April 2021

རྒྱལ་གླུ་བཀྲ་ཤིས་རྟགས་བརྒྱད།

རྒྱལ་གླུ་བཀྲ་ཤིས་རྟགས་བརྒྱད།

ན་མོ་གུ་རུ་བུདྡྷ་མངྒ་ལྃ་ཛ་ཡ་ཡེ།།

༼༡༽

བསྟན་སྲིད་བུམ་པ་བཟང་པོའི་དབྱིངས་ཀློང་དུ།།

ཞི་བདེའི་གདུགས་དཀར་སྲིད་ཞིའི་མཁའ་ལ་བསྒྲིངས།།

མི་ནུབ་རྒྱལ་མཚན་དཔལ་གྱི་བེའུས་གཏམས།།

དྲི་མེད་གསེར་ཉར་དུང་དཀར་རང་བྱུང་གྲགས།།

༼༢༽

ལྷག་བསམ་པདྨ་དཀར་པོའི་ནོར་འཛིན་ལ།།

སྐལ་བཟང་དཔག་བསམ་ལྗོན་པའི་ལོ་འདབ་རྒྱས།།

ཕན་བདེས་ཆོས་འཁོར་ཟབ་མོས་བསྟན་པ་སྲུང་།།

ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག།

༼༣༽

བཀྲ་ཤིས་ཕྱི་ནང་གསང་བའི་རྟེན་འབྲེལ་བརྟས།།

བདེ་ལེགས་མཐུན་པའི་བོད་འབངས་དགའ་ཞིང་སྤྲོ།།

ཕུན་ཚོགས་སྡེ་བཞིའི་དཔལ་ལ་ལོངས་སུ་སྤྱོད།།

ཀུན་ཏུ་བཟང་པོའི་ཕྲིན་ལས་མཐར་ཕྱིན་ཤོག།

———ཨེ་མ་ཧོས

Leave a Reply

Your email address will not be published. Required fields are marked *