༄༅།།ཨེ་ཝྃ་ལམ་རིམ་རྫོགས་ཆེན་ཉི་ཟླ་ནོར་བུའི་རྒྱུད་ལས་
༄༅།།ཨེ་ཝྃ་ལམ་རིམ་རྫོགས་ཆེན་ཉི་ཟླ་ནོར་བུའི་རྒྱུད་ལས་ རང་ཤར་རང་གྲོལ་ཏིང་འཛིན་རྒྱལ་པོའི་ལམ་ཀྱི་ལྡེའུ་མིག་ ཅེས་བྱ་བ་བཞུགས་སོ།། ན་མོ་མ་ཧཱ་ཤྲཱིཿ ཨེ་མ་ཧོ༔ ༼༡༽ གདོད་མའི་ཡེ་ཤེས་ནམ་མཁའ་ཡངས་པ་རུ།། ཀ་དག་སྟོང་པའི་ལམ་རིམ་དོན་དམ་ངང་།། ལྷུན་གྲུབ་འོད་གསལ་ལམ་བཟང་དག་རྫོགས་སྨིན།། ཨེ་ཝྃ་ཉི་ཟླ་ནོར་བུ་འོད་དུ་གསལ།། ༼༢༽ འཁོར་འདས་མུན་པ་བྲལ་བའི་འོད་གསལ་ཞིང་།། སངས༵་རྒྱས༵་ཡེ་ཤེས་ཀ་དག་ལྷུན་གྱིས་གྲུབ།། ངོ་བོ་རང་བཞིན་ཐུགས་རྗེའི་སྒྱུ་འཕྲུལ་དཔལ།། ཨེ་ཝྃ་དགྱེས་པ་རྡོ་རྗེའི་ལམ་རིམ་གསལ།། ༼༣༽ ངོ་བོ་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་།། རང་བཞིན་རིགས་ལྔའི་ཞིང་ཁམས་རྣམ་པར་དག། ཐུགས་རྗེ་དྲན་རྟོག་ཆོས་དབྱིངས་ངང་དུ་རྫོགས།། ཨེ་ཝྃ་ལམ་རིམ་བདེ་ཆེན་རོལ་བར་སྨིན།། ༼༤༽ རྩ་བརྒྱུད་བླ་མའི་ཚོགས་ལ་དད་པའི་ལམ།། བྱིན་རླབས་བརྒྱུད་པ་རིམ་པ་མ་ནོར་ཕྱིར།། སོར་བྱང་སྔགས་རྫོགས་ས་ལམ་རིམ་པས་ཐོབ།། ལྟ་སྒོམ་སྤྱོད་འབྲས་ཏིང་འཛིན་རྒྱ་མཚོར་དྲན།། ༼༥༽ ཕྱི་སྣང་མཆོག་གསུམ་རང་གི་ལུས་ལ་ཚང་།། ནང་རིག་རྩ་གསུམ་ལམ་བཟང་ལས་སུ་རུང་།། གསང་ཆེན་སྐུ་གསུམ་ངང་དུ་སངས་རྒྱས་ལམ།། གང་བསམ་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག། ཅེས་རབ་གནས་ཤིང་འབྲུག་དབྱར་དང་པོའི་ཡར་ངོའི་ཚེས་བཅུ་ལ་སྙིང་གྲོགས་སྙིང་གི་དྭངས་མས་བསྐུལ་བར་གསུངས་པ་དང་དེ་མ་ཐག་ཏུ་ཤྲཱིཿཨེ་མ་ཧོས་མྱུར་ལམ་བླ་ན་མེད་པར་རུ་གསལ་འདེབས་བྱས་པ་དེ་དེ་བཞིན་དུ་འགྱུར་བར་གྱུར་ཅིག་གུ།། ཤྲཱིཿ ཨ་ར་ས་བི་ཛ་ཡནྟུ།། །།
༄༅།།དུས་བཟང་དང་རྟེན་འབྲེལ་ལེགས་འགྲིགས།
༄༅།།དུས་བཟང་དང་རྟེན་འབྲེལ་ལེགས་འགྲིགས། Great times and prayer all done!I Welcome back to the United Kingdom or UK, i had a great trip times! This years 108 days visits in the world for world pace and saves worldly and Nirvana great ways!!! ད་ལོའི་ཤིང་འབྲུག་གི་ལོ་ལ་ཞག་བརྒྱའི་འཛམ་གླིང་ཞི་བདེའི་སྨོན་བཟང་ལུང་བསྟན་དུས་བབས་བཞིན་དུ་འཛམ་བུ་གླིང་གཡས་བསྐོར་ཀྱི་ལས་འཆར་ཞི་ལྷག་རྫོགས་སྒོམ་གྱི་ཨེ་ཝྃ་སྨོན་ལམ་ཆེན་མོ་དེ་ལེགས་གྲུབ་བྱུང་ནས་རང་ཁྱིམ་དབྱིན་ཡུལ་ཨེ་ཝྃ་ཡོ་ག་གླིང་བདེ་མཆོག་རྒྱལ་བའི་ཕོ་བྲང་དུ་བདེ་བར་འབྱོར། སྤྱི་ལོ་(2024/4/24. ) དེ་རིང་སྤྱི་ཟླ་བརྒྱད་པའི་ཚེས་བཞི་བ་སྟེ་བོད་ཟླ་དྲུག་པའི་གནམ་གང་ལ་(4/8/2024) སླར་ཡང་ཨེ་ཝྃ་སྨོན་ལམ་ཆེན་མོ་བརྒྱ་དང་ང་གསུམ་པ་དག་ཞིང་ཟངས་མདོག་དཔལ་རི་དང་རྩ་བཞི་ཆོས་སྒྲུབ་ལ་འཇུག་པ་ཡིན་ནོ།། དྲ་ཐོག་ནས་མི་ས་ཡ་དང་དུང་ཕྱུར་མང་པོས་སྨོན་ལམ་མཉམ་དུ་མཛད། འདི་སྐབས་དངོས་སུ་མི་དམངས་ཐུག་འཕྲད་ནི་བརྒྱད་སྟོང་ལྷག་གིས་སྨོན་གསོལ་མཉམ་དུ་མཛད་པ་དང་། ཁྱིམ་ཚང་བརྒྱ་དང་བརྒྱད། སྐྱབས་སྡོམ་གསར་ཞུ་འཁན་སུམ་བརྒྱ་ལྷག་དང་བྱང་སྡོམ་པ་ལན་འཁན་སྟོང་ལྷག་དང་། བསམ་ལྷུན་དང་གོ་ཁྲབ་དབང་ཞུ་འཁན་ཡང་བདུན་བརྒྱ་གོ་དགུ་དང་། ཡེ་ཤེས་བླ་མའི་རིག་པའི་རྩ་དབང་བསྐུར་ས་དང་ཞུ་འཁན་བརྒྱད་དང་། བློ་སྙིང་ཚེ་སྲོག་དང་འབྲེལ་བ་དུ་མར་བྱུང་། གང་ལྟར་བདེ་ལེགས་ངང་དབྱར་གནས་ཀྱི་དགའ་ཚལ་ལ་མཉམ་རོལ་དུ་དབྱིན་ཡུལ་དུ་བདེ་བར་མཆིས་སོ།། །།
ལུང་བསྟན་ཀུན་གསལ་སྒྲོན་མེ་ལས༔
ལུང་བསྟན་ཀུན་གསལ་སྒྲོན་མེ་ལས༔ བྲག་དཀར་རི་བོ་རྩེ་གསུམ་ན༔ པདྨའི་གསུང་གི་སྒྲུབ་གནས་ཡོད༔ རྟེན་འབྲེལ་བདེན་པ་མངོན་གྱུར་ནས༔ འགྲོ་དོན་ཀུན་གསལ་ཁྱོན་ལ་བརྡལ༔ རྟ་མགྲིན་ཕུར་སྒྲུབ་ཚད་དུ་ཕྱིན༔ སྙིགས་དུས་རྒུད་པ་རྨིང་ནས་སེལ༔ འཛམ་གླིང་ཞི་བདེའི་ཉི་མ་ཤར༔ འབྲེལ་ཚད་རྔ་ཡབ་དཔལ་རིར་འདྲེན༔ ཞེས་སོགས་ལུང་བསྟན་མཐའ་ཡས་སོ།། ལུང་བསྟན་དང་རྨི་ལམ་བདེན་པ་དག་ཚད་ལས་འདས་པའི་གནད་ལ་ཁེལ་བ་བྱུང་། ༡༽ ཐོག་དང་པོ་རྟེན་འབྲེལ་བཟང་བ་ལ་མཁར་ཆེན་དབང་ཕྱུག་རིན་པོ་ཆེ་དང་ཕུབ་དབང་རྡོ་རྗེ་རིན་པོ་ཆེ་དང་ཆོས་བདག་རིན་པོ་ཆེ་སོགས་ཀྱིས་བསུ་མ་བཅས་སྐྱིད་ཆུ་ལྷ་ཁང་ནས་སྨོན་ལམ་བཏབས། བདེ་བར་འབྲུག་ཆེན་ཁང་ནས་སིདྡྷིས་བྱིན་རླབས་དང་བཅས་ཡིད་འགུལ་ཐེབས་པར་བྱུང་།། སྐུ་གསུམ་ཞིག་མཎྜལ་རབ་འབྱམས་རིན་པོ་ལ་དགེ་འདུན་ཁྲི་གྲལ་ནས་ཕུལ་བར་བྱས། རི་བོ་བསང་མཆོད་དགུང་དང་མཉམས་པར་བཏངས། ༢༽ དཀོན་མཆོག་འོད་ཟེར་དགོངས་བཞེད་དང་རང་གིས་འདོད་པ་བཞིན་གངས་གནས་རི་རྩེ་ནས་རི་བསངས་བཏངས། འཇའ་སྤྲིན་ནམ་མཁའ་ལས་གུ་རུ་རིན་པོ་ཆེ་དངོས་སུ་ཀུན་གྱིས་མཇལ།སྟག་ཚང་གསང་ཕུག་ནས་ཡེ་ཤེས་བླ་མའི་ཟབ་ཁྲིད་རྡོ་རྗེ་ཆོས་བདུན་ངོ་བོར་བྱང་ཆུབ་པ་དང་རྟེན་འབྲེལ་བདེན་པ་མངོན་དུ་གྱུར། གུ་རྟ་ཕུར་གསུམ་གྱི་དབང་ཆོག་དང་བཅས་པར་རིག་ཀློང་ལས་བརྡོལགཏེར་སྒྲོམ་འགའ་ཡང་ལག་ཏུ་སོན། རྗེ་ཁ་མགྲོན་ཁང་(Janka )ནས་སྐལ་བཟང་སློབ་མའི་ངོར་རྡོ་རྗེ་གོ་ཁྲབ་དང་མགུལ་ཁུག་མའི་དབང་དང་རི་བོ་བསང་མཆོད་ཕུལ། བྲག་དཀར་པོ་དང་སྐྱིད་ཆུ་དང་། སྟག་ཚང་གསང་ཕུག་ནས་ཡེ་ཤེས་བླ་མའི་ཟབ་ཁྲིད་རྡོ་རྗེ་ཆོས་བདུན་ངོ་བོར་བྱང་ཆུབ་པ་དང་རྟེན་འབྲེལ་བདེན་པ་མངོན་དུ་གྱུར།།
སྙིང་ཐིག་སྔོན་འགྲོའི་ངག་བྱིན་རླབས་སྒོམ་རིམ་རིས་འགྲེལ།
སྙིང་ཐིག་སྔོན་འགྲོའི་ངག་བྱིན་རླབས་སྒོམ་རིམ་རིས་འགྲེལ། ཨོཾ་ཨཱཿ་ ཧཱོུཾ། ལྕེ་དབང་རཾ་ཡིག་ལས་བྱུང་མེས་བསྲེགས་ནས།། འོད་དམར་རྣམ་པའི་རྡོ་རྗེ་རྩེ་གསུམ་སྦུབས།། ཨ་ལི་ཀཱ་ལིའི་མཐའ་བསྐོར་རྟེན་འབྲེལ་སྙིང༌།། མུ་ཏིག་ཕྲེང་བ་ལྟ་བུའི་ཡིག་འབྲུ་ལས།། འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད་པས་མཉེས།། སླར་འདུས་ངག་སྒྲིབ་དག་ནས་གསུང་རྡོ་རྗེའི།། བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱ། ལན་བདུན། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ལན་བདུན། ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥཱནྟ་ཐཱ་ག་ཏོ་ཧྱ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎ་སྭཱ་ཧཱ། ལན་བདུན།
ཨེ་མ་ཧོ།།
༸མཁའ་འགྲོ་མ་མཆོད་རྟེན་བཟང་མོའི་མཆོད་རྟེན་མཇལ་ཞིང་ལོ་བདུན་གྱི་ཡར་སྔོན་གྱི་རྨི་ལམ་གྱི་ལུང་བསྟན་ཀུན་མངོན་དུ་གྱུར། རྗེ་བཙུན་མ་མུ་མཚོ་དང་ཡིད་བཞིན་ནོར་བུ་རྨི་ལམ་ལས་མངོ་་སུམ་མཇལ། འཆི་མེད་འཕགས་མ་སྒྲོལ་མ་དང་ཟླ་བ་གྲགས་པ། ཆོས་བདག་པདྨ་ཆོས་གྲགས་རིན་པོ་ཆེ་དང་། གསར་རུ་འཇམ་དབྱངས་བློ་གྲོས་སྟོབས་ལྡན་དང་ཀུན་བཟང་རིག་འཛིན་དང་ཕུབ་བཟང་མོ་དང་ཡུལ་དེའི་དྲག་ཤོག་གིས་དུང་ལེན་དགའ་བསུ་ཟབ་རྒྱས་བྱུང་། ངོས་ནས་ཚིག་བདུན་གསོལ་འདེབས་ཀྱི་ལུང་དག་སྔགས་དང་ཕྱག་དང་། ཁྱད་པར་དུ་གུ་རུ་རྡོ་རྗེ་གོ་ཁྲབ་ཀྱི་དབང་དང་ཕུར་པ་མགུལ་ཁུག་མའི་དབང་དང་རྡོ་རྗེ་གཅོད་པའི་ལུང་དང་ཚེ་འདས་ཉི་མ་བསྔོ་སྨོན་བྱས་ལ་ཀརྨ་གླིང་གི་མགྲོན་ཁང་ནས། ཨེ་མ་ཧོ།། ཀརྨ་གླིང་པའི་བཟང་ཁང་དུ།། རྩ་གསུམ་མདོ་སྔགས་བཀའ་དབང་བསྩལ།། བསྟན་འགྲོར་ཕན་བདེའི་ཉི་མ་ཤར།། ཀུན་བཟང་ཕྲིན་ལས་རྨད་བྱུང་ཨེ་མ་ཧོ༔ ད་བྲིས་ད་སྤེལ་ཨེ་མ་ཧོ།
༄༅།།དག་པའི་ཞིང་མཆོག་གི་དབང་ཆོག་ཡིད་བཞིན་ནོར་བུ།
༄༅།།དག་པའི་ཞིང་མཆོག་གི་དབང་ཆོག་ཡིད་བཞིན་ནོར་བུ། དག་པའི་ལྷ་བཅུའི་དབང་ཆོག་ཡིད་བཞིན་ནོར་བུའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།། དེ་ལ་འདིར་དབང་སྐུར་ཐབས་ལ་བཅུ་གསུམ་ཡོད་པ་ལས། ༼༡༽ དང་པོ་ནི་བསམ་ལྷུན་ཆོ་ག་རྒྱས་བསྡུས་གང་རུང་སྔོན་དུ་སོང་བ་སློབ་དཔོན་གྱི་ལས་དང་། ༼༢༽ གཉིས་པ་སློབ་མ་ཡོངས་ལ་སྐུ་ཁྲུས་གསོལ་བར་བྱ། ཇི་ལྟར་བལྟམས་པ་དང་རྣམ་རྒྱལ་མ་དང་སྨེ་བརྩེགས་ཀྱི་ལས་རིམ་དང་རྡོ་སེམས་ཀྱི་སྒོ་ནས་དག་པར་མཛད། ༼༣༽ གསུམ་པ་བཀའ་བགོ་དང་སྲུང་འཁོར་དང་མཚམས་བཅད་ཟབ་རྒྱས་བྱ། བཞི་བ་བྱིན་འབེབས་དངོས་ནི།འི ༼༤༽ དང་པོ་སངས་རྒྱས་ཀུན་འདུས་བླ་མ་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་དབང་བསྐུར་བྱིན་གྱིས་རླབས་པ་ནི། ༼༡༽ གུ་རུ་པདྨ་འབྱུང་གནས། ཨེ་མ་ཧོ༔ སྣང་སྲིད་དག་པའི་ཞིང་མཆོག་དཔལ་རིའི་དབུས༔ ཀུན་བཟང་རྒྱལ་བ་ཀུན་འདུས་པདྨ་འབྱུང་༔ སྙིགས་དུས་རྒུད་པ་ཀུན་སེལ་མ་ཎི་ཀས༔ མཆོག་ཐུན་དངོས་གྲུབ་ཐོབ་པའི་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས་༔ ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་༔ ཨོྃ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ཨོྃ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་སིདྡྷི་ཨོྃ༔ ཨ་བྷིཥཉྩ་ཨོྃ༔