October 2019

ཨེ་ཝཾ་མཁའ་འགྲོའི་མེ་མཆོད་འོད་སྣང་ཀུན་བཟང་།།
ན་མོ་གུ་རུ་ཌཱཀྐི་ནི་ཡེ།།
ཀ་དག་རྩི་ཤིང་སྨན་ཤིང་ལས་བྱུང་བའི།།
ལྷུན་གྲུབ་དྲི་བཟང་སྣུམ་ཆེན་མཆོད་པའི་མེས།།
མ་རིག་མུན་སེལ་འོད་གསལ་སྙིང་པོའི་དཔལ།།
མ་ལུས་འགྲོ་ཀུན་དགྱེས་པ་རྡོ་རྗེར་སྨོན།།
ཉན་རང་ངེས་འབྱུང་རྣལ་མའི་འོད་དུ་གསལ།།
བྱང་སེམས་རིན་པོ་ཆེ་ཡི་འོད་གསལ་བརྟས།།
གསང་ཆེན་དག་སྣང་འོད་གསལ་སྨིན་གྲོལ་དཔལ།།
འགྲོ་ཀུན་སེམས་ཉིད་འོད་གསལ་མངོན་སངས་རྒྱས།།
སྐུ་ལ་འོད་གསལ་མཚན་དཔེའི་ལང་ཚོ་དར།།
གསུང་ལ་འོད་གསལ་དམ་ཆོས་འཁོར་ལོ་བསྐོར།།
ཐུགས་ལ་འོད་གསལ་རྫོགས་པ་ཆེན་པོ་གསལ།།
ཡོན་ཏན་འོད་གསལ་ཕྲིན་ལས་ཀུན་ཁྱབ་ཤོག།
ཅེས་པ་རབ་གནས་ས་ཕག་ཐ་སྐར་ཟླ་བའི་དབང་ཚེས་དགེ་བར་འོད་གསལ་ཆོས་སྒྲོན་ངོར་ཤྲཱིཿཨེ་མ་ཧོས་ཨེ་ཝཾ་རྫོགས་ཆེན་དུས་འཁོར་རི་ཁྲོད་ནས་སྨོན་པར་དགེའོ།། །།

Leave a Reply

Your email address will not be published. Required fields are marked *