December 2019

ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཁྱེན་ནོ།།
ཨེ་མ་ཧོ།།
ཞེ༵་མཐུན་རྫོགས་པ་ཆེན༵་པོའི་མཁའ་དབྱིངས་ནས།།
རབ༵་འབྱམས༵་འོད་གསལ་ཉི་ཟླ་རིན༵་པོ༵་ཆེ༵།།
འགྱུར༵་མེད༵་དམ་ཆོས༵་མི་ཡི་སེང༵་གེ༵་གང་།།
འཁོར་འདས་ཁྱབ་བདག་ཆེན་པོར་གསོལ་བ་འདེབས།།
བསྟན་འགྲོའི་དོན་ཆེན་བདེ་མྱུར་ལྷུན་གྲུབ་སྨོན།།
རབ་གནས་ས་ཕག་མགོ་ཟླའི་ཡར་ཚེས་བཅུ་ལ་བླ་མ་དྲན་པའི་མོད་ལ་ཤྲཱིས་སྨོན་པར་དགེའོ།། །།