ཀྲུང་ནན་ཧྲན་ལགས་ཀྱིས་དབྱར་རྩྭ་དགུན་འབུ་གླེང་བ། བོད་འགྱུར་མ།
བོད།
ཀྲུང་ནན་ཧྲན་ལགས་ཀྱིས་དབྱར་རྩྭ་དགུན་འབུ་གླེང་བ།
༼ རྒྱལ་ཡོངས་ན་སྙན་གྲགས་ཆེ་བའི་སྨན་རམས་པ་ཀྲུང་ནན་ཧྲན་ལགས་ཀྱིས་མཚོ་བོད་མཐོ་སྒང་གི་ཐོན་རྫས་དབྱར་རྩྭ་དགུ་འབུའི་གལ་ཆེན་གྱི་རིན་ཐང་སྐོར་གྱི་གསུང་བཤད། ༽
༢༠༠༣ལོར། སར་སི་གློ་རིམས།(非典)ཟེར་བའི་འགོས་ནད་དེས་མིའི་རིགས་ལ་མནར་གཅོད་བཏང་དུས། སྨན་རམས་པ་ཆེན་པོ་ཀྲུང་ནན་ཧྲན་ལགས་ཀྱིས་རྒྱལ་ཡོངས་མི་དམངས་ཚོགས་ཁང་ཆེན་མོ་ནས་དབྱར་རྩྭ་དགུན་འབུའི་རིན་ཐང་ལ་ཁས་ལེན་དང་གཏན་ཁེལ་བྱས་པ། ཆ་རྐྱེན་འཛོམས་པ་ཚོས་དབྱར་རྩྭ་དགུན་འབུ་ཟ་བ་དང་ཆ་རྐྱེན་མེད་པ་ཚོས(板藍根)པན་ལན་ཀན་སྨན་དེ་ཟོ་ཞེས་གསུངས། དེ་རིང་ཡང་ང་ཚོ་ཝུའུ་ཧན་གྲོང་ཁྱེར་ནས་ན་བཞིན་པའི་པྲོག་དབྱིབས་ནད་དུག་གློ་ཚད་རིམས་ནད་གསར་པ་འདི་དང་འཕྲད་དུས། ཅི་འདྲ་བྱེད་ནས་རིམས་འགོག་ནུས་ཤུགས་ཇེ་མཐོར་གཏོང་བ་དང་ནད་དུག་གསར་པ་ལ་ཅི་འདྲ་འགོག་རྒོལ་བྱེད་དགོས་པ་དང་། དབྱར་རྩྭ་དགུན་འབུ་ཟོས་ན་སྔར་བཞིན་ནད་དུག་གསར་པ་འདི་འགོག་པའི་ཕན་ནུས་ལྡན།
རི་སྐྱེས་ཡིན་པ་དང་ལོ་དེར་སྐྱེས་པ་རྣམས་ཕན་ནུས་ལྷག་པར་ཆེ།
ཡངས་ཤིང་རྒྱ་ཆེ་བའི་ཀྲུང་ཧྭ་སྨན་མཆོག་ནོར་བུའི་བང་མཛོད་ནང་དུ། མེས་རྒྱལ་ཀྲུང་གོའི་སྨན་རྫས་རིན་ཆེན་གཏེར་མཛོད་ནང་ཆེས་རྩ་ཆེན་གྱི་ནོར་བུ་གསུམ་དུ་བརྩིསཔའི་དཀར་པོ་ཆིག་ཐུབ། ཤྭ་བའི་ཁྲག་རྭ། དགུན་འབུ་རྩྭ། དེའི་ནང་གི་དགུན་འབུ་རྩ་ཟེར་བ་དེ་ནི་ང་ཚོས་ནམ་རྒྱུན་དུ་མཐོང་བཞིན་པའི་དབྱར་རྩ་དགུན་འབུ་ཟེར་བ་འདི་རེད། སྟབས་ལེགས་པ་ཞིག་ལ། རྩ་ཆེན་གྱི་ནོར་བུ་གསུམ་དེ་ནི་། རྩི་ཤིང་། སྲོག་ཆགས། སྐྱེ་དངོས་ཕྲ་རབ་སོ་སོས་དཔེ་མཚོན་གྱི་འཐུས་ཚབ་གཅིག་རེ་བླངས་ཡོད་པས།དེ་ནི་རྩི་ཤིང་།དཀར་པོ་ཆིག་ཐུབ། སྲོག་ཆགས་ཤྭ་བའི་ཁྲག་རྭ། སྐྱེ་དངོས་ཕྲ་རབ།དབྱར་རྩྭ་དགུན་འབུ། དེ་འདྲ་ཡིན་དུས་དབྱར་རྩ་དགུན་འབུ་ནི་འབུ་ཡང་མ་ཡིན་ལ་རྩྭ་ཡང་མ་ཡིན་པ། ཁོ་ནི་འབུ་ཕྲ་ངོ་མ་ཡིན་པས།སྔར་ལས་གནད་ལ་འཁེལ་བ་བཤད་ན། དབྱར་རྩྭ་དགུན་འབུ་ནི་མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་སྐྱེ་དངོས་ཤིག་ཡིན་ཞིང་། དབྱར་རྩྭ་དགུན་འབུ་འབུ་སྲིན་ངོ་མ་དང་ཕ་ཝང་སྲིན་འབུའི་འབུ་ཕྲུག་གཉིས་ལས་གྲུབ་པའི་མཉམ་འདུས་ཀྱི་ཕུང་གཟུགས་ཤིག་ཡིན།
སྨན་གྱི་རྒྱལ་པོ་སྟེ་དབྱར་རྩ་དགུན་འབུ།
ཕན་ནུས།
དབྱར་རྩ་དགུན་འབུ་ནི་ང་ཚོའི་རྒྱལ་ཁབ་ན་ཡོད་པའི་རྩ་ཆེན་གྱི་ཀྲུང་གོའི་སྨན་རྫས་ཤིག་ཡིན་པ་ལ། དེ་དང་དཀར་པོ་ཆིག་ཐུབ། ཤྭ་བའི་ཁྲག་རྭ་བཅས་གསུམ་ནི་ཀྲུང་གོ་རྒྱལ་ཁབ་གྱི་སྟོབས་སྐྱེད་སྨན་མཆོག་གསུམ་དུ་བརྩིས་ཡོད།སྔོན་གྱི་༡༧༥༧ལོར་《སྨན་རྩྭ་གསར་པ།》ཟེར་བའི་དེབ་དེའི་ནང་དུ་བཀོད་པ་ལྟར་ན”དབྱར་རྩྭ་དགུན་འབུས་མཁལ་མ་ལ་ཕན་པ། སྙིང་བཅུད་ཁ་གསབ་བྱེད་པ། ཁྲག་གཅོད་པ་དང་ལུད་པ་གཅོད་པ། ལུད་པ་ལུ་དཀའ་བ། མཆིན་དྲིའི་ནད་བཅས་བཅོས་པ་ལ་ལེགས་པར་བཤད། ཀྲུང་ལུགས་གསོ་རིག་གི་ངོས་འཛིན་ལྟར་ན། དབྱར་རྩྭ་དགུན་འབུ་གློ་བ་དང་མཁལ་མ་གཉིས་ལ་འཇུག་ནས། གློ་བ་གསོ་བ་དང་མཁལ་ནུས་གསོ་བ།གཙོ་བོ་མཁལ་མ་བཅོས་པ་ལ་ལེགས་པ། ཕོ་བའི་མེ་དྲོད་ཉམས་པ་དང་ཁུ་བ་འཆོར་བ་ལ་ཕན་པ། རྐེད་པ་ན་བ། ན་རྗེས་ལུས་ཟུངས་ཞན་པ། ཡུན་རིང་ན་ནས་ལུས་ཟུངས་ཞན་པ། ཁ་ལུད་ཁྲག་ལུ་བ། རྔུལ་ཆུ་ཐོན་པ་བཅས་འདུ་བ་ཆ་སྙོམས་དུ་གཏོང་བའི་སྨན་མཆོག་ཅིག་ཡིན་པར་བཤད།ནད་ཡོད་མེད་སུས་འཐུང་ན་ཡང་ཆོག་པའི་སྨན་རྩྭ་ཞིག་ཀྱང་ཡིན།
༡.འབྱིན་རྔུབ་མ་ལག་སྙོམ་སྒྲིག་བྱེད་པའི་ནུས་པ།
དབྱར་རྩྭ་དགུན་འབུས་གློ་ཡུའི་ཡན་ལག་ལ་གཉན་ཚད་བརྒྱག་པ། དབུགས་ཧད་པ། ཁ་ལུད་འགག་པར་སེལ་བ། གློ་བ་རླུང་སྐྲངས་སྔོན་འགོག་བྱེད་པའི་ནུས་པ་ལྡན་པ།
༢.མཁལ་མའི་ནུས་པ་སྙོམ་སྒྲིག་བྱེད་པ།
དབྱར་རྩྭ་དགུན་འབུ་ལ་མཁལ་མའི་ནད་འགྱུར་གཅོང་ནད་ཆུང་དུ་གཏོང་བ་དང་མཁལ་མའི་མ་ལག་ཇེ་སུ་ལེགས་གཏོང་བ། དུག་ཤས་ཅན་གྱི་དངོས་པོས་མཁལ་མ་ལ་གནོད་འཚེ་བྱེད་པ་ཇེ་ཡང་དུ་གཏོང་ཐུབ་པ།
༣.སྙིང་གི་བྱེད་ལས་སྙོམ་སྒྲིག་བྱེད་པ།
དབྱར་རྩྭ་དགུན་འབུས་སྙིང་གི་དབྱང་རླུང་འགོག་པའི་ནུས་པ་ཇེ་མཐོར་བཏང་ནས། སྙིང་གི་དབྱང་རླུང་གི་ཟད་གྲོན་ཇེ་ཆུང་དུ་གཏོང་བ་དང་། སྙིང་འགྲོས་མི་སྙོམས་པ་འགོག་ཐུབ།
༤.རིམས་འགོག་ནུས་པ་སྙོམ་སྒྲིག་བྱེད་པ།
མིའི་གཟུགས་པོའི་ནང་གི་དམག་དཔུང་དང་མཚུངས་པའི་བྱང་ཁོག་ཏུ་སྐྲན་ནད་ན་བ་འགོག་པ། རྒས་པ་གསོ་བ།ཤི་འདྲུལ་སོང་བའི་ཕྲ་ཕུང་གྲུབ་པ། ཕྱི་ཕྱོགས་ནད་དུག་འགོག་པའི་ནུས་པ་ལྡན་པ། ཕྲ་སྲིན་སོགས་སྐྱེ་དངོས་ཕྲ་རབ་ཀྱིས་འགོས་པ། ཉིན་རེ་བཞིན་མིའི་ལུས་ནང་གི་ཕྲ་ཕུང་ལ་གློ་བུར་འགྱུར་བ་བྱུང་བ། རིམས་འགོག་མ་ལག་རྒྱུན་ལྡན་ཡིན་པའི་སྐྲན་ནད་ལས་ཐར་ཐུབ་པ་དང་རིམས་འགོག་མ་ལག་ལ་ནད་འགྱུར་བྱུང་བའི་མི་ལ་སྐྲན་ནད་ན་བའི་ཉེན་ཁ་ཆེ་བ། དབྱར་རྩ་དགུན་འབུ་ལ་རིམས་འགོག་ནུས་པ་སྙོམ་སྒྲིག་བྱེད་པའི་བྱེད་ལས་ལྡན་ལ། དེས་རིམས་འགོག་མ་ལག་གི་ཕྲ་ཕུང་མང་དུ་གཏོང་ཐུབ་པ། གྲུབ་ཚུལ་དང་འབོར་གྲངས། དེའི་རིམས་འགོག་ནུས་པ་མཐོ་རུགཏོང་བ་མ་ཟད་རིམས་འགོག་ཕྲ་ཕུང་འགའི་ནུས་ཤུགས་ཇེ་དམའ་གཏོང་བའི་ནུས་པ་ཡང་ཡོད་པ་རེད།
༥.ཐད་ཀར་སྐྲན་ནད་འགོག་པའི་བྱེད་ནུས་ལྡན་པ།
དབྱར་རྩ་དགུན་འབུས་དངོས་པོའི་སྙིང་བཅུད་ལེན་པ་དང་ཕྱིའི་འབུ་ཕྲ་སོགས་འགོག་སྲུང་བྱེད་ཐུབ་པ། སྐྲན་ནད་ཕྲ་ཕུང་བསད་པའི་ནུས་པ་ལྡན་པ།དབྱར་རྩ་དགུན་འབུའི་ནང་དུ་དབྱར་རྩ་དགུན་འབུའི་རྒྱུ་ཡོད། གྲུབ་ཆ་དེས་སྐྲན་ནད་འགོག་པའི་ནུས་པ་གཙོ་བོ་འདོན་པ།
༦.ཕྲ་ཕུང་གི་ནུས་ཚད་ཇེ་མཐོ་རུ་གཏོང་བ་དང་ངལ་དུབ་འགོག་པ།
དབྱར་རྩ་དགུན་འབུའི་མིའི་ལུས་ནུས་ཚད་ཇེ་མཐོ་གཏོང་བ་དང་སྐུད་རྡོག་གཟུགས(线粒体 )ཀྱི་ནུས་ཚད་ཇེ་མཐོ་རུ་གཏོང་བ་དང་། ལུས་ཁམས་ཀྱི་གྲང་ངར་ཐེབས་པའི་ནུས་པ་ཇེ་མཐོ་རུ་གཏོང་ཐུབ་པ་དང་། ངལ་དུབ་ཇེ་ཆུང་དུ་གཏོང་བར་བྱེད་ཐུབ།
༧.མཆིན་པའི་བྱེད་ལས་སྙོམ་སྒྲིག་བྱེད་པ།
དབྱར་རྩྭ་དགུན་འབུའི་དུག་ཡོད་པའི་དངོས་རྫས་ཀྱིས་མཆིན་པར་གནོད་སྐྱོན་ཇེ་ཆུང་དུ་བཏང་ནས་མཆིན་པ་ཚིལ་རྒྱས་པ་ཅན་ལ་སྔོན་འགོག་ཐུབ་བྱེད་ཐུབ་པ་དང་།དེ་ལས་གཞན་རིམས་འགོག་ནུས་པ་སྙོམས་སྒྲིག་བྱས་པ་བརྒྱུད་ནས་ནད་དུག་འགོག་པའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ་ནད་དུག་རང་བཞིན་གྱི་མཆིན་ཚད་ལ་ཕན་ནུས་འདོན་ཐུབ།
༨.ཁྲག་གི་བྱེད་ལས་སྙོམ་སྒྲིག་བྱེད་པ།
དབྱར་རྩྭ་དགུན་འབུ་ཡིས་རྐང་མར་ལས་ཁྲག་རྡུལ་དང་། ཕྲ་ཕུང་དམར་པོ་དང་ཕྲ་ཕུང་དམར་པོ་དང་། ཕྲ་ཕུང་དཀར་པོ་བཅས་ཀྱི་ནུས་པ་ཇེ་ཆེ་རུ་གཏོང་དགོས།
༩.ཁྲག་ཞག་སྙོམ་སྒྲིག་བྱེད་པ།
༡༠.ད་རུང་ཐད་ཀར་དུ་ནད་དུག་འགོག་པ་དང་།མིའི་དབང་རྩ་མ་ལག་གི་བྱེད་ནུས་སྙོམ་སྒྲིག་བྱེད་པ་དང་ལུས་ཡང་ཀྱི་འདུ་བ་ཆ་སྙོམ་དུ་གཏོང་བའི་ནུས་པ་ལྡན།
མི་གང་དག་གིས་དུས་ཡུན་རིང་པོར་དབྱར་རྩྭ་དགུན་འབུ་ཟོས་ན་འཚམ་པ་ཡིན་ནམ།
༡.ཐ་མག་འཐེན་པ་དང་ཆང་འཐུང་བ། ཡུན་རིང་བོར་སྨན་འཐུང་བའི་མི།
༢.ལས་ཀའི་གནོན་ཤུགས་ཆེ་ཞིང་ངལ་དུབ་ཆེ་བའི་མི།
༣.གྲོང་ཁྱེར་གྱི་ཕྱོགས་བསྡུས་ནད།
༤.དར་མ་དང་རྒན་པར་འགུལ་སྐྱོད་དང་ལུས་སྟོབས་ཞན་པའི་མི།
༥.རིགས་མི་འདྲ་བའི་སྐྲན་ནད་ཕོག་པའི་ནད་པ།
༦.གློ་བའི་གཉན་ཚད་དང་གློ་བའི་གཅོང་ནད། གློ་བའི་དབུགས་སྐྲངས་པ། དབུགས་འཚང་བ། གློ་ཡུའི་ཡན་ལག་གཉན་ཚད་བཅས་ཀྱི་ནད་པ།
༧.མྱུར་མོ་དང་དལ་མོའི་རངགཤིས་མཆིན་ཚད་དང་མཆིན་པ་སྲ་འགྱུར་ནད་པ།
༨.སྙིང་ཤའི་གཉན་ཚད་ཡོད་པ་དང་སྙིང་འཕར་ཚད་མི་སྙོམས་པ། ཀླད་པའི་གྲིབ་ནད། ཀླད་ཁྲག་འདྲེས་པ། ཁྲག་རྩ་སྲ་འགྱུར། ཁྲག་ཚིལ་མཐོ་བ། ཁྲག་ཤེད་དམའ་བའི་མི།
༩.དལ་བའི་རང་བཞིན་གྱི་མཁལ་ཚད་ཕོག་པ། མཁལ་མ་ཉམས་པ། མཁལ་མའི་ནུས་པ་ཞན་པ། གཅིན་པ་མངར་འགྱུར་གྱི་ནད་ཡོད་པ།
(དཔལ་འབྱོར་ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་ཏུ། གོང་གསལ་གྱི་མི་དེ་དག་གིས་འོས་འཚམས་བཀོལ་ན་ཆོག)
ཅིའི་ཕྱིར་མི་འདི་དག་ལ་འཚམ་པ་ཡིན་ནམ།
༡.དབྱར་རྩ་དགུན་འབུས་མིའི་ལུས་ཁམས་ན་གནས་པའི་རིམས་འགོག་ནུས་ཤུགས་མངོན་གསལ་མཐོ་རུ་གཏོང་ཐུབ་པ།
༢.གློ་བར་ཕན་ཞིང་མཁལ་མ་ལ་ཕན་པ། ཁྲག་གཅོད་པ་དང་ཁ་ལུད་རྒྱག་པ། ལུ་མཚམས་འཇོག་པ་བྱེད་པ།
༣.དབྱང་དབུགས་ཆད་དཀོན་འགོག་པ་དང་ངལ་དུབ་འགོག་པ། ལུས་རྩལ་གྱི་ནུས་པ་ཆེ་རུ་གཏོང་བའི་ནུས་པ་ལྡན་པ།
༤.དབྱར་རྩ་དགུན་འབུའི་ཁྲག་ནང་གི་ཀན་སྣུམ་ཚིལ་གསུམ་དང་མཁྲིས་རྒྱུ་གཤེར་རྩི། ཚིལ་སྤྲིར་བཅས་ཀྱི་འདུས་ཚད་མངོན་གསལ་གྱིས་ཇེ་དམའ་རུ་བཏང་སྟེ། སྙིང་གི་འཕར་གྲངས་རྒྱུན་ལྡན་བྱེད་པ་མ་ཟད་ཁྲག་ཤེད་ཀྱང་ཇེ་དམའ་རུ་གཏོང་ཐུབ།
༥.དབྱར་རྩྭ་དགུན་འབུའི་སྐྲན་ནད་འགོག་པའི་ཕྲ་ཕུང་།འབྲས་སྐྲན་ཕྲ་ཕུང་ཁྱབ་མཆེད་འགྲོ་བ་འགོག་པ། ལུས་ནང་གིTཕྲ་ཕུང་མངོན་གསལ་ཇེ་མཐོ་འགྲོ་བ།
༦.རྒས་པ་གསར་བ་དང་ནད་མེད་པ་ཚེ་རིང་དུ་གནས་པའི་ནུས་པ་ལྡན་པ།
༧.འབུ་ཕྲ་འགོག་པ། ནད་དུག་འགོག་པ། གཉན་ནད་སེལ་བ།
༨.ལྷིང་འཇགས་ངང་གཉིད་ལེགས་པོ་འོང་པ་ལ་ཕན།
༩.དབྱར་རྩྭ་དགུན་འབུས་ལུས་ཀྱི་ཁྲག་རྩ་རྒྱ་སྐྱེད་པ་དང་ཁྲག་གི་གར་ཚད་སྙོམ་པོ་བཟོས་ནས་ངོ་གདོང་གསོ་བ་སོགས་ཀྱི་ནུས་པ་ཐོན་གྱི་ཡོད་པ་རེད།
དབྱར་རྩྭ་དགུན་འབུ་ཟོས་ནས་གཟུགས་པོ་ཇེ་ཐང་ཏུ་འགྲོ་བའི་མཚོན་ཚུལ།
༡.རྒྱས་ཟ་རྒྱས་འཐུང་བྱས་པ་དང་མངོན་གསལ་ཕོ་བའི་མེ་དྲོད་སྐྱེས་པ་། ཡི་ག་བཟང་བ། བཙོག་པ་མི་འགག་པ། གཅིན་གཏོང་བདེ་བ། གཉིད་སྐྱིད་པོ་ཁུག་པ།
༢.རྐེད་པ་ན་བ་དང་། མགོ་ཡུ་འཁོར་བ། དབུགས་ཧད་པ། ལུས་ཤུགས་ཉམས་པ་སོགས་ཀྱི་ནད་རྟགས་མེད་པར་གྱུར་ཏེ། དཔེར་ན་ལོ་ན་གཞོན་ཞིང་ལུས་སྟོབས་རྒྱས་པ་དང་མི་དང་འདྲ་བ།
༣.སྐྱེས་པའི་མཁམ་མ་དང་ལུས་སྟོབས་མངོན་གསལ་ཇེ་རྒྱས་དུ་ཕྱིན་པ།
༤.མིག་ཇེ་གསལ་དང་མཐོང་ཤུགས་ཇེ་ཆེ་འགྱུར་བ།
༥.རྣ་འོན་པ་དང་རྣ་འུར་པ་ཡང་དུ་སོང་བ། ཉན་ནུས་ཤུགས་ཆེ་བ།
༦.ཆམ་པ་ཕོག་དཀའ་བ། ནད་ཕོག་དཀའ་བ། རིམས་འགོག་ནུས་ཤུགས་་ཇེ་ཆེར་སོང་བ།
༧.ཐ་མག་འཐེན་པ་དང་གློ་ནད་ཁ་ལུད་ལུ་བ།གློ་ལུ་དབུགས་ཚང་སོགས་མངོན་གསལ་དོད་པོ་ཇེ་དྲག་འགྱུར་ནས་དབུགས་འབྱིན་རྔུབ་སོགས་ཧ་ཅང་བདེ་པོ་ཡོད་པ།
༨.མཆིན་པ་ཚིལ་འགྱུར་དང་མཆིན་པ་སྲ་འགྱུར་ཇེ་དྲག་ཏུ་ཕྱིན་པ།
༩.སྐྲ་མི་བྱིར་བ་དང་སྐྲ་ནག་པོ་རུ་འགྱུར་བ།
༡༠.ངོ་གདོང་ལ་ནག་ཁྲ་མེད་པ་འགྱུར་བ་དང་གདོང་ལ་གཉེར་མ་མེད་པ་ཆགས་པ།
མཁལ་མའི་རྩ་བ་བརྟན་པོ་བྱེད་པ། དབྱར་རྩྭ་དགུན་འབུ་ནི་ཀྲུང་ལུགས་གི་སྨན་རྩྭའི་ནང་ནས་ནད་ཡོད་མེད་གཉིས་ཀའི་ལུས་ཁམས་གསོ་བ་ལ་གཏོང་ཆོག་པའི་སྨན་མཆོག་གཅིག་པུ་དེ་ཡིན་པ་མ་ཟད།ད་རུང་མཁལ་མའི་ཕྲ་ཕུང་སྲུང་སྐྱོབ་བྱེད་པ་དང་། གནོད་འཚེ་ཐེབས་པའི་མཁལ་མའི་ནུས་པ་སླར་གསོ་བྱེད་པ། དལ་བའི་རང་བཞིན་ཅན་གྱི་མཁལ་ཚད་ལ་མེད་དུ་མི་རུང་བའི་སྨན་ཞིག་ཡིན་པ་རེད་།
དབྱར་རྩྭ་དགུན་འབུ་ནི་གཉིད་སློང་བའི་གླུ་གཞས་ཞིག་དང་འདྲ་བར་གཉིད་མི་ལོག་པ་རྩ་བ་ནས་སྙོམ་སྒྲིག་བྱེད་པ།མཚན་མོ་གཉིད་ཁུག་པ། གཉིད་སྐྱིད་པོ་ཁུག་པ། ད་རུང་དབྱར་རྩ་དགུན་འབུ་ཟས་ན་ལུས་ཁམས་ལ་ཕན་པ་ལས་གནོད་པ་སྤུ་ཙམ་ཡང་མེད་པ། ལུས་ཁམས་བདེ་བ་དང་སེམས་སྐྱིད་པ། དབྱར་རྩྭ་དགུན་འབུ་དུས་ཡུན་རིང་པོར་ཟོས་ན་རྒས་པ་གསར་བ་བྱེད་པའི་ནུས་པ་ལྡན་པ།
དབྱར་རྩྭ་དགུན་འབུར་ཟ་བར་ཉིན་༣-༡༠ཡི་ནང་དུ་གློ་བ་ལུ་བ་དང་དབུགས་ཧད་པ། ཁ་ལུད་ཉུང་དུ་འགྲོ་བ། ཉིན་༩༠ལ་བསྟུད་མར་འཐུང་ན། ནད་གཞི་རིམ་གྱིས་ཇེ་ཡང་དུ་སོང་ནས་དྲག་པར་འགྱུར་བ་དང། དེས་གློ་བ་དང་གློ་ཡུའི་ཡན་ལག་གི་བྱེད་ནུས་སླར་གསོ་དང་། གློ་བ་དང་གློ་ཡུའི་ཡན་ལག་ཁྲོད་ཀྱི་འབུ་ཕྲ་གད་སྙིགས་གཙང་སེལ་བྱེད་པ་། དུས་རྒྱུན་དབྱར་རྩྭ་དགུན་འབུ་ཟ་བའི་ནད་པ་ལ་གནམ་གཤིས་འགྱུར་ལྡོག་འགྲོ་བ་ལ་བརྟེན་ནས་ནད་གཞི་སླར་འཕར་རྒྱུ་ཧ་ཅང་ཉུང་།དེ་ན་དབྱར་རྩ་དགུན་འབུས་ནད་གསོ་བ་ལ་ཧ་ཅང་གལ་འགངས་ཆེན་པོ་ཡོད་པ་རེད།
དབྱར་རྩྭ་དགུན་འབུ་ཟོས་ན་སྙིང་གི་ཁྲག་རྩ་དང་ཀླད་པའི་ཁྲག་རྩའི་ནད་འབྱུང་བ་ཇེ་ཉུང་དུ་གཏོང་ཐུབ་པ་དང། དབྱར་རྩྭ་དགུན་འབུ་ཟ་ན་ཁྲག་གི་སྙིགས་རོ་གཙང་སེལ་བྱེད་པའི་ནུས་པ་ཆེན་པོ་ལྡན་པ། ཁྲག་ཞག་གཅོག་པ་དང་ཁྲག་ཤེད་གཅོག་པ། ཁྲག་ཤེད་གཅོག་པའི་ནུབ་སྨན་གྱི་འཐུང་ཚད་ཇེ་ཉུང་དུ་གཏོང་ཆོག་པ། ལུས་ཡོངས་ལ་ཁྲག་རྒྱུག་པའི་ནུས་པ་སྔར་ལས་ཇེ་ལེགས་སུ་འགྲོ། སྙིང་གི་ཤ་གནད་གསོ་བ།སྙིང་ཆེ་རྒྱས་འགོག་པ། དེས་ད་དུང་ཁྲག་རྩའི་ལྡེམ་ཤུགས་སླར་གསོ་དང་ཁྲག་གི་འཁོར་སྐྱོད་ལེགས་བཅོས་སམ་སྙོམ་སྒྲིག་བྱེད་པ།
དབྱར་རྩྭ་དགུན་འབུའི་མཆིན་པ་ཚིལ་སྣ་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པའི་ཕན་ནུས་ཧ་ཅང་མངོན་གསལ་ཡོད་པ། དེ་ནི་རང་བྱུང་གི་མཆིན་ནད་འགོག་པའི་སྨན་རྩ་གལ་ཆེན་ཅིག་ཡིན་པ། མཆིན་པའི་བྱེད་ལས་སྣ་ཚོགས་མྱུར་བ་སླར་གསོ་བྱེད་པ་དང། ནད་དུག་རང་བཞིན་གྱི་མཆིན་ཚད་འགོག་པའི་རིམས་འགོག་ནུས་ཤུགས་སྙོམ་སྒྲིག་བྱེད་པ། མཆིན་ཚད་ཀྱི་ནད་དུག་གཙང་སེལ་བྱེད་པའི་ནུས་པ་ཇེ་མཐོ་གཏོང་བ་དང་མཆིན་པ་ཚིལ་འགྱུར་གྱི་ནད་སེལ་བ།
དབྱར་རྩ་དགུན་འབུའི་མཆིན་པ་དང་མཁལ་མའི་ནུས་པ་གསོ་བ་དང་། དེ་ལས་འདུ་བ་ཆ་སྙོམ་དུ་གཏོང་བ། ཀུན་གཞའི་ཚོ་སྣང་གསོ་བ། བུད་མེད་ཟླ་མཚན་ན་བ། ཟླ་མཚན་མི་སྙོམས་པ་སྙོན་སྒྲིག་བྱེད་པ། ཁྲག་མདོག་ནག། བུ་སྣོད་ནང་ཤ་སྐྲན་སྐྱེས་པ་ལ་ཕན་པ། ད་རུང་བུད་མེད་ཀྱི་ལུས་མདངས་གསོ་བ་དང་ལོ་ཇེ་གཞོན་དུ་གཏོང་ཐུབ།
ཡིག་སྒྱུར་པ། རྡོ་རྗེ་མགོན་པོ།
རྩོམ་སྒྲིག་པ། ཀུན་དགའ།