November 2019

མཁའ་འགྲོ་མ་ཚེ་རིང་དབང་མོའི་ཞབས་བརྟན་རིན་ཆེན་མེ་ཏོག།
ཨེ་མ་ཧོ།།
ཕྱོགས་དུས་རྒྱལ་ཀུན་ཡེ་ཤེས་རྣམ་རྒྱལ་མ།།
ཡུམ་ཆེན་ཤེར་ཕྱིན་ཀུན་བཟང་ཚེ༵་རིང༵་མ།།
པདྨ་གར་གྱི་དབང༵་མོ༵འི་བཞེད་དོན་ཀུན།།
གང་བསམ་ལྷུན་གྲུབ་བསྟན་འགྲོའི་དཔལ་དུ་ཤོག།
རྣམ་སྨིན་རིག་འཛིན་སྲིད་པའི་ཟློས་གར་ངོམས། །
ཚེ་དབང་རིག་འཛིན་རྟག་བརྟན་འཚོ་བཞེས་སྐུ།།
ཕྱག་ཆེན་རིག་འཛིན་ལྷན་སྐྱེས་བདེ་སྐྱོང་གསུང་།།
ལྷུན་གྲུབ་རིག་འཛིན་དེ་ཉིད་མཐར་ཕྱིན་ཤོག།
ཅེས་པ་འདི་ཡང་རབ་གནས་ས་ཕག་ལྷ་བབས་ཟླ་བའི་དུས་ཚེས་དགེ་བར་བསོ་རྒྱལ་རིན་པོ་ཆེའི་མ་ཡུམ་ཚེ་རིང་དབང་མོ་མཇལ་བའི་མོད་ལ་གང་ཤར་གསོལ་འདེབས་སུ་རིག་འཛིན་ཨེ་མ་ཧོས་ལས་རབ་གླིང་གི་མ་ཡུམ་གཟིམས་ཁང་ནས་སྙིང་ནས་སྨོན་པར་དགེའོ།། །།
Mayum Tsering Wangmo (Tib. མ་ཡུམ་ཚེ་རིང་དབང་མོ་), also known as Tselu, is the mother of Sogyal Rinpoche and Dzogchen Rinpoche. She is renowned as a great dakini and an emanation of Ushnishavijaya. She is the sister of Khandro Tsering Chödrön. She was born in 1925 as the daughter of Dechen Tso, the princess of Ling, and Sonam Tobgyal of the Lakar family, an emanation of the protective deity Gönpo Tsokdak.
༄༅། མཁའ་འགྲོ་མའི་གསོལ་འདེབས་བར་ཆད་ཀུན་སེལ། །

ཨེ་མ་ཧོ། །
ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་ཉིད། །
མ་གཅིག་ཡུམ་ཆེན་ཤེར་ཕྱིན་ཀུན་བཟང་མོར། །
གསོལ་བ་འདེབས་སོ་ཆོས་ཅན་དོན་རྟོགས་ནས། །
ཆོས་དབྱིངས་མཉམ་ཉིད་ངང་དུ་བྱིན་གྱིས་རློབས། །
མཁའ་ཁྱབ་ཞིང་གི་ལོངས་སྤྱོད་རྫོགས་སྐུ་ཡི། །
རྒྱལ་ཡུམ་རིགས་ལྔར་མཁའ་འགྲོའི་ལྷ་ཚོགས་ལ། །
གསོལ་བ་འདེབས་སོ་བཀའ་གཏེར་དག་སྣང་དོན། །
ཟབ་རྒྱས་སྨིན་གྲོལ་བསྟན་པར་བྱིན་གྱིས་རློབས། །
མི་མཇེད་འཇིག་རྟེན་ཁམས་གྱི་ཞིང་ཁམས་སུ། །
ལས་བཞི་མཆོག་གི་དངོས་གྲུབ་སྒྲུབ་མཛད་མར། །
གསོལ་བ་འདེབས་སོ་དོན་གཉིས་མཐར་ཕྱིན་ནས། །
ལས་ཉོན་བག་ཆགས་དག་པར་བྱིན་གྱིས་རློབས། །
སྔོན་བྱོན་ཕྱོགས་བཅུའི་སངས་རྒྱས་མཁའ་འགྲོ་དང་། །
ཕྱིས་འབྱོན་སྐུ་གསུམ་མཁའ་འགྲོའི་ལྷ་ཚོགས་ལ། །
གསོལ་བ་འདེབས་སོ་གསང་གསུམ་བར་ཆད་སོལ ། །
བསམ་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །
སྣང་སྲིད་རྣམ་དག་མ་མོ་མཁའ་འགྲོ་ལ། །
སྣང་སྲིད་གཞིར་གཞེངས་མཆོད་པ་འདི་འབུལ་བས། །
ཁམས་གསུམ་ཡོངས་གྲོལ་ཆོས་ཉིད་དོན་རྟོགས་ནས། །
བསྟན་འགྲོར་ཕན་བདེ་འབྱུང་བར་བྱིན་གྱིས་རློབས། །
ཐེག་གསུམ་དམ་ཆོས་དེ་ཉིད་ལེགས་རྟོགས་ཏེ། །
བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང་། །
སྐུ་གསུམ་མཁའ་འགྲོའི་དགོངས་པ་མངོན་གྱུར་ནས། །
མཆོག་གསུམ་སྣང་བས་རྟག་ཏུ་ཁྱབ་གྱུར་ཅིག །
རྣམ་སྨིན་མཁའ་འགྲོ་སྲིད་པའི་ཟློས་གར་ངོམས། །
ཚེ་དབང་མཁའ་འགྲོ་རྟག་བརྟན་རྒྱུན་དུ་འགྲོག །
བདེ་ཆེན་མཁའ་འགྲོ་ལྷན་སྐྱེས་མངོན་དུ་གྱུར། །
ཡེ་ཤེས་མཁའ་འགྲོའི་དེ་ཉིད་མྱུར་རྟོགས་ཤོག །
ཨོཾ་ཛྙྰ་ན་ཌྰ་ཀི་ནི་སརྦ་སིདྡྷི་ཕ་ལ་ཧྰུྃ་ཨ། །

ཞེས་ པ་འདི་ཡང་མཁའ་འགྲོ་དགྱེས་པའི་གད་རྒྱང་བླངས་པའི་རྗེས་སུ་རྨི་ལམ་ཡ་མཚན་ཅན་ འགའ་ཞིག་རྨིས་པ་ལ་བརྟེན་ནས་གང་དྲན་དུ་རི་ཁྲོད་དེ་ཉིད་དུ་ཤྲྰི་ཨ་ནནྟ་བཛྲས་ སྙིང་ནས་སྨོན་པར་དགེའོ། ། ཤྲྰི་སརྦ་ལོ་ཀ་ཀེ་ལ་ཤ་བི་ཛ་ཡནྣུ། ། ། །