August 2019

པར་རྙིང་ཞིག་ལས་

པར་རྙིང་ཞིག་ལས་
རྙིང་མའི་དགོན་ཆེན་དྲུག་གི་ལོ་རྒྱུས་ལ་འཇལ་བ།
གྲྭ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་།
གྲྭ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་ནི། རབ་བྱུང་བཅུ་གཅིག་པའི་མེ་འབྲུག ཕྱི་ལོ་ ༡༦༧༦ ལོར་བཏབ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་…. བུས་རྒྱུད་ཡོངས་སུ་ཕྱུག་པའི་དགེ་འདུན་གྲངས་མང་དུ་འཕེལ་ཞིང་། གསང་སྔགས་ཕྲིན་སྒྲུབ་ཀྱི་ཕྱག་བཞེས་ཕྱོགས་ཀྱི་…། དགོན་མ་ལག་ཆེས་གྲངས་མང་བས་བོད་ལྗོངས་ཀུན་ཏུ་ཁྱབ་པར་གྱུར། སྔ་འགྱུར་གཉོས་ཀྱི་གདུང་བརྒྱུད་….. རབ་རིམ་བྱོན་བཅས་ཀྱིས་ཡོངས་སུ་འཛིན་པར་མཛད་དོ། །

ཐུབ་བསྟན་རྡོ་རྗེ་བྲག
ཐུབ་བསྟན་རྡོ་རྗེ་བྲག་ནི། རིག་འཛིན་ངག་གི་དབང་པོས་རབ་བྱུང་བཅུ་གཅིག་པའི་ས་སྤྲེལ་ ཕྱི་ལོ་ ༡༦༥༩༼༡༦༦༧༽ལ་བཏབ། བཤད་སྒྲུབ་ཀྱི་ཕྲིན་ལས་དབྱར་མཚོ་ལྟར་རྒྱས་པས་སྔ་འགྱུར་བསྟན་པའི་འབྱུང་ངོགས་དམ་པར་གྱུར་ཏེ། བོད་ཡུལ་སྟོད་སྨན་ཀུན་ཏུ་ཆོས་རྒྱུད་དང་། ཕྲིན་ལས་ཀྱིས་ཡོངས་སུ་ཁྱབ་པར་གྱུར་ཏོ། །
ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་།
ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ནི། རབ་འབྱམས་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱིས། རབ་བྱུང་བཅུ་གཅིག་པའི་ཤིང་སྟག ཕྱི་ལོ་ ༡༦༧༤ ལ་བཏབ། འོག་མིན་གཉིས་པ་ཨྱོན་སྨིན་གྲོལ་གླིང་གི་ཕྱག་བཞེས་འཕྱུག་མེད་དུ་སྐྱོང་ཞིང་། དམ་པའི་སྐྱེས་བུ་མང་པོའི་བསྟི་གནས་སུ་གྱུར་ཏེ། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་མཛད་དོ། །

རྫོགས་ཆེན་རུ་དམ་བསམ་གཏན་ཆོས་གླིང་གླིང་།
རྫོགས་ཆེན་རུ་དམ་བསམ་གཏན་ཆོས་གླིང་གླིང་ནི། གྲུབ་དབང་པདྨ་རིག་འཛིན་གྱིས། རབ་བྱུང་བཅུ་གཅིག་པའི་ཤིང་གླང་། ཕྱི་ལོ་ ༡༥༨༥༼༡༦༨༥༽ ལ་བཏབ། སྡོམ་པ་གསུམ་གྱི་གནང་བཀག་གི་མཚམས་ལས་མི་འདའ་ཞིང་། མཁས་ཚུལ་དགུ་ལ་དབང་འབྱོར་བ་དང་། རིམ་གཉིས་ཀྱི་གདེང་ཚད་དང་ལྡན་པའི་སྤྲུལ་སྤྲུལ་སྐུ་རིམ་བྱོན་རྒྱུ་སྐར་ཕྲེང་བ་ལྟ་བུ་དང་། དགེ་འདུན་པ་མང་པོའི་བསྟི་གནས་སུ་གྱུར་ཅིང་། མདོ་ཁམས་སྟོད་སྨན་ཀུན་ཏུ་ཆོས་བརྒྱུད་ཀྱི་ཕྲིན་ལས་ཤིན་ཏུ་དར་རྒྱས་གྱུར་ཏོ། །
ཀཿཐོག་རྡོ་རྗེ་གདན།
ཀཿཐོག་རྡོ་རྗེ་གདན་ནི། དམ་པ་བདེ་བཤེགས་ཀྱིས། རབ་བྱུང་གསུམ་པའི་ས་ཡོས། ཕྱི་ལོ་ ༡༠༥༩༼༡༡༥༩༽ ལ་བཏབ། འཇའ་ལུས་གྲུབ་པ་འབུམ་ཕྲག་སོགས་གྲུབ་ཐོབ་བརྒྱ་བའི་བསྟི་གནས། ཆོས་ཚིགས་ཀྱི་རྡོ་རྗེ་གདན་གཉིས་པར་གྱུར་ཀྱང་། བར་སྐབས་ཅུང་ཟད་ཉམས་ཆག་སོང་བ། གཏེར་འབྱིན་གྲུབ་པའི་དབང་ཕྱུག་བདུད་འདུལ་རྡོ་རྗེ་དང་། རིག་འཛིན་ཀློང་གསལ་སྙིང་པོ་གཉིས་ཀྱིས་སླར་ཉམས་གསོ་མཛད་ནས། མདོ་ཁམས་མཐའ་དབུས་ན་གསང་ཆེན་.. པའི་བསྟན་པ་གསལ་བྱེད་ལ་སུས་ཀྱང་ཟླ་མེད་པར་གྱུར་ཏེ། ཆོས་སྡེ་མ་ལག་བགྲང་ལས་འདས་པ་བཞུགས་སོ། །
དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་།
དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་ནི། རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས། རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ། ཕྱི་ལོ་ ༡༦༦༤༼༡༦༦༥༽ ལ་བཏབ། རིག་གསུམ་མགོན་པོའི་སྤྲུལ་པ་གསུམ་སོགས་དམ་པའི་སྐྱེས་བུ་མང་པོ་བརྒྱུད་མར་བྱོན་ནས། སྔ་འགྱུར་བཀའ་གཏེར་མན་ངག་གི་བརྒྱུད་པ་རྣམ་པར་དག་པ་ཚུལ་བཞིན་དར་ཁྱབ་ཏུ་སྤེལ་་་་་། ཆོས་སྡེ་ཆེན་པོ་འདི་ལས་གྱེས་པའི་དགོན་ཆེན་བརྒྱ་རྩ་བརྒྱད་དགོན་ཕྲན་སྟོང་དང་རྩ་གཉིས་སོགས་ཀྱིས་བོད་ཆེན་ལྗོངས་ཀུན་མཛེས་པར་གྱུར་ཏོ། །

Leave a Reply

Your email address will not be published. Required fields are marked *