February 2025

༄༅།།འཛམ་གླིང་གེ་སར་ནོར་བུ་དགྲ་འདུལ་གྱི་མཆོད་གསོལ་གེ་སར་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

༄༅།།འཛམ་གླིང་གེ་སར་ནོར་བུ་དགྲ་འདུལ་གྱི་མཆོད་གསོལ་གེ་སར་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

𝐓𝐡𝐞 𝐖𝐨𝐫𝐥𝐝 𝐆𝐞𝐬𝐚𝐫 𝐍𝐨𝐫𝐩𝐨 𝐃𝐫𝐚𝐝ü𝐥’𝐬 𝐎𝐟𝐟𝐞𝐫𝐢𝐧𝐠 𝐏𝐫𝐚𝐲𝐞𝐫, 𝐭𝐢𝐭𝐥𝐞𝐝 “𝐓𝐡𝐞 𝐄𝐬𝐬𝐞𝐧𝐜𝐞 𝐨𝐟 𝐆𝐞𝐬𝐚𝐫”, 𝐢𝐬 𝐡𝐞𝐫𝐞𝐛𝐲 𝐩𝐫𝐞𝐬𝐞𝐧𝐭𝐞𝐝”.

ཨེ་མ་ཧོ༔

Ema Ho!

སྐུ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ།།

To Padma Thötreng Tsal (པདྨ་ཐོད་ཕྲེང་རྩལ), the union of the Three Bodies (Trikaya),

ཐེག་གསུམ་ཕན་བདེ་འཛམ་གླིང་དཔལ་ཤར་པ།།

Source of benefit and bliss through the Three Vehicles, illuminating the splendor of the world,

མཆོག་གསུམ་བསྟན་སྲུང་འཛམ་གླིང་རྒྱལ་པོ་ལ།།

To the Supreme Three Jewels, protector of the teachings, King of the World,

སྒོ་གསུམ་མི་ཕྱེད་དད་པས་སྐབས་སུ་མཆི།།

With undivided faith in the Three Doors, we supplicate at this moment.

ཁམས་གསུམ་ཡོངས་གྲོལ་ཆེན་པོར་གསོལ་བ་འདེབས།།

We pray for the great liberation of all beings in the Three Realms.

གསང་གསུམ་བརྡ་དོན་རྟགས་ཀྱིས་མཇལ་ཕྱག་འཚལ།།

With symbolic gestures, we prostrate to the profound meaning of the Three Secrets.

མཆོད་གསུམ་རྨད་བྱུང་དགྱེས་པའི་མཎྜལ་འབུལ།།

We offer the mandala of joy, arising from the Three Offerings.

དུས་གསུམ་བསགས་ཡོད་སྡིག་ལྟུང་སོ་སོར་བཤགས།།

We confess each misdeed accumulated throughout the Three Times.

འཁོར་གསུམ་དག་པ་ཀུན་ལ་རྗེས་ཡི་རངས།།

In the pure Three Wheels, we rejoice in all virtues.

རྒྱལ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ།།

We pray for the turning of the Dharma Wheel by the Three Victors.

སྐྱབས་གསུམ་བླ་མ་དམ་པར་བཞུགས་གསོལ་འདེབས།།

To the Three Jewels and the precious Guru, we earnestly request your abiding presence.

རྫོགས་སྨིན་སྦྱོང་གསུམ་མཐའ་རུ་ཕྱིན་པར་ཤོག།

May we attain the culmination of the Three Paths: completion, maturation, and purification.

ཨོྃ་གུ་རུ་མ་ཎི་རཱ་ཛ་སིདྡྷི་ཧཱུྃ༔

Om Guru Mani Raja Siddhi Hum!

ཞེས་པ་འདི་ཡང་རབ་གནས་ཤིང་འབྲུག་རྒྱལ་ཟླ་བའི་ཟླ་བ་ཉ་ཡོངས་སུ་གང་བའི་ཉིན་གྱི་ཐོ་རངས་ཁར་ཨེ་ཝྃ་རྣལ་འབྱོར་གླིང་ནས་ཨེ་ཝྃ་རིག་པས་ངོར་གང་ཤར་ཐོལ་གདོལ་དུ་ཨེ་མ་ཧོས་དེ་ཉིད་དུ་གེ་སར་རྒྱལ་པོའི་འཁྲུངས་སྐར་དུས་བཟང་ལ་ཕུལ་བས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བས་དད་གུས་དག་སྣང་འཁན་ལ་སྨན་རྒྱལ་དཀར་པོ་ཆིག་ཐུབ་མཆིས་པ་གནས་པར་ལགས་སོ།།

This prayer was composed at AWAM Retreat Center by Awam Neljor (His Holiness Khenchen Lama Rinpoche) on an auspicious day coinciding with the full moon of the Dragon Month, the birth anniversary of King Gesar. It carries immense blessings, and its faithful recitation is said to bestow the supreme medicine of pure vision.

12/2/2025/5/25/55/59 AM།།

Translated by Phub Dorji Wang

Leave a Reply

Your email address will not be published. Required fields are marked *