February 2026

༄༅།།ཨ་མ་དམ་པའི་དགོངས་རྫོགས་བསུ།།

༄༅།།ཨ་མ་དམ་པའི་དགོངས་རྫོགས་བསུ།།

ཨེ་མ་ཧོ།།

བྱམས་བརྩེ་མ་བཅོས་གཉུག་མའི་ཡེ་ཤེས་སྐུ།།

འོད་གསལ་སྙིང་པོའི་ཤེས་རབ་འོད་དུ་འབར།།

ནམ་ཡང་ནུབ་མེད་སེམས་ཀྱི་ཨ་མའི་དྲིན།།

དྲིན་ལ་དྲིན་དུ་ཤེས་ནས་དགོངས་རྫོགས་བསུ།།

ཨ་མ་ཨ་ཕའི་དགོངས་པ་དབྱིངས་ནས་དགྱེས།།

མ་ལུས་འགྲོ་ལ་ཕན་བདེའི་དཔལ་ལ་རོལ།།

ཨ་མའི་ཐུགས་སུ་བརྣག་པའི་འགྲོ་དོན་ཀུན།།

ཀུན་བཟང་ཕྱམ་གཅིག་སངས་རྒྱས་མྱུར་ཐོབ་ཤོག།

མཁའ་འགྲོ་བདེ་ཆེན་ལྷ་མོ་དང་པདྨ་ཚེ་བརྟན་ངོར་ཤྲཱིས་སོ།།25/2/26