January 2020

ཨ་མ་རིན་པོ་ཆེ་མཁྱེན།
ཨེ་མ་ཧོ།།
ཨོ་རྒྱན་པདྨ་ཀ་རའི་དགོངས་པ་རྟོགས།།
སྒྲོལ་མའི་རྟུལ་ཞུགས་དངོས་གྲུབ་འབྱུང་བའི་གནས།།
ཨོ་རྒྱན་སྒྲོལ་མ་མཆོག་ལ་གསོལ་བ་འདེབས།།
བསྟན་འགྲོའི་དོན་ཀུན་བདེ་མྱུར་ལྷུན་གྲུབ་སྩོལ།།
ཨོཾ་ཨོ་རྒྱན་ཏཱ་ར་ཧཱུཾ་ཧྲཱིཿ
སྣང་གྲགས་རིག་པ་རྒྱལ་ཡུམ་ངང་དུ་དག།
འོད་གསལ་སྙིང་པོ་ལྷུན་གྲུབ་དཔལ་དུ་རྫོགས།།
ཕན་བདེའི་ལེགས་ཚོགས་མ་ལུས་འགྲོ་ལ་སྨིན།།
ཀུན་བཟང་ཡེ་ཤེས་བླ་མའི་ས་ཐོབ་ཤོག།
ཅེས་ཨ་མའི་འདས་མཆོད་ཐེངས་དང་པོར་དགེ་མང་ཨོ་རྒྱན་འོད་གསལ་ཆོས་གླིང་ནས་ཤྲཱིས་སྨོན་པར་དགེའོ།། །། སྤྱི་ལོ་༢༠༢༠ ཟླ་བ༡ ཚེས་༣༠ ལ།

Leave a Reply

Your email address will not be published. Required fields are marked *