༄༅།།ལ་དྭགས་༸ཆོས་རྗེ་རྟོགས་ལྡན་དཀོན་མཆོག་
༄༅།།ལ་དྭགས་༸ཆོས་རྗེ་རྟོགས་ལྡན་དཀོན་མཆོག་ ཐུབ་བསྟན་རྒྱལ་མཚན་མྱུར་བྱོན་གསོལ་འདེབས་ ནོར་བུའི་བཅུ་ཚར་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ།། བཅོམ་ལྡན་མགོན་པོ་འོད་མཐའ་ཡས་པ་དང་།། སྤྱན་རས་གཟིགས་དབང་ཕྱག་ན་རྡོ་རྗེ་སོགས།། གར་དབང་ལས་ཀྱི་ལྷ་ཚོགས་བདག་ལ་དགོངས།། མཆོག་སྤྲུལ་དམ་པ་གསེར་ཞལ་མྱུར་བྱོན་གསོལ།། བདེ་ཆེན་ཕྱག་རྒྱ་ཆེན་པོའི་རྟོགས༵་པ་ལྡན༵།། དཀོན༵་མཆོག༵་སངས་རྒྱས་བླ་མའི་ཐུགས་དམ་ཅན།། ཐུབ༵་བསྟན༵་དམ་ཆོས་སྤེལ་བའི་ཕྲིན་ལས་བདག། ངུར་སྨྲིག་རྒྱལ༵་མཚན༵་དགེ་འདུན་མྱུར་བྱོན་ཤོག། མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་དང་།། རྩ་གསུམ་རིག་འཛིན་གྲུབ་པའི་བྱིན་རླབས་ཀྱིས།། ཆོས་རྗེ་རྟོགས་ལྡན་བླ་ནའི་ཡང་སྲིད་ཉིད།། བདེ་མྱུར་ངང་ནས་ཞིང་འདིར་ལྷུན་གྲུབ་ཤོག། ཅེས་པ་འདི་ཡང་རབ་གནས་ཆུ་ཆོས་ས་ག་ཟླ་བའི་ཡར་ངོའི་དངའ་བ་དང་པོའི་ཉི་མ་ལ་ཡུལ་ལ་དྭགས་ཀྱི་མདོ་སྔགས་ངེས་དོན་མཁན་མོ་ཚེ་རིང་སྒྲོལ་དཀར་ནས་ཐུགས་སྨོན་གནང་རོགས། ལ་དྭགས་རྟོགས་ལྡན་རིན་པོ་ཆེ་ཆུ་ཚོད་བཅུ་གཅིག་ལ་སྐུ་བཤེགས་འདུག་ཅེས་བྲིས་པའི་མོད་ལ་སེམས་ཚོར་གང་ཤར་དུ་ཤྲཱིཿ ཨེ་མ་ཧོས་དེ་ཉིད་དུ་ཨེ་ཝྃ་ཡོ་ག་བདེ་མཆོག་ཕོ་བྲང་ནས་སྨོན་པར་དོན་དང་ལྡན་པར་གྱུར་ཅིག་གུ། །། ཤྲཱིཿ པུནྱེ་སརྦ་བི་ཛ་ཡནྟུ།།
༈ ཕ་ཁུ་རྒན་རབས།
༈ ཕ་ཁུ་རྒན་རབས། སྤྱི་དཔོན་རོང་ཚ་ཁྲ་རྒན། འདོ་བ་ཤྭ་རྐྱང་དྲེལ་མགོ། གྲོ་བོ་སྐྱ། ཡབ་ཆེན་སེང་བློན་རྒྱལ་པོ། འདོ་བ་ཁམས་པ་དངུལ་སྒོང་། བྲ་བོ་སྐྱ། སྟག་རོང་དཔོན་པོ་ཁྲོ་ཐུང་། འདོ་བ་གུ་གུ་རོག་འཛོང་། སེར་པོ་སྐྱ། སྐྱ་ལོའི་སྟོན་པ་རྒྱལ་མཚན། འདོ་བ་དགུ་བརྒྱ་རྭ་གཅིག གྲོ་སྔོན་སྐྱ། ༈ དཔོན་རྒྱུད་གསུམ། གསེར་བའི་ཉི་འབུམ་དར་ཡག འདོ་བ་ངང་བ་གསེར་སྒོང་། འོམ་བུའི་ཨ་ནུ་དཔའ་སེང་། ཁྱུང་དམར་རླུང་གི་འཕྲུལ་འཁོར། ཁམས་པ་སྐྱ། མུ་སྤྱང་རིན་ཆེན་དར་ལུ། ཆུ་བྱ་སྔོན་པོ་འཕུར་ཤེས། ར་སྔོན་སྐྱ། ༈ ཡང་ཐུལ་དམ་པའི་མི་བདུན། འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག མགྱོགས་པ་རླུང་ནག་རྗེས་གཅོད། ནག་པོ་སྐྱ། སྟག་རོང་ཨ་ནུ་གཟིག་འཕེན། མགྱོགས་པ་ཕོ་རོག་སྟོང་འཆམས། ནག་པོ་སྐྱ། འབུམ་པའི་ཞ་ལུ་དཀར་པོ། འདོ་བ་རྒྱ་བྱ་སོག་དཀར། དཀར་པོ་སྐྱ། བློན་ཆེན་འདན་མ་བྱང་ཁྲ། རྩལ་ཆེན་དངོས་གྲུབ་ལྡེམ་པ། སྔོན་པོ་སྐྱ། རྒོད་པོ་སེང་སྟག་ཨ་དོམ། སྟོང་རི་ནོར་གྱི་བང་མཛོད། དཀར་པོ་སྐྱ། གདོང་ཆོས་ལུ་བུ་ཡི་དར་འཕེན། མགྱོགས་པ་སྨུ་གུ་ལྡིང་ཤེས། འོལ་བ་སྐྱ། སྟག་རོང་ཉ་ཚ་ཨ་བརྟན། མགྱོགས་པ་གངས་རི་ལྡིང་ཤེས། དཀར་པོ་སྐྱ། ༈ ངོ་ལུག་ཐོག་པའི་མི་གསུམ། སྟག་རོང་སྲིན་ཚ་ངོ་ལུག རཀ་དཀར་རླུང་གི་འཁོར་ལོ། རག་དཀར་སྐྱ། ཨ་གེ་ཚངས་པའི་ངོ་ལུག ཀླུ་རྟ་སྔོན་པོ་མཐིང་གཤོག གྲོ་སྔོན་སྐྱ། མུ་པའི་དར་འཛོམས་ངོ་ལུག མགྱོགས་པ་ལྷ་བྱ་ལྡིང་ཤེས། དཀར་པོ་སྐྱ། ༈ རྒྱལ་མཚན་ཐོག་པའི་མི་བཞི། དཀར་རུའི་ཉི་མ་རྒྱལ་མཚན། རྟ་དཀར་ལུ་གུ་འཆམ་ཤེས། དཀར་པོ་སྐྱ། ནག་རུའི་ཐར་བ་རྒྱལ་མཚན། འདོ་བ་སྤྲིན་གཤོག་མགྱོགས་ལྡན། སྔོན་པོ་སྐྱ། འདན་མའི་གུ་རུ་རྒྱལ་མཚན། མགྱོགས་པ་མཚོ་རྟ་རྔ་རིང་། སྔོན་པོ་སྐྱ། ཨ་ཡག་ཤཱཀྱ་རྒྱལ་མཚན། འདོ་བ་གྲོ་ཞུར་ཐིག་བརྒྱ། དཀར་པོ་སྐྱ། ༈ གླིང་ཕ་ཁུ་རྒན་རབས་མི་བཅུ། དཔོན་རོང་ཚ་ཁྲ་རྒན། འདོ་བ་ཤྭ་རྐྱང་དྲེལ་མགོ། གྲོ་བོ་སྐྱ། ཡབ་ཆེན་སེང་བློན་རྒྱལ་པོ། འདོ་བ་ཁམས་པ་དངུལ་སྒོང་། བྲ་བོ་སྐྱ། སྟག་རོང་དཔོན་པོ་ཁྲོ་ཐུང་། འདོ་བ་གུ་གུ་རོག་འཛོང་། སེར་པོ་སྐྱ། སྐྱ་ལོའི་སྟོན་པ་རྒྱལ་མཚན། འདོ་བ་དགུ་བརྒྱ་རྭ་གཅིག གྲོ་སྔོན་སྐྱ། ཨ་སྐྱིད་ནམ་མཁའ་སེང་ཞལ། འདོ་བ་སྤྱང་ཐུང་བཅུམ་ཤེས། སྔོན་པོ་སྐྱ། མདའ་མཁན་རྒས་པོ་རྒུ་རུ། རྒུར་རྟ་གྭ་བ་ཁྲི་སྐྱིད། ནག་ཞུར་སྐྱ། ཨ་ཁུ་སྒོམ་ཆེན་གཏིང་མེད། སྔགས་པའི་གཟའ་རྟ་མིག་མང་།…
༄༅།།འཇའ་ལུས་འཕོ་ཆེན་འགྲུབ་པའི་སྨོན་ལམ་
༄༅།།འཇའ་ལུས་འཕོ་ཆེན་འགྲུབ་པའི་སྨོན་ལམ་ སྦས་ཡུལ་སྟག་ཚང་གི་སྒྲ་དབྱངས།། རྒྱལ་བ་ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ་ལོ།། གདོད་མའི་ངོ་བོ་གནས་ལུགས་སྤྲོས་བྲལ་ངང་།། འོད་གསལ་རང་བཞིན་སྙིང་པོ་ཀུན་ཏུ་བཟང་།། ཟུང་འཇུག་ཐུགས་རྗེ་དཔལ་ཡོན་ཀུན་ཁྱབ་བདག། འཇམ་མགོན་བླ་མས་ཚེ་རབ་ཀུན་ཏུ་སྐྱོངས།། ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་མཐིལ།། སྣང་སྲིད་རྣམ་དག་འཇའ་གུར་ཐིག་ལེ་དབུས།། ཞི་ཁྲོ་རབ་འབྱམས་སྣང་བཞིའི་རྩལ་ཤར་བའི།། ཐོད་རྒལ་གཞི་ཡི་གནས་ལུགས་རྟོགས་པར་ཤོག། ངོ་བོ་ཀ་དག་རྟག་མཐའ་གཞི་མེད་གྲོལ།། རང་བཞིན་ལྷུན་གྲུབ་ཆད་པའི་མུ་དང་བྲལ།། ཐུགས་རྗེ་དབྱེར་མེད་སྣ་ཚོགས་སྤྲུལ་པའི་སྐུ།། འཇའ་ལུས་འཕོ་ཆེན་རྒྱལ་བའི་སྐུ་ཐོབ་ཤོག། ཡེ་ནས་རྣམ་དག་ལྟ་བའི་ངོ་བོ་མཐོང་།། རང་རིག་ཡང་དག་སྒོམ་པའི་རང་བཞིན་གསལ།། གང་འདུལ་མཛད་བཟང་སྤྱོད་པའི་ཕྲིན་ལས་རྒྱས།། འཇའ་ལུས་འཕོ་ཆེན་འབྲས་བུ་མཐར་ཕྱིན་ཤོག། ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ལྷ་བབས་དུས་ཆེན་ཟླ་བའི་ཡར་ངོའི་ཚེས་པ་བཅུའི་ཉིན་དམ་པས་བཀོད་བསྒྲིགས་བཞིན་སྤ་གྲོ་སྟག་ཚང་དུ་དད་གུས་ལྡན་པའི་སྐལ་བཟང་སློབ་བུ་རྣམ་པ་ལ་ཁྲིད་ཡིག་ཡེ་ཤེས་བླ་མའི་ཁྲིད་དབང་དང་ཚོགས་མཆོད་སྐབས་སུ་སྦས་ཡུལ་དེ་ཉིད་གུ་རུ་གསུང་འབྱོན་མའི་མདུན་ནས་གང་ཤར་དུ་རིག་འཛིན་ཨེ་མ་ཧོས་སྙིང་ནས་སྨོན་པར་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།། །།
༄༅།། རྡོ་རྗེ་གོ་ཁྲབ་ཀྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུ།།
༄༅།། རྡོ་རྗེ་གོ་ཁྲབ་ཀྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུ།། 金剛鎧甲儀軌 – 滿願寶珠 The Means of Achievements of Wish-fulfilling Jewel on Vajra Armor. ཨེ་མ་ཧོ༔ 唉瑪吙 Marvellous! སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས༔ 廣大空性法界顯現一剎那 Momentarily oneself from within emptiness; མ་ཧཱ་གུ་རུ་རྡོ་རྗེ་གོ་ཁྲབ་དཔལ༔ 至尊上師金剛鎧甲殊勝尊 The great and glorious Guru Vajra Armor; མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོར་ཕུར་འདྲིལ༔ 烏面二臂手持金剛及普巴 One face two arms dark blue in colour with rolling Vajra and Kilaya in hands; དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ 殊勝寒林八種骨飾為莊嚴 Adored with the form of glorious cemeterial ornaments; པདྨ་ཉི་ཟླར་སྟག་རྒོད་ཁྲོས་མའི་སྟེང་༔ 安座日月蓮花觉活虎 On the lotus, the sun, the moon and the courageous tiger ; ཞབས་གཉིས་གྱད་ཀྱི་འདོར་སྟབས་ཚུལ་དུ་བཞུགས༔ 雙足站立尢如威猛勇士姿 Riding with two legs as the way of fighter stance; ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་གསལ༔ 智慧火焰周遍明觀中顯現 Visualise in the middle of…
་ལག་བཅོ་ལྔ་བ་བཞུགས་སོ།།
སྨོན་ལམ་ཡན་ལག་བཅོ་ལྔ་བ་བཞུགས་སོ།། ༄༅། །མི་མངོན་དབྱིངས་ན་བཞུགས་པ་ཡི།། བླ་མ་རྒྱལ་བ་སྲས་བཅས་ལ། ། གུས་པས་ཕྱག་འཚལ་གསོལ་བ་འདེབས། ། བདག་སོགས་འགྲོ་ཀུན་བསྐྱབ་ཏུ་གསོལ། ། ༡ ༽ ཕྱོགས་བཅུ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཅེས་དགོངས་གསོལ་དང་། ༢༽ བདག་ལ་ཁྱེད་ལས་སྐྱབས་དང་མགོན་གཞན་མ་མཆིས་པས་དུས་ད་ནས་ཇི་སྲིད་བྱང་ཆུབ་སྙིང་བོ་མ་ཐོབ་ཀྱི་བར་དུ། གུས་པས་ཕྱག་འཚལ་ཞིང་སྙིང་ནས་སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། ཅེས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང་། ༣༽ བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་དང་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད། འཕགས་པ་ཀུན་ཏུ་བཟང་བོའི་མཆོད་སྤྲིན་ལྟ་བུར་གྱུར་ཏེ། གུས་པས་ཁྱེད་རྣམས་ལ་འབུལ་བར་བགྱིའོ། །ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བཞེས་སུ་གསོལ། བཞེས་ནས་བདག་སོགས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་ཏུ་གསོལ། ཅེས་མཆོད་པ་འབུལ་བ་དང་། ༤༽ བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ།སྲོག་བཅད་པ་སོགས་སྡིག་པ་མི་དགེ་བའི་ལས་གང་བྱས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བྱས་པ་དང་། གཞན་ཡང་སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་བ་སྔགས་ཀྱི་དམ་ཚིག་དང་འགལ་སོགས། མདོར་ན། འཁོར་བ་དང་ངན་སོང་གི་རྒྱུ་གང་བགྱིས་པ་དང་། ཐར་བ་དང་ཐམས་ཅད་མཁྱེན་པའི་གེགས་གང་དང་ཅི་མཆིས་པ་ཐམས་ཅད་སྙིང་ནས་མཐོལ་ལོ། །བཤགས་སོ།།ཕྱིན་ཆད་སྡོམ་ཀྱང་པར་བགྱིད་ལགས་སོ། ། ཞེས་སྡིག་པ་བཤགས་པ་དང་། ༥༽ རང་དང་གཞན་གྱིས་དགེ་བ་གང་དང་ཅི་བགྱིས་པ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སེམས་ཅན་ཐམས་ཅད་ཀྱིས་དུས་ནམ་དུའང་མི་དགེ་བ་ཕྲ་མོ་ཙམ་ཡང་མི་བྱེད་ཅིང་། དགེ་བ་རྒྱ་ཆེན་པོ། མཐའ་ཡས་པ་བྱེད་པར་གྱུར་ཅིག ཅེས་རྗེས་སུ་ཡི་རང་བ་དང་། ༦༽ བླང་དོར་གྱི་གནས་ལ་རྨོངས་པའི་བདག་དང་སེམས་ཅན་ཐམས་ཅད་ལ་དུས་རྟག་པར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། ཆོས་ཀྱི་འཁོར་ལོ་གང་དང་གང་བསྐོར་བ་ཐམས་ཅད། སེམས་ཅན་ཐམས་ཅད་ཀྱིས་ཐོས་པར་གྱུར་ཅིག ཐོས་ནས་ཉམས་སུ་ལོན་པར་གྱུར་ཅིག ཅེས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། ༧ ༽ བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་། སྐྱབས་དང་། དཔུང་གཉེན་དུ་དུས་རྟག་ཏུ་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་པར་དུས་ནམ་དུའང་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་དང་ལྡན་པར་གྱུར་ཅིག ཅེས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། ༨༽ འཁོར་བའི་རྩ་བ་བདག་ཏུ་འཛིན་པའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་གསལ་སྟོང་ཟུང་དུ་འཇུག་པའི་ལྟ་བ་མཆོག བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟོགས་པར་བྱའོ།།རྟོགས་ནས་ཀྱང་བསྒོམ་པ་མཐར་ཕྱིན་པར་བྱའོ། ། ཞེས་དོན་དམ་བྱང་སེམས་བསྒོམ་པར་དམ་བཅའ་བ་དང་། ༩༽ མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་གཏན་གྱི་བདེ་བ་བླ་ན་མེད་པ་དང་། དེའི་རྒྱུ་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག དེ་དང་ལྡན་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་རློབས་ཤིག བདག་གིས་སེམས་ཅན་ཐམས་ཅད་གཏན་གྱི་བདེ་བ་བླ་ན་མེད་པ་ལ་འགོད་པར་བྱའོ། ། ཞེས་བྱམས་པ་བསྒོམ་པ་དང་། ༡༠༽ མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་དང་། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་དང་ཡོངས་སུ་འབྲལ་བར་གྱུར་ཅིག…
མཁན་ཆེན་བླ་མ་ལ་མོས་གུས་བསྐྱེད་པའི་
མཁན་ཆེན་བླ་མ་ལ་མོས་གུས་བསྐྱེད་པའི་ གསོལ་འདེབས་བཞུགས། ཆོས་སྐུའི་ཞིང་ན་སྟོན་པ་ཀུན་ཏུ་བཟང་། ། ལོངས་སྐུའི་གནས་ན་ཁྱབ་བདག་རྡོ་རྗེ་འཆང་། ། ཐ་མལ་བདག་ལ་མི་ཡི་སྐུར་སྣང་བ། ། སྐྱབས་གཅིག་བླ་མ་མཁྱེན་ནོ་ཐུགས་རྗེས་གཟིགས། ། སྤྲུལ་པའི་ཞིང་མཆོག་རི་བོ་རྩེ་ལྔ་ན། ། རྒྱལ་སྲས་འཇམ་དཔལ་དཔའ་བོའི་ངོ་བོར་བཞུགས། ། སྐྱབས་གཅིག་ཡིད་བཞིན་ནོར་བུར་གསོལ་བ་འདེབས། ། བླ་མ་ལྷ་རུ་ངེས་པར་བྱིན་གྱིས་རློབས། ། ས་སྤྱོད་ཨོ་རྒྱན་དབང་གི་ཕོ་བྲང་ན། ། གུ་རུ་པདྨ་རྒྱལ་པོའི་ངོ་བོར་བཞུགས། ། སྐྱབས་གཅིག་ཡིད་བཞིན་ནོར་བུར་གསོལ་བ་འདེབས། ། ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། ། བྱང་ཕྱོགས་ཤཾ་བྷ་ལ་ཡི་གྲོང་ཁྱེར་ནས། ། རིག་ལྡན་འཇམ་དཔལ་གྲགས་པའི་ངོ་བོར་བཞུགས། ། སྐྱབས་གཅིག་ཡིད་བཞིན་ནོར་བུར་གསོལ་བ་འདེབས། ། ལྟ་སྒོམ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། ། མཁའ་སྤྱོད་གླིང་དཀར་དཔའ་བོའི་བཞུགས་གྲལ་ནས། ། འདན་སྲས་གཡུ་འོད་འབུམ་མེའི་ངོ་བོར་བཞུགས། ། སྐྱབས་གཅིག་ཡིད་བཞིན་ནོར་བུར་གསོལ་བ་འདེབས། ། ཆོས་ལ་བར་ཆད་མེད་པར་བྱིན་གྱིས་རློབས། ། ངོ་མཚར་བདེ་ལྡན་དག་པའི་ཞིང་ཁམས་ནས། ། མགོན་པོ་འོད་དཔག་མེད་ཀྱི་ངོ་བོར་བཞུགས། ། སྐྱབས་གཅིག་ཡིད་བཞིན་ནོར་བུར་གསོལ་བ་འདེབས། ། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། ། བོད་ཡུལ་ལ་སོགས་ཞིང་ཁམས་ངེས་མེད་ན། ། གང་འདུལ་སྣ་ཚོགས་གཟུགས་ཀྱི་ངོ་བོར་བཞུགས། ། སྐྱབས་གཅིག་ཡིད་བཞིན་ནོར་བུར་གསོལ་བ་འདེབས། ། ཕྱོགས་མེད་དག་སྣང་རྒྱས་པར་བྱིན་གྱིས་རློབས། ། ཀུན་དགའ་རྒྱལ་མཚན་དགྲ་བཅོམ་ས་གི་ལྷ།། དགེ་ལེགས་དཔལ་བཟང་མི་ཕམ་མཁྱེན་པའི་གཏེར། ། བསྟན་འཛིན་སྐྱེས་ཆེན་དུ་མའི་སྐུར་སྤྲུལ་ནས།། རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཐའ་མི་མངོན། ། རྡོ་རྗེ་བདུད་འཇོམ་རྒོད་ཀྱི་ལྡེམ་འཕྲུ་ཅན། ། པདྨ་ཕྲིན་ལས་ལས་རབ་གླིང་པ་སོགས།། མ་ངེས་སྤྲུལ་པའི་རྣམ་རོལ་སྣ་ཚོགས་ཀྱི།། ཚད་མེད་ཐུགས་རྗེས་འགྲོ་འདི་ཡང་ཡང་བསྐྱངས།། ད་ནས་བླ་མ་མཁན་བཙུན་བཟང་ལྡན་གྱི། ། གང་ཟག་ཉི་ཚེར་འཛིན་པའི་ལོག་རྟོག་བྲལ།། ཤེས་བྱའི་ཁྱོན་དང་དབྱེར་མེད་རོ་གཅིག་པའི།། མཁའ་མཉན་ཡོན་ཏན་དད་པས་མཇལ་ཤེས་ཤོག ། སྣང་སེམས་སྣོད་བཅུད་ལམ་ཁའི་ས་རྡོ་དང་། ། འབུ་སྲིན་ཕྲ་མོ་འཕུར་བའི་གཤོག་སྒྲ་ཡན།། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ།། རྟོགས་ནས་འཁྲུལ་པའི་བློ་ངན་སང་གྱུར་ཅིག །། ཆོས་སྤྱོད་ཕྱག་བསྐོར་རྒྱུན་གྱི་འགྲོ་འདུག་དང་། ། ཐ་ན་ལག་པའི་འཛུབ་མོ་བརྐྱང་བསྐུམ་ཡན།། བླ་མའི་བཀའ་རུ་ཡང་ཡང་བློ་སྦྱང་ནས།། གང་འདུལ་ཕྲིན་ལས་སྤེལ་བའི་མཐུ་ཐོབ་ཤོག ། བླ་མ་སངས་རྒྱས་ཉིད་དུ་ཐག་ཆོད་ནས། ། སྐྱབས་གནས་རྒྱ་མཚོའི་ངོ་བོ་ངེས་རྙེད་ཅིང་། ། སྣང་སྲིད་བླ་མའི་རོལ་པ་ངོ་འཕྲོད་ཏེ། ། རྟག་ཏུ་འབྲལ་མེད་ཡིད་ཆེས་སྐྱེ་བར་ཤོག…
Alt Sidebar
Search





