August 2019

ད་དུས་ཆོས་བརྒྱད་དོར་མི་འདུག

ད་དུས་ཆོས་བརྒྱད་དོར་མི་འདུག
ཨེ་ཀྱེ་ཧོ།།
རང་དབང་རྒྱལ་ཁབ་བདེ་སྐྱིད་མཐོང་བའི་ཚེ།།
རང་གི་རྒྱལ་ཁབ་གཞན་དབང་ཤོར་བ་སོགས།།
བསམ་ཚེ་ཆོས་བརྒྱད་མ་དོར་སྙིང་རུལ་བོ།།
ཡང་དག་ཆོས་ཤིག་བཤད་ན་མི་དགའ་འམ།།
ཞེས་རང་གིས་རང་ལ་ཞེ་ཁྲེལ་གདལ་བ་ཡིན། དེ་རིང་ནི་རིན་ཆེན་དཔལ་ལྡན་གྱིས་བཀོད་བསྒྲིགས་ཀྱིས་སི་ལོ་ཝི་ནི་ཡ་དང་ཧང་གྷི་རི་ཡ། ཨོ་སི་ཏྲི་རི་ཡ་དང་། ཡུ་རུབ་བྱིང་གནས་བཅས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འཁོར་ཡུག་དང་དཔལ་འབྱོར་ལ་ཡར་རྒྱས་བསྐོར་བཤད་པའི་སྐབས་སུ་རང་ཡུལ་ནི་མི་ལ་རས་པའི་ཕ་མའི་ཁྱིམ་གཞི་བཞིན་སོང་ཡོད་པ་དང་ད་དུང་ལྷ་འདྲེ་དང་གསར་རྙིང་དབུ་རང་སོགས་ལ་རྩོད་ནས་མགོ་འཁོར་བཞིན་ཡོད་པར་བསམས་ཚེ་ངོ་མ་འཁོར་བ་ལ་ཞེན་ཆགས་སྤོང་མེད་པའི་མངོན་གསལ་དོད་པར་མཐོང་ནས་ཆོས་རྣམ་དག་སྒྲུབ་པར་རང་གིས་རང་ལ་བསྐུལ་བར་བྱས།

Leave a Reply

Your email address will not be published. Required fields are marked *