November 2019

ད་ལྟ་ཕྱིར་དྲན་ཞིག་བྱས་ཚེ་ན་ནིང་ལོ་འཁོར་གུང་སེང་ཟླ་བ་གསུམ་དེ་ངོ་མ་དོན་དང་ལྡན་པ་བྱུང་སོང་སྙམ་ནས་དགའ་སྤྲོ་སྐྱེ་བཞིན་འདུག

བདག་གི་དགེ་བའི་རྩ་བ་འདི་དང་དགེ་བའི་རྩ་བ་གཞན་དག་ཀྱང་བསྐྱེད་ནས༔ དཔལ་ལྡན་བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཡོན་ཏན་དང་ལྡན་པར་གྱུར་ཅིག༔
སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་བྱེད་པའི་སྐྱེས་བུ་སྟོབས་ལྡན་དུ་གྱུར་ཅིག༔
མཁྱེན་པ་དང་བརྩེ་བ་ནུས་པ་གསུམ་མཐར་ཕྱིན་ནས་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག༔
འགྲོ་བ་རིགས་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག༔ དོལ་སྤྲུལ་འཆི་མེད་ནས

Leave a Reply

Your email address will not be published. Required fields are marked *