༄༅།།བླ་མ་རིན་ཆེན་དཔལ་ལྡན་གྱི་ཞབས་བརྟན་
༄༅།།བླ་མ་རིན་ཆེན་དཔལ་ལྡན་གྱི་ཞབས་བརྟན་
ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་
བཞུགས་སོ།།
བླ་མ་རྒྱལ་བ་སྲས་བཅས་བྱིན་རླབས་དང་།།
ཡི་དམ་རིན་ཆེན་གསུམ་གྱི་ཐུགས་རྗེ་མཐུས།།
དཔལ་ལྡན་མཁའ་འགྲོ་རྒྱ་མཚོའི་རྟེན་འབྲེལ་གྱིས།།
བསྟན་འཛིན་དམ་པའི་སྐུ་ཚེ་བརྟན་གྱུར་ཅིག།
འཁོར་འདས་རིན་ཆེན་དཔལ་དང་ལྡན་པའི་སྐུ།།
སྣང་སྲིད་ཕན་བདེ་སྤེལ་བའི་བདེན་ཚིག་གསུང་།།
ཨེ་ཝྃ་བསྟན་པ་སྐྱོང་བའི་ཐུགས་རྗེ་ཅན།།
བླ་མ་རིན་ཆེན་དཔལ་ལྡན་ཞབས་བརྟན་ཤོག།
དཀོན་མཆོག་རིན་ཆེན་གསུམ་གྱི་ཐུགས་རྗེ་དང་།།
རྟེན་འབྲེལ་བསླུ་བ་མེད་པའི་བདེ་སྟོབས་དང་།།
བདག་གིས་ལྷག་བསམ་དག་པའི་སྨོན་ལམ་གྱིས།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།
ཅེས་པ་འདི་ཡང་རབ་གནས་ཤིང་འབྲུག་མགོ་ཟླ་བའི་ཡར་ངོའི་ཚེས་བཅུ་དང་འཛམ་གླིང་ཞི་བདེའི་དར་ཅོག་སྒྲོན་པའི་དུས་བཟང་གི་ཉི་མ་ལ་རང་གི་དངོས་སློབ་དང་སྙིང་གྲོགས་ཀྱི་འཁྲུངས་སྐར་ལ་མཁའ་འགྲོ་དམ་པས་གསུང་སྐུལ་བཞིན་ཤྲཱིཿ གླིང་པས་ཨེ་ཝྃ་སྟག་ཚང་ཨ་ནནྟའི་ཕོ་བྲང་ནས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།། ཤྲཱིཿ སརྦ་ལོ་ཀ་བི་ཛ་ཡནྟུ།།
8/1/2025