལ༔ ཡོན་མཆོད་ཐུགས་འདྲེས་ཕྱག་བཟུང་དབུ་གཏུག་ ནས༔ བསམ་ཡས་ས་བཟུང་ས་འདུལ་མཛད་པའི་ཚེ༔ རྒྱལ་པོས་གསེར་གྱི་འཇོར་ལ་སྨན་ སྣ་བྱུགས༔ ས་རྐོའི་ས་ཞག་བྱུང་ནས་དབུ་ལ་བྱུགས༔ མཁན་པོས་རྗེ་ཡི་བསམ་པ་འགྲུབ་ པ་དང་༔ བསྟན་པ་རབ་ཏུ་དར་བར་གྱུར་ཅིག་གསུངས༔ རྩིག་པའི་རྨང་ཞག་ཚེར་ཕུང་ གཅིག་གཅད་པའི༔ ལྷ་འདྲེ་འཁྲུགས་ནས་ས་རྡོ་རང་གནས་བསྐྱལ༔ མ་འགྲུབ་སྡུག་ བསྔལ་ཁུལ་གྱི་རྒྱལ་པོ་གནོན༔ སྐྱོ་བའི་སྤྱན་ནས་མཆི་མ་ཟིམ་ཟིམ་འབེབས༔ བཞིན་གྱི་ མདངས་ཉམས་ཟས་ཀྱི་བཅུད་མ་གསོལ༔ ཀྱེ་མ་མཁན་ཆེན་བྱང་ཆུབ་སེམས་དཔའ་
6

དྷྱཱྃ།༔ ལགས༔ གདོང་དམར་རྒྱལ་བློན་བསོད་ནམ་ཆུང་ལ་གཟིགས༔ མི་འགྲུབ་ལྷ་ ཁང་ཤོར་ལ་ཉེ་བ་འདི༔ ཅེས་ཀྱང་འགྲུབ་པའི་བསྐལ་བ་ཞིག་བྱུང་ན༔ རྒྱལ་པོ་བདག་གི་ཤ་ རུས་ཕྱེ་གྱུར་ཀྱང་༔ འགྱོད་པ་མི་སྐྱེ་ཐབས་མཆོག་ཅི་ལགས་ཞུས༔ མཁན་པོས་ཞལ་ནས་ རྒྱ་གར་ཡུལ་དུ་ནི༔ ཨོ་རྒྱན་པདྨ་རྫུས་སྐྱེས་འགྲོ་བའི་མགོན༔ ལྷ་འདྲེ་མི་གསུམ་འདུལ་ བའི་གྲུབ་ཐོབ་བཞུགས༔ དེ་ཉིད་སྤྱན་དྲངས་སྔོན་གྱི་སྨོན་ལམ་ཡོད༔ བལ་ཡུལ་མཆོད་རྟེན་ སྐྱེས་པ་མི་བཞིའི་སྦྱོང་༔ སྨོན་ལམ་མཐུ་བཙན་འོ་སྐལ་སྤུན་བཞི་ཡིན༔ དེ་ལྟར་ལུང་བསྟན་ མངའ་བདག་རྒྱལ་པོ་ཡིས༔ སྦ་མི་ཁྲི་བཞེར་རྡོ་རྗེ་བདུད་འཇོམས་དང་༔ མཆིམས་ཀྱི་ཕྲུ་གུ་ ཤཀྱ་བྷ་དྲ་ཞེས༔ ཤུད་བུ་དཔལ་སེང་ལྔ་ལ་གསེར་བྱེ་བསྐུར༔ རྒྱ་གར་ལ་ཐོན་སློབ་དཔོན་ མཚན་སྙན་ཐོས༔ པད་འབྱུང་ལ་གཏུད་འཇལ་ཚེ་མཁྱེན་བཞིན་དུ༔ ཁྱེད་རྣམས་སུ་ཡིན་ ཅེས་ཕྱིར་འོང་ཞེས་གསུངས༔ ངེད་རྣམས་བོད་ཀྱི་སློབ་དཔོན་གདན་འདྲེན་ཡིན༔ ཞུ་རྟེན་ གསེར་དང་བཀའ་ཤོག་འདི་ལགས་ཞུས༔ པྲེ་ཏ་པུ་རིའི་རྒྱལ་པོའི་སྐུ་ཡོན་འདི༔ ཕྱོགས་ བཅུའི་རྒྱལ་བར་འབུལ་ཞེས་མཁའ་རུ་གཏོར༔ ཕངས་སེམས་སྐྱེ་ཚེ་ཁྱེད་རྣམས་ཐུ་གཟེད་ གསུངས༔ ས་བསག་བླུགས་ཚེ་གསེར་དང་དངུལ་དུ་གྱུར༔ ཡིད་ཆེས་གྱུར་ནས་སྐུ་ལ་མོས་ པ་ཐོབ༔ བོད་ཀྱི་ལྷ་འདྲེ་ཟེངས་ཞིང་འཁྲུགས་འདུག་པའི༔ ང་ཡི་འདུལ་ཞིང་ཕྱི་ནས་མར་ ལ་འོང་༔ ཁྱེད་ཅག་འདི་ནས་སྔོན་ལ་སོང་ཞིག་གསུངས༔ དེ་ཚེ་རྒྱ་བལ་པཎ་ཆེན་རྨི་སྟིས་ ལོག༔ སློབ་དཔོན་བྱོན་པ་ཤེས་ནས་གཤོལ་གཏབ་ཀྱང་༔ ང་ཡི་འགྲོ་དོན་དུས་བབས་མི་ བསྡོད་གསུངས༔ ཁྱུང་གཤོག་མཁའ་ལ་སྐྱོང་ལྟར་ནམ་མཁར་འཕུར༔ བལ་ཡུལ་བྱོན་ སྐབས་བར་ཆད་འཚེ་བ་བྱུང་༔ ཕུར་བ་བྷུདྡོ་ཏ་མ་མི་ཁུལ་རྫོང་༔ ཚ་བ་ཚ་ཤོད་སླེབ་པའི་བར་ ཆད་སེལ༔ འགྲོ་དོན་དཔག་མེད་གཏེར་ཁ་སོ་སོར་སྦས༔ དེ་ནས་བྱང་གི་བྱེར་ཐང་ལ་ གསུམ་བྱོན༔ བརྟན་མ་བཅུ་གཉིས་ཐོག་སྨད་བཅུ་གཉིས་ཕབས༔ རི་ཡི་བར་བཅུར་རྡུལ་ རླུང་སེར་བ་བྱུང་༔ གནམ་ས་གཡོ་ཞིང་ཡ་ངའི་འཇིགས་སྒྲ་བསྒྲོགས༔ སྡིག་མཛུབ་མཁར་
7

བསྟན་མ་བཟོད་སྲོག་སྙིང་ཕུལ༔ གངས་ཀྱི་གཡུ་བུན་མཚོ་ཡི་ནང་ལ་བྲོས༔ མཚོ་ཁོལ་ཤ་ རུས་ཕྱེ་ནས་ཕྱིར་ལ་ཐོན༔ མ་བཟོད་སྲོག་སྙིང་ཕུལ་ནས་གཏེར་གཉེར་གཏད༔ གཙང་སྟོད་ ཕྱིན་ནས་ཡར་ལྷ་ཤམ་པོ་དང་༔ ཐང་ལྷ་མཁར་རི་སྨྱོ་ཁ་བདུད་བཙན་རྣམས༔ རྫུ་འཕྲུལ་ སྟོབས་ཀྱིས་བཀུག་ནས་དམ་ལ་བཏགས༔ སྟག་ཚུང་སེང་གེར་བདུད་དང་མི་རྟག་འདུལ༔ སྟོད་ལུང་ལ་ཐོན་བོད་ཀྱི་བསུ་མ་བྱུང་༔ ལྷ་བཟང་ཀླུ་དཔལ་རྒྱལ་པོའི་སྐུ་ཚབ་བྱས༔ ཚ་བྲོས་ བསྐོལ་ཚེ་ཇ་ཆུ་མ་སྙེད་ནས༔ པདྨའི་ཕྱག་མཁར་དུང་བའི་གདོང་ལ་གཏད༔ ལྷ་ཆུ་བྱུང་ནས་ གཞོང་པ་གཟེད་ཅིག་གསུངས༔ འོམ་བུའི་ཚལ་དུ་རྒྱལ་པོ་བསུ་མར་བྱུང་༔ སློབ་དཔོན་ཆེ་ བ་དགུ་བཅས་ང་རྒྱལ་བཟུང་༔ རྒྱལ་པོ་ཁེངས་དྲག་ཆེ་བའི་ཕྱག་མ་འཚལ༔ པད་མས་ཆེ་བ་ རྣམས་ཀྱི་མགུར་བཞེངས་ནས༔ རྒྱལ་པོའི་ང་རྒྱལ་བཅོམ་ཕྱིར་ཕྱག་རྒྱ་བྱས༔ སོར་རྩེའི་མེ་ བྱུང་མངའ་བདག་མནབས་ཟ་ཚིག༔ མ་གཟོད་འགྱོད་བཞིན་ལྷ་ཕྱག་དགུ་ཕྲུགས་འཚལ༔ ཉམས་ཆགས་བསྐོངས་ཕྱིར་རྡོ་ཡི་མཆོད་རྟེན་བཞེངས༔ བྷོ་དྷི་ས་ཏྭས་པདྨར་ཕྱག་བྱས་ བསུས༔ ཞུམ་དགུ་གསོལ་ཞིང་མཁན་སློབ་བཀའ་གྲོས་མཛད༔ བཀོད་པ་བཞེང་ཚུལ་སྟེང་ ཁང་འོག་ཁང་སོགས༔ རྫུ་འཕྲུལ་ནམ་མཁར་རྒྱལ་པོ་ཉིད་ལ་བསྟན༔ མངའ་བདག་ཞལ་ ནས་བསམ་མཐའ་ཡས་སོ་གསུངས༔ ས་འདུལ་མཛད་ནས་ཆེ་ཆུང་ཚད་བཟུང་ཚེ༔ མགོས་ སོགས་ཆོས་བློན་རྣམས་ཀྱིས་ཆེ་དགོས་གསུངས༔ ཀླུ་དཔལ་ད་ར་ཀླུ་གོང་ལི་སྟག་བཅས༔ ཆུང་དགོས་ཟེར་ནས་མ་འཆམས་ཁ་ཤགས་བྱུང་༔ རྒྱལ་པོས་ཕྱག་མདའ་སྤྲིང་ནས་ཚད་ བཟུང་གསུངས༔ བོན་བློན་རྣམས་ཀྱི་མདའ་ནང་དངུལ་ཆུ་བླུག༔ རྒྱང་ལ་མ་སོང་ཕོ་འདོམ་ བཅུ་གསུམ་ཙམ༔ སློབ་དཔོན་རྡོ་རྗེའི་གར་མཛད་ནམ་མཁར་འཕུར༔ སྐུ་གྲིབ་གང་བྱུང་ ཐིག་གདབ་རྩིག་རྨང་བཞག༔ གྱང་མཁན་མི་ཡི་མ་འགྲུབ་ངལ་དུབ་ཚེ༔ སློབ་དཔོན་ལྷ་ འདྲེ་དབང་བསྡུས་ལས་ཀ་བཅོལ༔ ཚངས་པ་བརྒྱ་བྱིན་རྒྱལ་ཆེན་ལས་དཔོན་བྱས༔ ཀི་ ཅོའི་སྒྲ་དང་བཅས་ཏེ་གྱང་བརྡུང་བས༔ ཉིན་མོ་མི་བས་མཚན་མོ་ལྷ་འདྲེའི་མཐོ༔ ནོར་གྱི་
8

དྷྱཱྃ།༔ མ་འདངས་ཀླུ་ལས་གསེར་བྱེ་བླངས༔ བསམ་ཡས་བརྩིགས་པ་མི་འདྲ་སྐྱེས་པ་ འདྲ༔ དབུ་རྩེ་རི་གསུམ་རི་རབ་ཚུལ་དུ་བཞེངས༔ ཡཀྴ་སྟེང་འོག་ཉི་མ་ཟླ་བའི་ཚུལ༔ གླིང་ ཆེན་བཞི་དང་གླིང་ཕྲན་བརྒྱད་ཀྱི་བསྐོར༔ ཟླུམ་བསྐོར་ལྕགས་རིར་མཆོད་རྟེན་སྟོང་རྩ་ བརྒྱད༔ ལོག་བཞི་རྡོ་རིང་བཞི་ལ་ཟངས་ཁྱི་ཟུག༔ ཐོག་གསུམ་རྒྱ་གར་རྒྱ་ནག་བལ་བོའི་ ལུགས༔ ཡོངས་འདུས་ལྷ་ཡི་དཀྱིལ་འཁོར་སྒོ་རྫོགས་རེ༔ སྐུ་རྟེན་མདོ་སྔགས་བཞུགས་ བྱང་མ་ལུས་པ༔ ཀླུ་ལས་གསེར་བླང་གསེར་གྱི་ལྷ་རས་བྲིས༔ ཁྱད་འཕགས་ལགས་འགྲུབ་ རབ་གནས་མེ་ཏོག་མཐོར༔ ཨ་རུ་རློན་པའི་ཆར་པ་ལན་གསུམ་བབས༔ ངོ་མཚར་ལྟས་ བྱུང་ལྷ་ཀླུའི་མཆོད་པ་ཕུལ༔ བྱིན་བརླབས་འཇའ་འོད་རོལ་མོ་མ་དཀྲོལ་འཁྲོལ༔ ལྷ་རྣམས་ གསུངས་བྱོན་འཛུམ་པའི་མདངས་ཡང་བསྟན༔ ཁྲོ་བོར་མེ་འབར་གདོང་མིག་གར་འཁྲབ་ གྱུར༔ བྱིན་བརླབ་ཡོན་ཏན་ཀུན་ལས་ཁྱད་དུ་འཕགས༔ རྒྱ་གར་རྡོ་རྗེ་གདན་མཚུངས་ བསམ་ཡས་འདི༔ མིག་གི་མཐོང་ཚད་ངན་སང་སྐྱེ་སྒོ་ཆོད༔ སྐོར་ཕྱག་དད་བྱས་གཤན་པ་ ཡིན་ཀྱང་གྲོལ༔ བསོད་ནམ་བསག་པའི་ཞིང་ས་ཀུན་ཏུ་བསྐྲུན༔ དེ་ནས་མཁན་སློབ་རྒྱ་ གར་བྱོན་དགོངས་ཡང་༔ རྒྱལ་པོས་གསེར་བྱེ་ཕུལ་ནས་སྤྱན་ཆབ་བཏོན༔ སླར་ཡང་བོད་ལ་ བཞུགས་ཞེས་བཀའི་བསྐུལ་བའི༔ བོད་ཀྱི་མི་རྣམས་ཉོན་མོངས་རགས་ཤིང་རྒོད༔ རྒྱལ་ པོར་ཆོས་ཁྲིམས་དམ་པོར་སྡོམས་ཤིག་གསུངས༔ གསུངས་རྟེན་ཆོས་བརྒྱུར་ལོ་ཙཱ་མ་ཤེས་ པའི༔ བཻ་རོ་ཀ་ཅོག་རྣམས་གསུམ་ལུང་དུ་བསྟན་༔ སད་མི་མི་བདུན་ལ་སོགས་རབ་ཏུ་ བྱང་༔ ཆོས་བསྒྱུར་བཻ་རོའི་དཀའ་བ་བཅུ་དྲུག་སྤྱད༔ རྒྱ་གར་ཡུལ་བྱོན་ཟབ་དགུའི་ གདམས་ངག་གསན༔ སྒྱུ་སྟོང་སྐེད་ལ་སྤྲས་ནས་བོད་དུ་བྱོན༔ སྒྲ་བསྒྱུར་གླིང་དུ་མདོ་ སྔགས་ཆོས་རྣམས་བསྒྱུར༔ རྒྱ་ནས་ཕྲ་མ་བྱས་པ་བོན་གྱི་ཐོས༔ ཆོས་ལ་ཕྲག་དོག་བྱས་ ནས་རྒྱལ་པོར་ཞུས༔ མ་གསན་གཙུག་ཏུ་བསྐུར་བའི་དུས་ཤིག་ཏུ༔ བཻ་རོའི་སྐུ་ལ་དམར་ རྒྱན་ཆགས་སེམས་སྐྱེ༔ ལུས་ལ་འཐམ་ནས་ཐུགས་སེམས་སྐྱོ་དེ་བྱོན༔ བ་ལམ་འགལ་བ་
9

སྤྲོ་ཕྱིར་རྫུ་འཕྲུལ་བསྟན༔ གསོད་པའི་མདའ་གཞུ་གསེར་དང་གཡུ་ལ་བསྒྱུར༔ ཀླུ་མཚོའི་ ཁར་སྒྲུབ་ཀླུ་ཡི་ཆོ་འཕྲུལ་བསྟན༔ བཙུན་མོའི་སྲོག་འཇིག་བསླུ་ཕྱིར་བཻ་རོ་བསུས༔ སྐྱོན་ རྣམས་ཁས་བླང་ཁྲག་དམར་སྡོམ་གཟུགས་བསྐྱུགས༔ ལྷ་བཟང་ཀླུ་དཔལ་ད་ར་ཀླུ་གོང་ གིས༔ ཕྲ་མིན་མཁན་ཞེས་བཻ་རོ་ཚ་རོང་སྤྱུགས༔ རྒྱ་ནས་བི་མ་ལ་སོགས་པཎ་ཆེན་དྲངས༔ ལོ་པཎ་བརྒྱ་རྩའི་བཻ་རོའི་བསྒྱུར་འཕྲོ་བསྒྱུར༔ གསོད་པར་ཆོས་རྩི་བོན་གྱི་ལས་ལ་གཟིགས༔ བཞིན་གྱི་མདངས་ཉམས་ཆོས་མ་གསུངས་ནས་བཤུམས༔ མངའ་བདག་རྒྱལ་པོས་ཐུགས་ ཕམ་ཐབས་སྟངས་ནས༔ བོན་ཆོས་གྲུབ་མཐའ་དགག་ནས་རྫུ་འཕྲུལ་འདྲན༔ སུ་ཕམ་བྱུང་ ན་དེ་ཉིད་མེེར་བསྲེགས་གསུངས༔ བསྟན་པ་རྒྱན་བཞག་དོན་ཁར་ཐང་ནས་རྩོད༔ པདྨ་བི་ མིས་ཐུབ་བསྟན་ཚད་མར་བསྒྲུབས༔ ཡང་དག་ཆོས་ཀྱི་ཆེ་བའི་གྲུབ་རྟགས་ངོམ༔ གཟུངས་ ཆེན་མཚོ་རྒྱལ་ཡེ་ཤེས་ཌཱ་ཀི་མས༔ སྣ་ཚོགས་ཆོ་འཕྲུལ་མཁའ་ལ་བྱ་གཞིན་འཕུར༔ བྷོ་དྷི་ ས་ཏྭ་བསྟན་པའི་གཞི་མ་དེས༔ ན་ལེནྜ་ཡི་འདུལ་ཚད་དཔང་པོར་དྲངས༔ གང་ལྟར་བྱས་ ཀྱང་བོན་གྱི་མ་ཐུབ་ཀྱང༔ དམར་རྒྱན་བཟའ་སོགས་བོན་ལ་དགའ་བ་ཡི༔ གསད་མ་ བཅུག་པར་ཁམས་ཀྱི་ཡུལ་དུ་སྤྱུགས༔ ལྷ་གཡང་བསྐོར་གསུམ་མ་བསྣུབས་སྤྱི་ལྟར་བཞག༔ གསོན་བསྲེགས་དམར་མཆོད་ལོག་ཆོས་བོན་ལུགས་བསྣུབས༔ དེ་ནས་བཻ་རོས་གཡུ་སྒྲ་ ཆོས་གཏུགས་བཏང་༔ ཀ་ཅོག་གཉིས་ཀྱིས་ཆོས་ཀྱི་རྡར་ཤ་བཅད༔ བཻ་རོ་ཙ་ནས་མངའ་ བདག་སེམས་ལ་འཕྲེང་༔ སྤྱན་ཆབ་ཤོར་ནས་སླར་ཡང་བསམ་ཡས་བྱོན༔ ལམ་ཁར་རྦ་ རྒན་མི་ཕམ་རྗེས་སུ་བཟུང་༔ ལུས་མ་སྤངས་བར་སངས་རྒྱས་སར་གཤེགས་གྲགས༔ དྲག་ སྔགས་ཆོས་བསྐོར་ཚ་རོང་གཏེར་དུ་སྦས༔ སྒྲ་བསྒྱུར་གླིང་དུ་བྱོན་ནས་ཉམས་མགུར་ བཞེངས་༔ དེར་ཡོད་ཐམས་ཅད་དད་ནས་མཆི་མ་བྱུང་༔ ཕ་མས་དགའ་སྐྱོ་བཻ་རོ་ཙ་ནར་ བལྟ༔ ཁོངས་ཡང་སྙིང་རྗེ་སྐྱེ་ནས་སྤྱན་ཆབ་ཤོར༔ བི་མ་བཞེངས་ནས་བོད་ཀྱི་པཎ་ཆེན་ གསུངས༔ བསྟན་པའི་རྩ་ལག་ཡིན་ཞེས་སྔགས་པ་བརྗོད༔ ཕན་ཚན་ཕྱག་བྱས་གཡས་
10

དྷྱཱྃ།༔ གཡོན་ཁྲི་ལ་བཞུགས༔ འདུལ་བ་མདོ་སྡེ་མངོན་པ་ཤེར་ཕྱིན་དང་༔ བཀའ་ འགྱུར་བསྟན་འགྱུར་རྒྱུད་འབུམ་མགུར་འབུམ་སོགས༔ མདོ་སྔགས་ཆོས་རྣམས་ཐམས་ ཅད་བོད་ལ་བསྒྱུར༔ སློབ་དཔོན་ཆེན་པོས་གསང་སྔགས་ཕྱི་ནང་གསུངས༔ སྣོད་ལྡན་ རྣམས་ཀྱི་ཉམས་བཞེས་ཡེར་བ་དང་༔ ཆུ་བོ་རི་དང་མཆིམས་པར་སྒྲུབ་པ་མཛད༔ གྲུབ་ ཆེན་བརྒྱད་བཅུ་རྟོགས་ལྡན་ཉེར་ལྔ་བྱུང་༔ ལྷག་པར་དཔལ་གྱི་བྲག་དམར་ཀེའུ་ཚང་དུ༔ སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ རྗེ་འབངས་སོ་སོར་མེ་ཏོག་ལྷ་སྐལ་ བབས༔ གྲུབ་པ་ཐོབ་ནས་མཆོག་གི་རིག་འཛིན་ནི༔ མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ ལ༔ ཆེ་མཆོག་བཀའ་བབས་མི་གཡོ་ཏིང་འཛིན་བརྙེས༔ ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ ཆིབས༔ ཡང་དག་ཐུགས་ཀྱི་ཞལ་གཟིགས་དངོས་གྲུབ་ཐོབ༔ གཤིན་རྗེ་ཞལ་གཟིགས་ སངས་རྒྱས་ཡེ་ཤེས་ཀྱིས༔ བྲག་ལ་ཕུར་བ་གདབ་ནས་བལྟ་སྟངས་མཛད༔ ངལ་ལམ་ རིགས་འཁྲུངས་རྒྱལ་བ་མཆོག་དབྱིངས་ལ༔ གསུང་གི་བཀའ་བབས་གཙུག་ནས་རྟ་སྐད་ འཚེར༔ མཁར་ཆུའི་སྲས་མོ་ཌཱ་ཀི་མཚོ་རྒྱལ་གྱིས༔ གསད་པའི་རོ་བསླངས་ཕུར་བའི་ཞལ་ གཟིགས་ཐོབ༔ དཔལ་གྱི་ཡེ་ཤེས་མ་མོ་བྲན་དུ་བཀོལ༔ རྦོད་གཏོང་ལྷ་ཡི་ཞལ་གཟིགས་ གྲུབ་པ་ཐོབ༔ གཉག་ཆེན་ཛྙ་ནའི་བདུད་རྩི་སྨན་གྲུབ་ཐོབ༔ བྲག་ལས་ཚེ་ཆུ་འབྱིན་ནས་ བྷནྡྷར་བླང་༔ དཔལ་གྱི་སེང་གེས་དྲག་པ་བྲན་དུ་བཀོལ༔ འཇིག་རྟེན་མཆོད་བསྟོད་ཞལ་ གཟིགས་དངོས་གྲུབ་བརྙེས༔ བཻ་རོ་ཙ་ན་ཡེ་ཤེས་སྤྱན་དང་ལྡན༔ དྲག་སྔགས་དམོད་ཀྱིས་ ལྟ་ལོག་ཚར་གཅད་ནས༔ དགོངས་པ་དབྱེར་མེད་ཨོ་རྒྱན་དངོས་དང་མཉམ༔ རྡོ་རྗེ་བདུད་ འཇོམས་རླུང་ལྟར་མཁའ་ལ་རྒྱུགས༔ ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ༔ རྒྱལ་ བའི་བློ་གྲོས་རོ་ལངས་གསེར་དུ་བསྒྱུར༔ འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཁྱུགས༔ གཡུ་ སྒྲ་སྙིང་པོ་གསེར་གྱི་རྡོ་རྗེར་སྤྲུལ༔ དཔལ་གྱི་རྡོ་རྗེ་བྲག་རི་ཟིང་ཐལ་ཕུག༔ རྨ་ཐོག་རིན་ཆེན་ ཕ་བོང་གཟན་ལྟར་གསོལ༔ ཁྱེའུ་ཆུང་ལོ་ཙཱའི་ནམ་མཁའི་བྱ་རྣམས་འཛིན༔ རྒྱལ་བ་བྱང་
11

ཆུབ་ནམ་མཁར་སྐྱུལ་ཀྲུང་བཞུགས༔ དྲན་པ་ནམ་མཁའི་ཁམས་ནས་གཡག་རྒོད་བཀུག༔ སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་འཛིན༔ ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་ལྡོག༔ ལང་གྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན༔ ཨ་ཙར་ས་ལེས་ཕྱག་གིས་བྲག་རི་ གཏོར༔ ངམ་སེ་འོད་ཀྱི་ཤུག་གདང་རྒྱབ་ལ་གོན༔ ཀ་བ་དཔལ་བརྩེགས་གཞན་སྣང་ ཟུལ་གྱི་གནོན༔ ཀླུ་ཡི་རྒྱལ་མཚན་ཏིང་འཛིན་མཁའ་ལ་བྱོན༔ གཞན་ཡང་རྗེ་འབངས་ཀུན་ གྱི་གྲུབ་རྟགས་མིང༔ རང་རང་གནས་སུ་སྒྲུབ་པ་མཛད་པའི་ཚེ༔ རྒྱལ་པོའི་སྲས་མོ་ལྷ་ལྕམ་ པདྨ་གསལ༔ སྲིན་ནད་ཕོ་ལོག་ནམ་གང་ཤི་བ་དང་༔ ཨོ་རྒྱན་མདུན་ལ་བྱིན་བརླབས་ཞུ་རུ་ འོང་༔ པད་མས་ལས་འཕྲོ་སྐྱེ་རྒྱུད་ལུང་དུ་བསྟན༔ རྫོགས་ཆེན་སྙིང་ཐིག་ཁོག་པའི་སྙིང་འདྲ་ བ༔ མན་ངག་གཅེས་པ་ཡིད་བཞིན་ནོར་བུ་མཆོག༔ དྲི་མེད་འོད་ཟེར་ཐུགས་རྟེན་གཏེར་དུ་ སྦས༔ འཕྱི་ནས་འགྲོ་དོན་དཔག་མེད་འབྱུང་ངོ་གསུངས༔ མངའ་བདག་དགྱེས་ནས་ཕྱག་ བསྐོར་གྲངས་མང་མཛད༔ གཞན་ཡང་ཡིག་མཁན་འགྱོགས་དག་སྐྱེན་སོགས་ཀྱི༔ ལོ་ཙཱ་ ཕུལ་ཕྱིན་བརྒྱད་ཀྱི་གསེར་སྣག་དང་༔ གསར་ཁྲག་ཚལ་བཅས་ཟམ་བུ་ལ་དང་ནི༔ སྤོས་ སུའི་བར་ཤུན་ཏ་ལས་ལོ་མར་བྲིས༔ འདི་ནས་རྒྱལ་པོའི་གདུང་རྒྱུད་གསུམ་སོང་ཚེ༔ བསོད་ ནམ་ཟད་པའི་སྨོན་ལོག་གཅིག་བྱུང་ནས༔ ཆེ་བཀྲུང་ཆུང་སྤྱུགས་དམ་པའི་ལྷ་ཆོས་བསྣུབ༔ བསྟན་པའི་འབྱུང་འགྱུར་སོས་ཀའི་གནམ་དང་མཚུངས༔ མན་ངག་ནུབ་ཀྱི་དོག་ནས་གཏེར་ དུ་སྦས༔ ཁ་བྱང་ཡང་བྱང་སྙིང་བྱང་ཕྱག་རྒྱའི་གཏབ༔ སྒྲུབ་གནས་ཡང་ཟབ་བརྒྱ་དང་རྩ་ བརྒྱད་དང་༔ ཁྱད་པར་ཡར་ཀླུངས་ཤེེར་བྲག་ཏི་གྲོ་བྲག༔ གཡའ་མ་ལུང་དང་མཆིམས་པའི་ གནས་རྣམས་སུ༔ དགེ་བ་བྱས་ན་བརྒྱ་འགྱུར་ཐོབ་པ་ཡིན༔ ཚོགས་ཀྱི་འཁོར་ལོ་ཆུད་ཟོས་ སོང་རེ་སྐན༔ གཏེར་གནས་ཁྱད་འཕགས་ཤར་ལྷོ་ནུབ་བྱང་དབུས༔ ཡང་ཟབ་ཆོས་བསྐོར་ རང་བྱུང་རྒྱ་ཡི་གཏབ༔ དྲག་པ་སྡེ་བརྒྱད་བསྟན་སྲུང་ཚོགས་ལ་གཏད༔ དེ་ནས་ཆོས་རྒྱལ་ ཁྲི་སྲོང་སྡེའུ་བཙན་གྱིས༔ གསེར་དངུལ་ཁྲི་གཤམ་མཁན་སློབ་སྤྱན་དྲངས་ནས༔ ཟབ་
12

དྷྱཱྃ།༔ ཆོས་བྱིན་ལྡན་དཔག་ཏུ་མེད་པ་ཞུས༔ མ་འོང་དོན་དུ་འབུལ་བ་སྣ་ཚོགས་ཕུལ༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ སྐལ་ལྡན་རྗེས་འཇུག་བརྒྱ་དང་རྩ་བརྒྱད་ལ༔ བསམ་ཡས་བར་ཁང་གཡུ་ཞལ་འབར་བ་རུ༔ ཟབ་དགུའི་ཆོས་བསྟན་བྱིན་བརླབས་དབང་ བསྐུར་གནང་༔ བརྩེ་བའི་དབུག་དབྱུང་ཞལ་གདམས་ཆོས་རེ་གསུངས༔ མ་འོངས་ང་ཚབ་ བོད་དུ་བྱོན་ཞེས་གསུངས༔ འཛུམ་པའི་མདང་བྱུང་སྤྱན་གཉིས་ཧྲིལ་གྱི་གཟིགས༔ གནས་ ལྔའི་འོད་བྱུང་བུ་སློབ་རྣམས་ལ་གཏུམ༔ སྙན་པའི་དབྱངས་ཀྱི་གདམས་ངག་འདི་ལྟར་ གསུངས༔ ལས་ཅན་སྐལ་ལྡན་མ་གཡེངས་དད་པས་ཉོན༔ དུས་གསུམ་ཀུན་མཁྱེན་པདྨ་ འབྱུང་གནས་ངས༔ མ་འོང་སེམས་ཅན་དམུ་རྒོད་འདུལ་བའི་ཕྱིར༔ སྙིང་འདྲའི་ཟབ་ཆོས་ བཀའ་རྒྱའི་གཏབ་ནས་སྦས༔ གསོལ་བ་ཐོབ་དང་ལག་ཏུ་འབྱུང་བར་འགྱུར༔ སྟོབས་ལྡན་ ལོངས་སྤྱོད་ནོར་གྱི་རྒྱགས་པ་དང་༔ ཁེངས་དྲག་ང་རྒྱལ་ཚུལ་འཆོས་གཡེངས་བ་ཆེ༔ འཇིག་རྟེན་འདུ་འཛི་ཅན་ལ་ལས་འཕྲོ་མེད༔ ལས་འཕྲོ་མེད་པའི་ཐོན་རེ་ན་ར་སྐན༔ ཁས་ དམན་དབང་ཆུང་དམན་ས་འཛིན་ལ་མོས༔ སྤྲང་འཁྱམས་སྒྲུབ་སྦྱང་ནད་དང་གདོན་གྱི་ མནར༔ ལྐོག་ཤོམ་མི་བཙན་བྱང་སེམས་སྙིང་རྗེ་ཅན༔ ཤེས་རབ་བློ་རིག་ཅན་དང་འདི་ འཕྲད་འགྱུར༔ ས་འོག་གསེར་སྦས་འོད་ནི་མཁའ་ལ་འཕྲོ༔ སྒྲིབ་པ་དག་ན་རྟོགས་པ་ངང་ གི་འཆར༔ ཟབ་མོའི་དོན་རྟོགས་བཟང་པོ་ཕུགས་གྲོགས་རྟེན༔ རང་གཤེས་གཙང་མ་མ་ ཉམས་སྙིང་གཏམ་ཡིན༔ དང་པོ་རང་གི་ཉམས་སུ་མ་བླང་པར༔ གཞན་ལ་རྩིས་མེད་སྤེལ་ ན་ཕྲག་དོག་འོང་༔ སུ་མ་འགུ་ཡང་རིང་ཉིད་འགུ་བར་གྱིས༔ ཉམས་ལེན་གཏེར་བསྒྲུབ་ མཛོད་ཅིག་སྙིང་གཏམ་ཡིན༔ དགའ་སྡུག་རླབས་འཁྲུགས་དད་པ་སྣོད་སྙིང་ཁྱེར༔ དམ་ ཚིག་ཚོད་ཡོད་བྱེད་པའི་གྲོགས་མ་འགྲོགས༔ ངང་བཟང་གཤེས་གཙང་ཤེས་ལྡན་ཕྱག་རྒྱར་ བསྟེན༔ ཉོན་མོངས་རང་གར་མ་བཏང་སྙིང་གཏམ་ཡིན༔ སྒྲུབ་གནས་ཁྱད་འཕགས་ཀུན་ ལ་སྒྲུབ་པ་མཛོད༔ སྟག་མོ་རི་སུལ་འགྲིམས་ལྟར་གཅིག་པར་སྒོམས༔ མཉམ་བཞག་
13

གདིང་ཐོབ་ལྟ་བའི་བཙན་ས་ཟུངས༔ སྤྱོད་འཆོལ་བློ་སྣ་མ་མང་སྙིང་གཏམ་ཡིན༔ སེམས་ཀྱི་ སྲུང་བྱ་ཉམས་ན་སྲོག་གི་བཤགས༔ ལུས་ཀྱིས་ཉམས་ན་ལུས་ཀྱི་བཤགས་པ་བྱ༔ ཡན་ ལག་ཉམས་ན་གསོ་སྦྱོང་ཚོགས་བསྐོངས་འབད༔ དུས་མཆོད་བསྐོངས་བཤགས་མ་བརྗེད་ སྙིང་གཏམ་ཡིན༔ ཁྱེར་སོ་མི་ཉམས་རྡོ་རྗེ་གསུམ་ལྟར་སྲུངས༔ དོན་གྱི་ངོ་བོ་རང་བྱུང་ཀུན་ བཟང་གི༔ བབ་ཅོལ་བུད་མེད་ཆང་ལ་རེ་མ་བཅའ༔ གྲོགས་ངན་ཨོ་རྫོགས་མཁན་ལ་ཆོས་ མ་བསྟན༔ བྱ་བ་མངོན་ལྐོག་མ་བྱེད་སྙིང་གཏམ་ཡིན༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་ གནས་ངའི༔ སྙིང་གི་ཟབ་ཆོས་བཀའ་རྒྱའི་གཏབ་ནས་སྦས༔ དགོས་འདོད་འབྱུང་བ་ཡིད་ བཞིན་ནོར་བུའི་གཏེར༔ ཟག་སུ་མ་འཇུག་སྐལ་ལྡན་སྙིང་གི་བུ༔ཟབ་ལམ་འཇུག་སྒོ་གསང་ སྔགས་དབང་གི་འབྱེད༔ སྨིན་གྲོལ་ཟབ་མོས་སྐྱེད་རྫོག་གནད་དུ་སྣུན༔ གཞན་ཕན་འགྲོ་ དོན་གང་ཟག་ཁྱོད་ལ་རག༔ སྤོབས་པ་སྙིང་སྟོབས་མ་ཞན་རྗེ་འབངས་རྣམས༔ མི་ཆོས་ སྙན་གྲགས་ཟང་ཟིང་འདུ་འཛིའི་བློས༔ ཟབ་མོའི་ཆོས་གཏེར་ནོར་ཕྱིར་མ་བཙོང་བར༔ བྱ་ གཏང་དབེན་པར་བསྒྲུབ་པའི་རྒྱལ་མཚན་ཚུགས༔ ཐུགས་ཉམས་བཞེས་ཤིག་སྙིང་ཁར་ས་ མ་ཡཱ༔ དེ་སྐད་གསུངས་ནས་བྱིན་བརླབས་ཕྱག་ནས་གཏོར༔ ཉམས་ཞག་བལྟ་སྟངས་ མཛད་ནས་ཐུགས་ཡིད་བསྲེས༔ བརྡ་མཛོད་རང་བྱུང་མི་ཤིག་གཉུག་མའི་སྒྲོམ༔ ཡང་ཟབ་ གང་ཟག་སེམས་ཀྱི་ཁམས་སུ་སྦས༔ རང་བྱུང་ཉག་གཅིག་ཐིག་ལེ་རྒྱ་ཡི་གཏབ༔ དེ་ནས་ རྒྱལ་པོ་ཁྲི་སྲོང་སྡེའུ་བཙན་གྱིས༔ མ་འོང་ལ་དགོངས་ལུང་བྱུང་བསྐོར་དགུ་ཞུས༔ པད་ མས་རྒྱལ་པོའི་ཐུགས་དགོངས་རྫོགས་ཕྱིར་དུ༔ བཀའ་རྒྱའི་གཏབ་ནས་བྲག་ལ་གཏེར་དུ་ སྦས༔ ནམ་དགོས་སྟོན་པའི་གཏེར་སྟོན་ལུང་དུ་བསྟན༔ མི་བརྗེད་གཟུངས་ཐོབ་ཡེ་ཤེས་ མཚོ་རྒྱལ་གྱི༔ དཀའ་བ་སྤྱད་ནས་སྦྲག་གྱི་ཡང་རྫོང་བཞུགས༔ གསང་སྔགས་ཐབས་སུ་ཨ་ ཙར་ས་ལེ་བསྟེན༔ ཉམས་ཀྱི་རྩལ་རྫོགས་ལྟ་བ་མཁའ་དང་མཉམ༔ རྟོག་པས་རྒྱུད་གྲོལ་ ཐུགས་རྗེས་གཞན་དོན་དུ༔ སྨད་བྱུང་མཛད་པ་སྐྱོང་བས་དུས་སྐབས་སུ༔ སློབ་དཔོན་རྒྱལ་
14

དྷྱཱྃ།༔ པོར་བག་མེད་མ་མཛད་གསུངས༔ ལོ་གསར་སྤྲོ་ཚོགས་རྒྱལ་པོས་རྟ་རྒྱུགས་ བྱས༔ ལྷོ་ཕྱོགས་བོན་གྱི་ལྐོག་མདའ་བྱུང་ནས་བསྙུངས༔ ཚ་ནད་དང་བསྡུངས་འཇམ་ དབྱངས་ཐུགས་ཀར་གཤེགས༔ མ་རབས་བློན་རྣམས་དབང་ཆ་ཆེ་བ་དང་༔ མི་ཏིག་བཙད་ པོ་སྐུ་ན་ཆུང་བ་ཡི༔ གསུངས་ནས་སློབ་དཔོན་རྒྱལ་སྲིད་བཟུང་ཞེས་གྲགས༔ དེ་ནས་རྒྱལ་ པོར་མངའ་གསོལ་ཆོས་ཀྱི་བསྐྱོངས༔ ཨོ་རྒྱན་ཆེན་པོ་སྲིན་ཡུལ་བྱོན་དགོངས་ཡང་༔ ལྷ་ སྲས་ཐུགས་ཀྱི་སྐྱོ་བ་མ་སངས་བའི༔ མ་ལས་སྐྱེ་ནས་སློབ་དཔོན་མདུན་དུ་བཞུགས༔ བྲལ་བར་མ་ཕོད་ཞལ་གདམས་དམ་ཆོས་གསུངས༔ སྐྱེ་ནས་མ་ཤི་ས་སྟེང་མི་མི་ཤོང་༔ ཉམས་ཆུང་འཁོར་བའི་དལ་འབྱོར་ལུས་འདི་ཉིད༔ ཐམས་ཅད་ལ་ལ་སྐྱེ་ཞིང་ལ་ལ་འཆི༔ ཐུགས་ངལ་མ་མཛད་ལྷ་སྲས་བཙད་པོ་གསུངས༔ ང་ནི་མི་བསྡོད་སྲིན་པོའི་ཡུལ་དུ་འགྲོ༔ ལྷོ་ནུབ་སྲིན་པོ་འདུལ་དུ་མ་སོང་ན༔ སྲིན་པོས་མི་ཟ་མི་ཡུལ་སྟོང་བར་འགྱུར༔ པད་འབྱུང་ མིན་པ་སུས་ཀྱང་ཐུལ་མི་འགྱུར༔ དེ་སྐད་གསུངས་ཚེ་ལྷ་སྲས་དྲན་མེད་རྒྱལ༔ བློན་གྱི་དབུ་ བསྐྱོར་ཙན་དན་བསིལ་ཆབ་གཏོར༔ དྲན་པ་སླར་སོས་གདོང་པ་མཆི་མའི་གོང་༔ མགུལ་ ནས་གཡུ་ཕུལ་ཚོགས་ཀྱི་འཁོར་ལོ་བསྐོར༔ སླར་ཡང་ལོ་གཅིག་བཞུགས་ཞེས་ཞུ་བ་ཕུལ༔ ལོ་གཅིག་བསྡད་ཀྱང་འབྲལ་བར་མི་ཕོད་དེ༔ མྱ་ངན་སངས་ཕྱིར་ཧས་པོ་རི་རྩེར་བྱོན༔ ཡང་ ཟབ་མན་ངག་ཐེག་དགུའི་ཡང་རྩེ་མཆོག༔ རྫོགས་ཆེན་པདྨ་སྙིང་ཐིག་འཕྲད་ཡིག་ཅན༔ དད་དམ་འགྱུར་བ་མེད་པའི་སློབ་བུ་ཡི༔ ཆོས་རྣམས་འཁྲུལ་བ་སེམས་སུ་ངོས་གཟུང་ནས༔ སེམས་ཉིད་ཀ་དག་ཐིག་ལེ་ཀློང་དུ་ལྟོས༔ བལྟ་བྱ་བལྟ་བྱེད་བྲལ་བའི་ཟང་མ་ཐལ༔ སྟོང་ གསལ་འཛིན་མེད་སྤྲོས་བྲལ་བློ་ལས་འདས་ངང་༔ ཤེས་རིག་མ་འགག་མཐའ་བྲལ་བྱང་ ཆུབ་སེམས༔ མ་གྲུབ་སྣང་དབྱིངས་ཀུན་བྱེད་ཆོས་སྐུའི་རྩལ༔ མིག་དང་སེམས་ལ་བལྟས་ ནས་སངས་རྒྱས་རྒྱུ༔ དགོངས་པ་རྩོལ་མེད་ཡེ་གྲོལ་བུམ་སྐུའི་ཚུལ༔ སྐད་ཅིག་གཅིག་གི་ གདོད་མའི་བཙན་ས་ཟིན༔ འོད་གསལ་ཁོར་ཡུག་ཆོས་ཉིད་མ་བུ་འདྲེས༔ གཏན་མེད་གཞི་
15

གྲོལ་དོན་ཀུན་མངོན་བྱང་ཆུབ༔ ཀུན་བཟང་ཆོས་སྐུ་སར་གཤེགས་མྱུར་ལམ་ཆོས༔ མན་ ངག་གཅེས་པ་ཡིད་བཞིན་ནོར་བུ་བསྟན༔ སངས་རྒྱས་རྣམས་ཀྱིས་འདིའི་དོན་གསང་བར་ བསྟན༔ རྒྱལ་སྲས་ཐུགས་སྐྱོ་མ་མཛད་ཉམས་སུ་བླངས༔ ཞེས་གསུངས་རྒྱལ་སྲས་མི་ཏིག་ བཙད་པོ་ཡི༔ སློབ་དཔོན་བྱོན་ཚེ་སྐྱབས་དང་བྲལ་ལོ་སྙམ༔ འོད་ཀྱི་མཐོང་བའི་ཉི་ཟླ་ནུབ་པོ་ སྙམ༔ ཚེ་འདིར་དགོས་པའི་མིག་དང་བྲལ་ལོ་སྙམ༔ མ་ཤི་དམྱལ་བའི་སྡུག་བསྔལ་མྱོང་ངོ་ སྙམ༔ སྐྱོ་གདུང་ཚད་མེད་སྙིང་འདི་གས་སོ་སྙམ༔ ཤ་སྤགས་རུས་བསྟིམས་གཟི་གདངས་ ཉམས་པར་གྱུར༔ འགོག་མ་ཕོད་པར་སྲིན་ཡུལ་བཞུད་ཁར་སུ༔ མི་ཏིག་བཙན་པོས་ ཚོགས་ཀྱི་འཁོར་ལོ་བསྐོར༔ དངུལ་གཞོང་ཆེན་པོ་གསེར་གྱི་གོང་བའི་སྟེང་༔ ནོར་བུ་ བཞག་ནས་ཨོ་རྒྱན་མདུན་དུ་ཕུལ༔ སློབ་དཔོན་སྲིན་ཡུལ་བྱོན་པར་མི་འགོག་ཞུས༔ བྱོན་ ཤུལ་སྐྱབས་ཞུ་གཙོ་བོ་གང་གི་བྱེད༔ མཆོད་སྤྲིན་འབུལ་བའི་རྟེན་སོ་ཅི་ཡིན་ཞུས༔ སློབ་ དཔོན་ཞལ་ནས་གསོན་ཅིག་མངག་བདག་ལགས༔ ང་ཡི་ཐུགས་ལས་འོད་ཟེར་སྣ་ལྔ་ འཕྲོས༔ མ་འོང་མོས་པའི་རྟེན་དུ་བཞག་པ་ཡི༔ གཏེར་གྱི་རིགས་བྱེད་བསམ་ལས་འདས་ པ་བཞུགས༔ སྤྲུལ་བའི་གཏེར་སྟོན་ནམ་དགོས་འབྱོན་པར་འགྱུར༔ བྱིན་བརླབས་ཐུགས་ རྗེའི་ཟེར་ཐག་ཆད་མི་སྲིད༔ སྐུ་གཟུགས་བྲིས་འབུར་རྐོས་མགར་ཅི་ཡོད་རྣམས༔ ང་ཡི་བྱིན་ བརླབ་ང་དང་ཁྱད་པར་མེད༔ དད་པ་མཛོད་དང་ཡིད་བཞིན་ནོར་བུ་ཡིན༔ སྒྲུབ་གནས་ཡང་ ཟབ་བྱིན་གྱི་བརླབས་པའི་གནས༔ བསོད་ནམས་བསོགས་པའི་ཞིང་ས་དམ་པ་རུ༔ སྒྲུབ་པ་ མཛོད་དང་རྟོགས་པ་ནང་ནས་འཆར༔ ནོར་བུ་རིན་ཆེན་རང་ལ་ཡོད་མོད་ཀྱང་༔ བཀུར་སྟི་ རིམ་གྲོ་མཆོད་པ་མ་བྱས་ན༔ འདོད་པའི་ཡོན་ཏན་གང་ཡང་འབྱུང་མི་འགྱུར༔ དེ་བས་ གསོལ་བ་ཐོབ་ཅིག་རྗེ་འབངས་རྣམས༔ དེ་ནས་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ༔ སློབ་ དཔོན་སྲིན་ཡུལ་བྱོན་སྙམ་ཐུགས་འགྱོད་ཀྱིས༔ བཻ་རོས་སྐྱོ་གཏམ་སྙན་གླུ་རིང་མོ་དང་༔ རྗེ་ ཡིས་སྐྱོ་གླུ་མཆི་མའི་ཐིག་ཕྲེང་སོགས༔ མི་རེ་སྡུག་པའི་སྨྲེ་སྔགས་རེ་རེ་སྟོན༔ མཁར་ཆེན་
16

དྷྱཱྃ།༔ གཟུངས་མ་ཡེ་ཤེས་མཚོ་རྒྱལ་གྱིས༔ བྱིན་བརླབ་རྣལ་འབྱོར་བདེ་བའི་དབུགས་ དབྱུང་མཛད༔ བྱོན་པའི་དུས་བབས་གུང་ཐང་ལ་ཁ་རུ༔ སྐྱེལ་མ་བྱས་ནས་ཚོགས་ཀྱི་འཁོར་ ལོ་བསྐོར༔ བཻ་རོ་མངའ་བདག་མཁར་ཆེན་མཚོ་རྒྱལ་དང་༔ རྡོ་རྗེ་བདུད་འཇོམས་ནམ་སྙིང་ རྒྱལ་མཆོག་བཅས༔ གུས་པས་ཕྱག་འཚལ་འབྲལ་མ་ཕོད་ནས་བཤུམས༔ སྐྱེ་བའི་སྐྲ་ལོ་ ཅོད་པན་རླུང་གིས་སྐྱོད༔ འདུད་པའི་པུས་མོའི་ལྷ་ང་ས་ལ་བཙུགས༔ ལག་གཉིས་སྙིང་ཀར་ ཐལ་སྦྱར་གསོལ་བ་གདབ༔ དེ་དུས་ཨོ་རྒྱན་པད་མས་ཞལ་སྔ་ནས༔ གསོན་དང་བོད་ཀྱི་ དད་ལྡན་སློབ་བུ་རྣམས༔ རྣམ་གཡེང་ལེ་ལོའི་མི་ཚེ་མ་སྟོང་བར༔ ཡང་དག་སངས་རྒྱས་ སྒྲུབ་ལ་སྙིང་རུས་བསྐྱེད༔ སངས་རྒྱས་མ་ཐོབ་བདེ་བ་གང་དུ་མེད༔ འཇིག་རུང་དམྱལ་ གནས་ཡི་དྭག་དུད་འགྲོའི་རིགས༔ ལྷ་མིན་ལྷ་མི་གང་ལ་སྐྱེ་གྱུར་ཀྱང་༔ སྡུག་བསྔལ་རང་ བཞིན་ལས་ནི་མ་འདས་པའི༔ ཅེས་ཀྱང་དགོས་མེད་བླ་མའི་རྣལ་འབྱོར་སྒོམས༔ སྙིང་པོ་ གུ་རུ་པདྨ་སིདྡྷི་བསྒྲེངས༔ རིགས་དྲུག་སྡུག་བསྔལ་གུ་རུ་དྲུག་གིས་སེལ༔ གང་དུ་སྐྱེས་ ཀྱང་པདྨ་ང་ཡི་འདྲེན༔ དད་པ་ཅན་ལ་ལུས་དང་གྲིབ་བཞིན་འགྲོག༔ གསོལ་བ་ཐོབ་དང་ བྱིན་བརླབས་རྟག་ཏུ་འཇུག༔ བོད་ཀྱི་རྒྱལ་པོས་གདོང་རྒྱུད་ཐམས་ཅད་ཀྱང་༔ བདག་གི་ བྱིན་བརླབས་ཐུགས་ཀྱི་སྤྲུལ་བ་ཡིན༔ རྒྱལ་སྲས་ལྷ་རྗེ་ཨོ་རྒྱན་གླིང་པའི་བར༔ སྐྱེ་བ་ཀུན་ དུ་འབྲལ་མེད་འགྲོགས་པར་འགྱུར༔ རྗེ་འབངས་རྣམས་ཀྱིས་ཐུན་བཞི་ལས་དྲུག་ལ༔ གསོལ་འདེབས་ཐུག་ཡིད་དབྱེར་མེད་བསྲེས་པར་མཛོད༔ བདག་གི་གདམས་པའི་ཡིད་ བཞིན་ནོར་བུ་མཆོག༔ མན་ངག་བཅུ་གསུམ་བྱིན་བརླབས་གསོལ་འདེབས་འབོད༔ ཉམས་བཞེས་བར་ཆད་སེལ་ཞིང་བསམ་པ་འགྲུབ༔ ཕྱི་མ་པདྨ་འོད་དུ་སྐྱེ་བར་འགྱུར༔ དེ་ སྐད་གསུངས་ནས་ནམ་མཁར་འདོམ་གང་འཕགས༔ སྤྲིན་གསེབ་ཅིང་ཤེས་རྟ་མཆོག་བ་ལ་ ཧ༔ རྒྱན་གྱི་བརྒྱན་ནས་རིགས་ལྔའི་མཁའ་འགྲོས་བསུས༔ རོལ་མོའི་སྒྲ་དང་སྙན་པའི་གླུ་ ལེན་ཚེ༔ སློབ་དཔོན་ཡར་ཡར་ཆིབས་གྱི་སྟེང་དུ་བྱོན༔ ཞལ་ནི་ཕྱིར་འཁོར་རྗེ་འབངས་
17

ཡོངས་ལ་གཟིགས༔ སྙན་པའི་གསུངས་ཀྱི་དབུགས་དབྱུང་མཛད་ནས་སུ༔ བརྩེ་བའི་ གདམས་ངག་སྙིང་གཏམ་འདི་ལྟར་གསུངས༔ ཀྱེ་ཧོ་ལས་ཅན་སྐལ་ལྡན་སྙིང་གི་བུ༔ མི་ ཏིག་བཙད་པོ་ལ་སོགས་རྗེ་འབངས་རྣམས༔ རྣམ་གཡེང་ངང་གི་མི་ཚེ་མ་འདའ་བར༔ འདི་ ཕྱི་གཉིས་ཕན་དམ་པའི་ཆོས་ལ་འབོད༔ ཕྱོགས་མེན་སྦྱིན་གཏང་ཉམས་ལེན་རྫོགས་ཆེན་ སྒོམ༔ བྱང་ཆུབ་སེམས་བསྐྱེད་གཞན་ཕན་རྒྱུན་དུ་སྒྲུབས༔ གནོད་སེམས་བྱུང་ན་ཆོས་ཀྱི་ བར་ཆད་ཡིན༔ གཟོད་པའི་གོ་བགོས་ཚུལ་ཁྲིམས་རྒྱན་དུ་འཆང་༔ ཤེར་རབ་མིག་འབྱེད་ བརྩོན་འགྲུས་ལྕགས་ཀྱིས་བཀྲབ༔ བསམ་རྟེན་ཏིང་འཛིན་མཉམ་བཞག་གྲོགས་སུ་ འགུགས༔ རིགས་མི་མཐུན་པ་དག་དང་འགྲོགས་དགོས་ཀྱང་༔ ནང་ཆོས་དམ་པའི་ཚུགས་ བཟུང་གཞན་ཕན་སྒྲུབས༔ སྡུག་བསྡལ་ཐམས་ཅད་བདེ་བའི་གྲོགས་སུ་སྦྱང་༔ གནད་ཀྱི་ མན་ངག་འགག་གཏོར་དམ་ཆོས་ཡིན༔ བསླུ་མེད་རྒྱུ་འབྲས་མིག་གི་འབྲས་བཞིན་སྲུངས༔ དཔྱོད་པ་བླང་དོར་བག་ཡོད་དམ་བཅའ་གཏན༔ ཕ་བོང་བཞིན་དུ་བསྒྱུར་ཁ་ལྕི་བར་ཀྱིས༔ ཉོན་མོངས་རྩ་བ་འཁོར་བར་གཞེན་པ་ལོག༔ དུག་ལྔའི་བསླུ་བ་ཧ་ལས་དུག་བཞིན་སྤངས༔ ཉོན་མོངས་ལང་ཤོར་ཡན་པར་མ་བཏང་ཞིག༔ ང་ནི་མི་བསྡོད་སྲིན་པོའི་ཡུལ་དུ་འགྲོ༔ སྤྱོད་ པ་ང་དང་མཐུན་ན་ང་ཕྱིར་ཤོག༔ ཞེས་གསུངས་རྟ་མཆོག་ལ་ཆིབས་ལྷོ་ནུབ་བྱོན༔ ཕར་ཕར་ བྱོན་ནས་མིག་གིས་མ་མཐོང་ངོ༔ དེ་ནས་རྗེ་འབངས་བྱེ་ཚན་ཉ་བཞིན་དུ༔ ངུ་ཞིང་བསྒྱེལ་ ནས་མྱ་ངན་རྒྱལ་བ་དང་༔ སྣོད་ལྡན་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ བདེ་སྟོང་སྒྱུ་མའི་ རང་མདངས་འཁོར་བའི་ཆོས༔ རྟག་པ་མ་ཡིན་འཁྲུལ་བའི་རང་བཞིན་ཡིན༔ མྱ་ངན་མ་ མཛད་དམ་པའི་ཆོས་ལ་འབུང་༔ ཚེ་འདི་རྫོགས་ཚེ་པདྨའི་ཞབས་དྲུང་དེར༔ སྐྱེ་ནས་ཐེག་ ཆེན་གདམས་པའི་རྒྱུད་གྲོལ་འགྱུར༔ རྗེ་ཉིད་སླར་ཡང་བསམ་ཡས་མ་བྱོན་ན༔ ཤུལ་གྱི་ འབངས་མིའི་ཚ་གདུང་ཆུ་བཞིན་རེ༔ གཙུག་ལག་ཆེན་པོའི་ཆིབས་ཁ་བོད་དུ་བསྒྱུར༔ མཐའ་འཁོབ་ཡུལ་ཁམས་ཆོས་ཀྱིས་འདུལ་བར་མཛོད༔ ཞེས་གསུངས་རྒྱལ་བློན་བཁོར་
18

དྷྱཱྃ།༔ བཅས་བསམ་ཡས་བྱོན༔ དབྱངས་ཅན་མི་གཟུགས་ཡེ་ཤེས་མཚོ་རྒྱལ་གྱིས༔ མི་བརྗེད་གཟུངས་ཐོབ་ཆོས་རྣམས་ཐུགས་སུ་ཆུད༔ རྣམ་ཐར་གཅིག་བསྡུས་བྱིན་བརླབས་ སྤྲིན་དཔུང་འདི༔ མི་འགྱུར་གཉུག་མ་གཞི་ཡི་གསང་ལམ་ནས༔ སྤྲོས་བྲལ་བདེ་ཆེན་རྡོ་ རྗེའི་ལུགས་རྒྱུད་དལ༔ སྔོ་སངས་དབྱིངས་ཀྱི་རྒྱལ་མོའི་མཁའ་རུ་སྦས༔ མ་འོང་བསྐལ་བ་ སྙིགས་མའི་དུས་ཀྱི་ཚེ༔ ཆོས་ཉིད་བདེ་ཆེན་རྡོ་རྗེའི་མཉམ་བཞག་ལས༔ དགོངས་པ་གཡོ་ མེད་རྩལ་ཆེན་རྫོགས་པའི་ཚེ༔ བཏུལ་བཞུགས་གྲུབ་པའི་སྨོན་ལམ་མཐུ་བཙན་པའི༔ ཁྱུང་ དྲག་འོད་གསལ་མཇའ་ལུས་རྡོ་རྗེས་ཞེས༔ ལས་ཅན་སྐྱེ་བུ་ཞིག་དང་འཕྲད་པར་ཤོག༔ ཟབ་མོའི་ཆོས་འདི་སྔགས་ཀྱི་བདག་མོས་སྲུངས༔ བྱིན་བརླབ་ཡོན་ཏན་ཕུན་སུམ་ཚོགས་པ་ ཡི༔ དུས་ཀྱི་རྒུད་པའི་སྐྱེན་ངན་ཀུན་ཞི་ནས༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བར་ ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༀ་ཨཱ་ཧཱུྃཿབཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ༀ་ཨཱ་ཧཱུྃཿབཛྲ་གུ་རུ་པདྨ་ སིདྡྷི་ཧཱུྃ༔ ༀ་ཨཱ་ཧཱུྃཿབཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
ཀྱེ་མ་ལས་ངན་བོད་འབངས་སྙིང་རྗེའི་ཡུལ༔ མ་འོང་བསྐལ་བ་མཐའ་མའི་དུས་ཀྱི་ཚེ༔ སྤྱོད་པ་འཆོལ་ཉོག་མི་ དགེ་སྣ་ཚོགས་དར༔ དུག་ལྔ་འཁྲུགས་པའི་མི་རུང་ལྟས་ངན་འབྱུང་༔ གཏི་མུག་དབང་གིས་ཕག་གནོད་ལྟོ་ ཀས་འབྱུང༔ ཞེ་སྡང་དབང་གིས་མཆིན་ནད་ཧྲིལ་ཆད་འབྱུང་༔ ང་རྒྱལ་དབང་གིས་མཁྲིས་ནད་རྩ་རྒྱུགས་ འབྱུང་༔ འདོད་ཆགས་དབང་གིས་ཙི་དུ་ཁྲག་དུག་འབྱུང་༔ ཕྲག་དོག་དབང་གིས་གཉན་ནད་འབུར་དགུ་ འབྱུང་༔ ཤར་ནས་མཐའ་མི་གཟའ་བ་ཤིང་རྐང་གིས༔ དམ་པའི་ཆོས་ཀྱི་ཆེ་བ་ཐང་ལ་འཕེན༔ ལྷོ་ནས་གོང་ དམག་ཁྱི་མགོ་ཕག་མཆུ་ཡིས༔ མི་རུང་ལྟས་ངན་བྱ་སྦྲུལ་གཟུགས་ཐན་འབྱུང་༔ ནུབ་ནས་སོག་པོ་རྐང་ཁྲ་ ཐན་སྐད་འབྱིན༔ བྱང་ནས་ད་ལས་ཟེང་འཁྲུགས་མགོ་ལུས་གཏུབ༔ བདུད་མོའི་ཁ་རླུང་གཏུབ་འཇིག་འབོད་ པ་བྱེད༔ རྗེ་ཡི་འབངས་བསྐུར་བཟང་པོའི་ངན་པ་བསྟོད༔ རང་ལུས་མི་དབང་ཁྲིམས་ལ་ཤོང་དུས་མེད༔ བསོག་པའི་རྒྱུ་དང་གཅེེས་པའི་བུ་ཡང་བྲལ༔ ཁ་འབོད་ཀི་ཡི་སོད་རྒྱབ་ལྷ་མིན་འདྲ༔ འཁོར་ས་ཐང་ཆེན་ བཙན་གྱི་རྒྱུ་ལམ་གཅད༔ དམར་ནག་ཁྲོམས་ཚོགས་གསོད་ལ་དཔང་པ་ངོམ༔ རང་དབང་མེད་པ་ནོར་སྲུང་ཁྱི་
19

དང་འདྲ༔ དམ་ཆོས་བསྣུབས་ནས་དགོན་སྡེ་གྱང་རལ་བསྒྱུར༔ ངན་འཐབ་གཡོ་རྒྱུའི་སྐད་ངན་རི་ལུང་གོང་༔ ལྷ་ཁང་གཙུག་ལག་སྤྲང་པོས་ནོར་ཁང་བྱེད༔ ཆོས་ཀྱི་གླེགས་བམ་མེ་སྙིང་འདྲེན་རྟེན་ཅན༔ ལྷ་ལ་ཕུག་རོན་ ཚང་བཅའ་བྱ་རྟུག་བྱུགས༔ མི་གེ་མཚོན་འཁྲུགས་བུ་ཡིས་ཕ་ལ་འཐབ༔ ལྷ་ཆ་འབུད་དཀྲོལ་མཐའ་འཁྲུགས་ སྔོན་བརྡ་བྱེད༔ བཟང་པོའི་སྤྱོད་པ་ན་བུན་བཞིན་དུ་ཡལ༔ ངན་སྤྱོད་སྣ་ཚོགས་གྲོག་ཚང་བཞིན་དུ་དར༔ སྐུ་ གསུངས་ཐུགས་རྟེན་མི་རོ་བཞིན་དུ་བོར༔ སྤྱོད་བཟང་ཡ་རབ་ཁྱི་རྐུན་བཞིན་དུ་སྡང་༔ ངན་པ་ཁ་དར་རི་ལུང་ ཟོག་པོའི་གོང་༔ ཡིད་སེམས་བསླུ་བའི་འཕྲུལ་གྱི་གནམ་ས་གོང་༔ ས་གཞིའི་མི་ཐེག་སྐད་ངན་གཡོ་འགུལ་ བྱེད༔ ཁྱི་གསུམ་ཁྱི་ལ་འགོང་པོའི་སྤྲུལ་པ་འབྱེད༔ འབྲུག་གསུམ་འབྲུག་གི་གློག་ཞགས་མགོ་བོ་འགེམས༔ ཐན་གཟུགས་རྒྱལ་པོས་བཙུན་གཟུགས་བསྟན་པ་བསྣུབ༔ ལོག་འདྲེན་འབྱུང་པོ་ཆོས་ཀྱི་ངད་པ་ཡལ༔ མ་ རུང་མཐའ་མིའི་བསྟན་སེལ་སྡེ་འཁྲུགས་བསླང་༔ སྡོམ་མེད་བཙུན་པས་བསྟན་པ་ལྐོག་ནས་བཤིག༔ དམ་ མེད་སྔགས་པས་གཡོ་རྒྱུའི་གཞན་སྣ་འབེབ༔ བསྟན་པ་རིན་ཆེན་འཇིག་ལ་ཉེ་བའི་དུས༔ རྒྱལ་ཀུན་བྱིན་ བརླབ་གཅིག་བསྡུས་ཨོ་རྒྱན་རྗེར༔ གསོལ་བ་གཏབ་ན་བྱིན་བརླབ་གློག་ལས་མྱུར༔ སྔོན་གྱི་ཐ་ཚིག་ དགོངས་པའི་ཀློང་ནས་བསྐུལ༔ གདུང་བའི་གསོལ་འདེབས་ཉིན་མཚན་ཀུན་ཏུ་འབོད༔ པད་མས་རྣམ་ཐར་ གྲངས་མང་འཁྱོལ་བ་ན༔ དཀར་ཕྱོགས་རྒྱལ་ཞིང་ནག་ཕྱོགས་ཕམ་པར་འགྱུར༔ ཚེ་འདི་འགལ་རྐྱེན་ཞུ་ཞིང་ བར་ཆད་སེལ༔ ཕྱི་མ་པདྨ་འོད་དུ་སྐྱེ་བར་འགྱུར༔ པདྨ་ལ་མོས་སྐལ་ལྡན་སྐྱེ་བུ་ཡིས༔ འདི་བསྒྲོག་སྙིགས་ མའི་མ་རུང་ལྟས་ངན་བཟློག༔ དུས་བབས་ཟབ་ཆོས་རིན་ཆེན་ནོར་བུ་ཡིན༔ ཆུད་གཟོན་མ་བཏང་སྐལ་ལྡན་ ལས་འཕྲོ་ཅན༔ སྙིང་གི་དཀྱིལ་དུ་ཟུངས་ཤིག་ས་མ་ཡཱ༔ ༀ་ཨཱ་ཧཱུྃཿབཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ༀ་ཨཱ་ཧཱུྃཿབཛྲ་ གུ་རུ་པདྨ་སིདྡྷི་ཧཱུྃ༔ ༀ་ཨཱ་ཧཱུྃཿབཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་འདི་ཉིད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་དང་༔ ཀ་བཞིའི་རིག་འཛིན་ཤེས་རབ༔ བསྟན་འཛིན་ནོར་ བུ་སོགས་ཀྱི་བཀྲ་ཤིས་པའི་ལྷ་རག་བཅས་བསྐུལ་བས་རྐྱེན་བྱས་ཏེ་མི་འགྱུར་དབུ་མ་ཤེར་ཀྱི་སྒྲོམ་བུ་ནས་བརྡ་ དོན་འགག་མེད་དབྱིངས་ཀྱི་རྒྱལ་མོའི་མཉམ་བཞག་གཏད་མེད་བདེ་བའི་ཀློང་ཡངས་ནས་དུས་མཐའི་གཏེར་ མིང་དཔལ་ཁྱུང་དྲག་པདྨ་བཞད་པའི་རྡོ་རྗེ་འམ་པད་པོ་ནས་རབ་བྱུང་བཅུ་བདུན་བསྐལ་བ་ས་བྱི་ལོ་ས་ག་ཟླ་
20

དྷྱཱྃ།༔ བའི་ཚེས་བརྒྱད་ལ་ཕབས་ཏེ་རེ་ཞིག་བཀའ་རྒྱའི་གཏབ་ནས་སླར་ཡང་བསྐལ་བ་མེ་སྤྲེལ་ལོའི་རྟ་ ཟླའི་ཚེས་བཅུ་ལ་འཕགས་ཡུལ་མ་ག་ད་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲངས་ག་ལ་བ་དེར་མཁན་པོ་དཀོན་མཆོག་ འབྱུང་གནས་ཀྱིས་ཡི་གེ་པ་བྱས་ཏེ་ཤོག་སེར་ལས་དག་པར་ཕབས་པའོ༔

Leave a Reply

Your email address will not be published. Required fields are marked *