ཟོལ་བསྟོད་མི་དགོས་པའི་སྙན་ངག་གི་བརྗོད་བྱ་གསོན་པོ། ཀུན་ཏུ་དགའ་བའི་གཏམ་དགའ་སྐྱོ་དད་གསུམ་འདྲེས་པའི་སྤྲིན་གྱི་རྒྱ་མཚོ་འཁྱོམ་པའི་ངག་རིག་གི་རླབས་སྒྲ།ཡང་དར་བསྟན་པའི་སྲོལ་འབྱེད་གངས་ཅན་བསྟན་འགྲོའི་རྒུད་པ་རྨང་ནས་གསོས་པའི་རྒྱལ་བ་གཉིས་པ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་རྗེས་སུ་དྲན་པ།དེ་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་རྣམ་པར་དཀར་བའི་ཐུགས་བསྐྱེད་ལས་འཁྲུངས་ཤིང་དུས་ཀྱི་རྒུད་པས་ཉམས་པ་མེད་པའི་རྒྱལ་སྲས་སེམས་དཔའ་ཆེན་པོ། གང་ཉིད་ནི་འགོག་པ་མེད་པའི་སྙིང་རྗེའི་འཇུག་པ་རྒྱུན་མི་ཆད་པའི་ཐུགས་བསྐྱེད་དང་གདུལ་བྱའི་ལས་སྨོན་བསོད་ནམས་ཀྱི་དཔུང་ཆེན་པོ་ལྷན་དུ་འཛོམས་པས་མ་བསྒྲིགས་རྟེན་འབྱུང་གི་ལམ་ཆེན་ནས་སླེབས་པའི་སེམས་དཔའ་ཆེན་པོ།ཡ་ང་བའི་ལྔ་བདོའི་མུན་དཔུང་སྟུག་པོས་ས་ཆེན་པོའི་གཞིན་རིས་སྒྲིབ་ལ་ཉེ་བའི་དུས་ཀྱི་ཡང་མཐར་རྒྱལ་སྲས་སེམས་དཔའ་སྟོང་གི་སྙིང་སྟོབས་ཀྱི་གོ་ཆ་བདག་གིར་བཞེས་ནས། ཡང་དར་བསྟན་པའི་རྒྱལ་མཚན་སེར་པོའི་གྲིབ་བསིལ་གྱིས་གླིང་ལྔ་མཚོ་བཞིའི་ཡངས་པའི་ཁྱོན་ལ་འཚེ་མེད་ཞི་བ་དམ་པའི་ཕྲིན་ལས་དུས་སུ་སྨིན་ཏེ།འཛམ་གླིང་ནོར་འཛིན་ལྷུན་པོའི་གསེར་གྱི་རྒྱ་ཕིབས་མཐོན་པོ་གངས་ཅན་བོད་ཀྱི་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་རྒྱས་སྤེལ་གསུམ་གྱིས་མཛད་པ་བླ་ལྷག་ཅན། རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་རྣམ་པར་རོལ་བ་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་མཆོད་སྡོང་ཆེན་པོ།ངེས་པའི་དོན་དུ་བགྲེས་རྒུད་འཕོ་འགྱུར་གྱི་མཚན་མ་རིང་དུ་སྤངས་པའི་འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པ་ཡིན་ན་ཡང་། ཐུན་མོང་གདུལ་བྱའི་སྣང་ངོར་གངས་རིའི་ར་བ་དཀར་པོའི་མུ་ཁྱུད་ཀྱིས་མཐའ་ནས་སྐོར་བའི་ཆོས་ལྡན་བོད་ཀྱི་ཡུལ་ཞེས།མི་ཟད་རིན་ཆེན་གཏེར་གྱི་མངའ་ཁོངས་ཆེན་པོ་ཕྱུགས་དང་འབྲི་རིགས་ཀྱི་ཕྱྭ་གཡང་ཡོངས་སུ་དར་ཞིང་ཕུན་ཚོགས་སྡེ་བཞིའི་མངའ་ཐང་གིས་གཏམས་པའི་ཞིང་ཁྱད་པར་ཅན་ལས།མདོ་ཁམས་གཉིས་ཀྱི་ས་མཚམས།ཡན་ལག་བརྒྱད་ལྡན་གྱི་རྡོ་ཀླུང་རིང་མོ་དལ་གྱིས་འབབ་པའི་ཉེ་འགྲམས།ས་ལ་དགེ་བཅུ་ཚང་ཞིང་སྤང་ཐང་དང་ནགས་ཚལ་ལ་སོགས་རང་བྱུང་ཁོར་ཡུག་གི་མཛེས་སྡུག་ཕུན་སུམ་ཚོགས་པས།མིའི་ཡིད་སྣང་དབང་མེད་དུ་འཕྲོག་པར་བྱེད་པའི་མེ་ཏོག་གི་ཞིང་ཁམས་ཆེན་པོ།སྣ་ཚོགས་མདོག་ལྡན་གྱི་བུང་བ་དང་བྱེའུ་སོགས་དགའ་བདེའི་རྣམ་པར་འཕྲུལ་བའི་རྩེད་དགས་མྱོས་ཤིང་།དར་དིར་མགྲིན་པའི་དབྱངས་ཀྱིས་རྒྱལ་ཀུན་མཉེས་པར་བྱེད་པའི་རང་བྱུང་མགྲིན་པའི་རོལ་མོ་ཅིར་ཡང་འཁྲོལ་བ་སོགས་ཞིང་འབྲོག་གཉིས་ཀྱི་སའི་མཛེས་སྡུག་མ་ཚང་བ་མེད་ཅིང་། སྔོན་བྱོན་གྲུབ་བརྙེས་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་མཆོག་རྡོ་ཁོག་ཆོས་ལྷས་ཞེས་གང་གི་སྐུ་སྐྱེ་གོང་མ་སོགས་ཀྱིས་ལུང་གིས་ཟིན་པའི་གནས་ཁྱད་པར་ཅན་དེར།ཨོ་རྒྱན་རིན་པོ་ཆེ་དངོས་ཀྱི་ལུང་བསྟན་ལས།གསེར་ཐང་སྨད་དུ་ཨ་ཡི་མིང་ཅན་འབྱུང་།།བེེ་རོའི་སྤྲུལ་བས་སེམསཅན་བདེ་ལ་སྦྱོར།།ཞེས་ལུང་གི་བསྟན་པ་བཞིན་དུ་ རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བསྟན་པའི་རྒྱལ་མཚན་ཆེན་པོ་དགུང་དུ་འདེགས་པ་ལ་བརྒྱུད་པ་དྲུག་གི་བྱིན་རླབས་ཀྱིས་གདུང་གཏིང་མ་འགྱུར་པའི་སྤྲུལ་བའི་གཏེར་སྟོན་ཆེན་མོ་ཁྲག་མཐུང་བདུད་འཇོམས་རྡོ་རྗེ་དང་། རིགས་སྲས་ཉེ་བའི་སྲས་བརྒྱད་ཁྱིམ་ཚང་གཅིག་ཏུ་འཁྲུངས་པ་སོགས་མི་རབས་ནས་མི་རབས་སུ་སྔགས་ཆེན་རིག་པ་འཛིན་པའི་སྐྱེ་སྲིད་རྒྱུན་མི་ཆད་པ་ལུང་གིས་ཟིན་པའི་གདུང་རྒྱུད་དུ། རིགས་ཀྱི་སྲིད་པ་བཟུང་ནས་མཚན་དཔེའི་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ།རྒྱལ་བའི་རིགས་སྲས་ཀྱི་སཱ་ལས་ལྗོན་པ་བཟང་པོའི་ལང་ཚོའི་འཕེལ་རིམ་ཡར་ཚེས་ཟླ་གཞོན་གསར་བའི་རྗེས་སུ་བརྙེགས་ནས། གཟུངས་སྔགས་རྒྱལ་པོ་འབྲི་དྲུག་དབྱངས་སུ་གྱེར་ཏེ་སྔོན་སྦྱངས་བག་ཆགས་ཀྱི་འཕྲོ་མ་ཆད་པར། ལང་ཚོའི་གཉོམ་ལག་གི་མཐུ་བརྟས་པ་དང་ལྷན་དུ་རང་བཞིན་གྱིས་བསམ་པ་དཀར་བ་དང་། གཡོ་སྒྱུ་ཆུང་བ།ངང་བཟང་བ་དང་། ཕྱི་ཐག་རིང་བ་སོགས་འཇིག་རྟེན་ཡ་རབས་ཕུལ་བྱུང་གི་ཡོན་ཏན་གྱིས་མངོན་པར་མཛེས་ཤིང་།བྱང་ཆུབ་སེམས་མཆོག་གི་ནོར་གྱིས་ཕྱུག་ཅིང་། དད་པ་དག་སྣང་གི་རྩ་བ་བརྟན་པ།སྐྱེས་སྦྱངས་མཁྱེན་རབ་ཀྱི་རྩལ་ཁ་རྒྱས་ཤིང་། འོད་གསལ་ཐོད་རྒལ་གྱི་གཟིགས་སྣང་དབྱིངས་སུ་མ་ནུབ་པར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ཇི་བཞིན་མཇལ་བའི་ཉམས་ལེན་གྱི་འཕྲོ་མ་ཆད་པས་དག་པ་རམ་འབྱམས་ཀྱི་རོལ་མོ་འབྱམས་སུ་ཀླས། ལྷག་པར་དུ་སྨྲ་བའི་དབང་པོ་འཇམ་པའི་དབྱངས་དངོས་ཀུན་མཁྱེན་མི་ཕམ་རྒྱ་མཚོས་མངོན་སུམ་རྗེས་སུ་བཟུང་པ་ནས། རིག་གསང་རྟེན་འབྲེལ་གྱི་འཆར་སྒོ་ཕྱེས་ཤིང་། སྤོབས་པའི་གཏེར་ཆེན་བརྒྱད་ལ་མངའ་དབང་འབྱོར། བྱིན་རླབས་ཤེད་མོང་གི་མེ་ཆེན་པོས་རྨོངས་པའི་མུན་པ་སྟུག་པོའི་སྐྱེ་རྒྱུད་བཅད་དེ་རྩ་འཁོར་ཡི་གེའི་སྤྲིན་དུ་དག སྐུ་ན་ཕྲ་བའི་དུས་ནས་ཆེ་བ་བདུན་གྱིས་མངོན་པར་འཕགས་པ་གསང་ཆེན་སྔ་འགྱུར་པའི་བསྟན་པའི་སྒོར་ཞུགས་ཏེ། ས་གནས་ཀྱི་སེམས་དཔའ་ཆེན་པོ་གཡུ་ཁོག་བྱ་བྲལ་རིན་པོ་ཆེ་དང་།མཁས་བཙུན་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་ཐུབ་དགའ་ཡིད་བཞིན་ནོར་བུ།སྤྱན་རས་གཟིགས་དངོས་མ་ཎི་བླ་མ་པདྨ་སིདྡྷི་སོགས་ཕྱིའི་ཡོངས་འཛིན་གྱི་ཚུལ་དུ་བསྟེན་ཏེ། སྔོན་བྱོན་དམ་པ་གོང་མའི་མཛད་རྗེས་སུ་བརྙེགས་ཤིང་མཉེས་པ་གསུམ་དང་ཞབས་ཏོག་དགུ་ཕྲུགས་ཀྱི་སྒོ་ནས་ཡ་ཐོད་གདོང་གི་མིག་དང་། ཁོག་པའི་ནང་གི་སྙིང་བཞིན་དུ་མངོན་ལྐོག་མེད་པར་བསྙེན་ནས་ཟབ་གསང་གསུང་གི་བདུད་རྩི་ལ་ངོམས་མེད་དུ་རོལ། མདོ་སྔགས་ཆོས་ཀྱི་གཞུང་ལུགས་ལ་ལྟ་བའི་ཤེས་རབ་ཕུན་སུམ་ཚོགས་པའི་དཔལ་གྱིས་ཕྱུག་པས། སྒྲུབ་བརྒྱུད་ཤིང་ལྟ་བརྒྱད་ཀྱི་གྲུབ་མཐའི་བཞེད་མཚམས།དཀའ་བའི་གནད།གནས་སྐབས་དང་མཐར་ཐུག་དྲང་ངེས་ལྡེམ་དགོངས་ཀྱི་རྣམ་བཞག་ཚང་ལ་མ་ནོར་བའི་སྔོན་བྱོན་དམ་པ་གོང་མའི་དགོངས་པའི་དྲོད་ཚད་ལ་མངའ་དབང་འབྱོར།ཁྱད་པར་དུ་གསང་སྔགས་སྔ་འགྱུར་པའི་ཕ་ཆོས་གཙང་མ་ནང་རྒྱུད་སྡེ་གསུམ་གཙོས་བཀའ་གཏེར་དག་སྣང་གི་ཆུ་བོ་ཆེན་པོ་བཞིས་བསྡུས་པའི་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད།རྒྱབ་རྟེན་གྱི་ལུང་། མན་ངག་ཕྱག་བཞེས་སོགས་འབྲེལ་བ་བཞི་ལྡན་གྱི་མནོག་ཆོས་ཐུན་མིན་ཐུགས་ཀྱི་བུམ་པར་བསྐྱིལ།ཁྱད་པར་དུ་ཀུན་རྨོངས་མུན་པའི་དྲ་བ་གཅོད་པའི་རལ་གྲིའི་འཕྲུལ་ཐབས་ཕྲག་པའི་རྒྱན་དུ་ལྡེམ་པའི་ཚེ་རབས་ལས་ཀྱི་ལྷ་མཆོག་ཀུན་མཁྱེན་མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་ལུས་གྱི་གྲིབ་མ་བཞིན་དུ་སྐད་ཅིག་ཀྱང་འབྲལ་བ་མེད་པར་མཆན་གྱི་བུ་ལྟརབསྐྱངས་པས།ཤེས་བྱ་རིག་པའི་གནས་གང་ལའང་ཆགས་ཐོགས་བྲལ་བའི་ཁྱད་དུ་འཕགས་པའི་ཤེས་རབ་ཀྱིས་གདེང་རྙེད།སྐུ་ན་ཧ་ཅང་གཞོན་པའི་དུས་ནས་དབུ་མ་རྩ་འཇུག་བཞི་གསུམ་དང་། རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་མོ་དཀའ་བའི་གནད་འགག་དག གསར་རྙིང་གི་མཁས་གྲུབ་མང་པོ་དང་མཉམ་དུ་རྣམ་དག་ལུང་རིགས་ཀྱི་སྒོ་ནས་བཀའ་ཡི་བགྲོ་བ་གནང་བས། གཟུར་གནས་དམ་པ་དག་གི་གཡོ་མེད་ཐུགས་ཀྱི་བརྟན་པ་འཕྲོགས་ཏེ།མཁས་པ་མཁས་པའི་མདུན་ན་མཛེས་པའི་དཔེ་བཞིན་དུ་བསྔགས་བརྗོད་ལྷ་ཡི་རོལ་མོ་རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན་དུ་སྤེལ་བའི་རྩོད་པའི་དཔའ་བོ། སྐྱེ་བ་དུ་མར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གོམས་པའི་བག་ཆགས་དང་སྲིད་པའི་ཕུན་ཚོགས་མཐའ་དག་དུག་སྦྲུལ་གྱི་ཚང་དང་སྲིན་མོའི་གླིང་བཞིན་དུ་གཟིགས་པའི་ངེས་པར་འབྱུང་བའི་ཐུགས་གཤིས་བརྟན་པོས་སྐུ་ཚེ་གང་པོར་རང་ཉིད་དང་ཁྱིམ་ཚང་ལ་དབང་བའི་བདག་ཏུ་བཟུང་བའི་རྒྱུ་རིན་ཐང་ཆེན་པོ་ཅན་གཅིག་ཀྱང་མེད་པར་མ་ཟད། ཅུང་ཙམ་རེ་ཡོད་པའང་སྤོང་དག་ལན་གྲངས་མང་པོར་བྱས་ཏེ་འཚོ་བ་བྱ་འཚོ་བྱིའུ་འཚོ་ཙམ་གྱིས་སྐུ་ཚེའི་རིན་ཐེངས་ཚང་མ་རྒྱལ་བསྟན་ཁོ་ནའི་ཆེད་དུ་ཕུལ། སྤྱིར་རྒྱལ་བའི་གསུང་རབ་དང་ལྷག་པར་དུ་འོད་གསལ་རྡོ་རྗེའི་སྙིང་པོ་ཡང་གསང་བླ་ན་མེད་པ་རྒྱལ་བ་རྡོ་རྗེ་འཆང་གི་བཀའ་དྲི་མ་མེད་པའི་ལམ་གྱི་རྩ་ལག་སྡེ་རིས་དང་བཅས་པ་ལ་སྡུག་འབད་དང་ལྷུ་སྒྲིག་འདེམས་ཀ་བཅས་ཀྱི་ངལ་བ་ལ་མ་བརྟེན་པར་དགོངས་པ་ཀློང་རྡོལ་གྱི་མཁས་དབང་དམ་པ།ཐོས་པ་གོ་ཡུལ་དུ་མ་ལུས་པར་རང་རྒྱུད་ལ་སྦྱར། འཆད་པ་ངག་ཐོག་ནས་མ་ལུས་པར་ཤེས་རབ་གསུམ་གྱིས་གཏན་ལ་ཕབ་ནས་འཕགས་ཡུལ་རྒྱན་དྲུག་མཆོག་གཉིས་དང་སྔ་འགྱུར་རིག་འཛིན་བརྒྱུད་པའི་ལྟ་དགོངས་ཅིག་ཅར་དུ་གཟིགས་ཤིང་། དབང་རྫོགས་པ།ནུས་པ་ཐོབ་པ། ཐེག་ཆེན་ལ་མཁས་པ། ངེས་པའི་དོན་རྟོགས་པ། ཐུགས་རྗེ་ཆེ་བ།འགྲོ་བའི་དོན་ལ་བརྩོན་པ། དོན་ལ་མཁས་པ།…
མཁན་ཆེན་བླ་མའི་ཞབས་བརྟན།ཤྲཱིཿདཔལ་ལྡན་གྲུབ་པའི་དབང་ཕྱུག་ཨེ་མ་ཧོ་།།ཉམས་རྟོགས་རྩལ་རྒྱས་ཆགས་ཐོག་ཀུན་གྲོལ་བའི།།མཚོ་སྐྱེས་རྡོ་རྗེའི་རང་ལུགས་སྤེལ་མཛད་པ།།མཁན་ཆེན་བླ་མའི་ཞབས་པད་རྟག་བརྟན་གསོལ།།ཞེས་པའང་དགེ་མང་མཁན་མིངཙམ་འཛིན་པ་པུཎྱེེ་མིང་ཅན་ནས་བྲིས་པ་དེ་བཞིན་ཏུ་འགྲུབ་པར་དཀོན་མཆོག་རྒྱལ་བ་རྒྱ་མཚོས་མཐུན་འགྱུར་མཛད་ཏུ་གསོལ།། །། སྤྱི་ལོ་༡༢/༡/༢༠༢༠་ལའོ།།མཁན་ཆེན་བླ་མ་ལ་གསོལ་བ་འདེབས།།ཨོཾ་སྭཱ་སྟི།།དུས་གསུམ་སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ།།ཐར་པའི་ལམ་སྟོན་དེད་དཔོན་ཆེན་པོ་སྟེ།།གྲུབ་དབང་བླ་མའ་ིཐུགས་སྲས་རིན་པོ་ཆེ།།མཁན་ཆེན་བླ་མ་མཆོག་ལ་གསོལ་བ་འདེབས།།ཐུགས་ཡིད་དབྱེར་མེད་འདྲིས་པར་བྱིན་གྱིས་རློབས།།ཨོཾ་ཨཱཿཧཱུཾ་མ་ཧཱ་གུ་རུ་ཤྲཱིཿཨ་ནནྟ་བཛྲ་སརྦ་སིདྡྷི་ཕ་ལ་ཧཱུཾ་ཧྲཱིཿ།།ཞེས་པ་ང་རང་གི་སྙིང་ཐག་པ་ནས་རྩ་བའི་བླ་མ་མཇལ་ནས་མཁན་ཆེན་རིན་པོ་ཆེ་ལ་ལོ་མ་རྡོ་རྗེ་ཕུན་ཚོགས་ཀྱིས་སེམས་གཏིང་གསོལ་བ་བཏབས་པར་དགེའོ།། །།
དགེ་མང་མཁན་ཆེན་བསོད་ནམས་འོད་ཟེར་རིན་པོ་ཆེའི་ཞབས་བརྟན།བླ་མ་མཁྱེན།།ཐུགས་རྗེ་ཆེན་པོས་མ་ལུས་འགྲོ་ལ་བྱམས།།ཤེས་རབ་ཆེན་པོས་ཤེས་བྱ་རབ་འབྱམས་གཟིགས།།མཁྱེན་བརྩེའི་བསོད་ནམས་འོད་ཟེར་རིན་པོ་ཆེ།།སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།ཅེས་པ་མཁན་ཆེན་དམ་པ་ཉིད་དང་བཀའ་མོལ་བྱུང་བའི་མོད་ལ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སྙིང་ནས་སྨོན་པར་དགེའོ།། སྤྱི་ལོ་༡༢/༡/༢༠༢༠་ལ།།
གདམས་ངག་ཡིད་བཞིན་ནོར་བུའི་དོ་ཤལ།ན་མོ་གུ་རུ་ཨེ་མ་ཧོ།།༡༽བསྐལ་མང་ཚོགས་གཉིས་བསགས་པའི་མཐུས།།རྫོགས་པ་ཆེན་པོའི་ཆོས་དང་འཕྲད།།ཆོས་དང་གང་ཟག་གཅིག་ཉིད་དུ།།བརྩོན་པའི་ཐུགས་དམ་མ་ལྷོད་ཅིག།༢༽དང་པོ་བློ་ལྡོག་རྣམ་བཞི་གོམས།།བར་དུ་ཚད་མེད་རྣམ་བཞི་བསྐྱེད།།དོན་ལ་སྲོག་སྡོམ་གཟེར་བཞིས་ངང་།།རྫོགས་པ་ཆེན་པོའི་སྣང་བཞི་ཐོབ།།༣༽དངོས་གཞི་ལས་ཀྱང་སྔོན་འགྲོ་གཙོ།།ལུས་ངག་ལས་ཀྱང་ཀུན་སློང་གཙོ།།དྲག་འབད་ལས་ཀྱང་རྒྱུན་བརྩོན་གཙོ།།འཁོར་བ་ལས་ཀྱང་མྱང་འདས་གཙོ།།༤༽རྫོགས་ཆེན་བླ་མེད་སྙིང་པོའི་དོན།།དད་གུས་དམ་ཚིག་བརྩོན་པའི་མཐུས།།ཉམས་རྟོགས་ཡར་ངོའི་ཟླ་བ་བཞིན།།འབྱུང་འགྱུར་འདི་ལ་ཐེ་ཚོམས་མེད།།༥༽ཉམས་ལེན་རྒྱུན་ཁྱེར་བྱེད་པ་ནི།།སྲོག་གི་སྙིང་པོ་དམ་པར་ཟུངས།།འཇིག་རྟེན་ཞེན་སྣང་རྒྱབ་ཏུ་བསྐྱུར།།འདུ་འཛི་མེད་པའི་དབེན་པར་བསྟེན།།༦༽ངེས་འབྱུང་བརྟན་པོའི་ས་གཞི་ལ།།བྱང་སེམས་བདུད་རྩིའི་ཐིགས་པ་བྲན།།དད་གུས་དག་སྣང་རྩི་ཤིང་བརྟས།།སྣང་སྲིད་རྫོགས་པ་ཆེན་པོར་ཤར།།༧༽བླ་མའི་གདམས་པ་སེམས་ལ་དྲིལ།།ཡི་དམ་བསྙེན་པ་ངག་ལ་བཟླས།།མཁའ་འགྲོ་དམ་ཚིག་མ་རལ་ན།།ཆོས་སྐྱོང་བཀའ་སྲུང་སྤྲིན་བཞིན་འདུ།།༨༽གཞི་ལ་སྤྲོས་བྲལ་ཀ་དག་ངང་།།ལམ་དུ་ལྷུན་གྲུབ་ཐོད་བརྒལ་ལས།།འབྲས་བུ་ཚེ་གཅིག་སངས་རྒྱས་ཐོབ།ངེས་ཤེས་མཛོད་ཅིག་སྐལ་བཟང་ཚོ།།༩༽བླ་མ་དད་པའི་མོས་གུས་ངང་།།གང་ཤར་སྣང་བའི་རྟོགས་པ་རྣམས།།སྤངས་བླང་དབེན་པའི་ལམ་ཁྱེར་ཀུན།།ཀུན་བཟང་སྤྱོད་པ་རྒྱ་མཚོ་ལགས།།༡༠༽གཅེར་ལྟ་གཅེར་གྲོལ་སྒོམ་པར་བཞག།གཞི་མེད་རྩ་བྲལ་མི་དམིགས་ངང་།།གནས་ལུགས་རྫོགས་པ་ཆེན་པོར་ཞོགས།།སྤྱོད་ལམ་ཀུན་ཏུ་བཟང་པོར་མཛོད།།༡༡༽སྣང་གྲགས་རིག་པའི་གཉུག་མ་ཉིད།།ངོ་བོ་རང་བཞིན་ཐུགས་རྗེའི་དཔལ།།སྐུ་གསུམ་དགྱེས་པ་རྡོ་རྗེ་འཆང་།།ནམ་ཡང་འབྲལ་མེད་རྗེན་པར་སྐྱོང་།།༡༢༽ལོ་ཟླའི་དུས་ཚོད་དམ་དུ་འཛིན།།དྲན་ཤེས་བག་ཡོད་རྒྱུན་དུ་སྐྱོང་།།རྟག་ཏུ་དེ་ཉིད་གོང་དུ་སྤེལ།།བསྟན་འགྲོའི་དོན་ལ་མ་གཡེལ་ཅིག།༡༣༽ནམ་ཞིག་ཆོས་ཀུན་སྟོང་པའི་ངང་།།སྣང་སྲིད་ཐམས་ཅད་ཆོས་སྐུར་རྟོགས།།དགག་བསྒྲུབ་བྱ་རྩོལ་ཟད་པའི་ཚེ།།ཁྲེགས་ཆོད་དགོངས་པ་ལོན་པ་ཡིན།།༡༤༽རང་རིག་སྐྱེ་མེད་ངོ་བོ་ལས།།འོད་གསལ་དཀྱིལ་འཁོར་རང་བཞིན་སྣང་།།ཞིང་ཁམས་རབ་འབྱམས་མཇལ་བ་ཉིད།།ཐོད་རྒལ་སྣང་བཞི་གོམས་པར་འབྱུང་།།༡༥༽མཐར་ཐུག་ཐེག་པའི་རྩེ་མོ་ཉིད།།ཡང་གསང་རྫོགས་པ་ཆེན་པོ་ལ།།ཀུན་བཟང་ས་ལམ་མ་ལུས་ཚང་།།གསང་གསུམ་གྲུབ་པ་མཐར་ཕྱིན་མཛོད།།ཅེས་པ་འདི་ཡང་རབ་བྱུང་བཅུ་བདུན་པའི་ས་ཕག་མགོ་ཟླའི་ཉ་གང་ལ་ཟླ་བ་གཟའ་ཀས་གྲོལ་བ་དང་མཉམ་དུ་སྐལ་ལྡན་གྱི་སློབ་མ་ཀརྨ་ཆོས་སྒྲོན་དང་རིག་འཛིན་རྡོ་རྗེས་དད་གུས་དམ་གཙང་གིས་སྐུལ་ངོར་གང་ཤར་ཤྲཱིཿསྨྱོན་ཨེ་མ་ཧོས་དམ་ཚིག་གཙང་ནའི་ལེགས་སྐྱེས་སུ་ཕུལ་བར་དགེའོ།། །། སྤྱི་ལོ་༢༠༢༠ཟླ་བ་༡ཚེས་༡༠་ལ།། མཆན། ༼དྲ་ཐོག་ནས་གདན་ས་ཁག་དང་ཚན་རིག་པའི་དགེ་རྒན་གྱིས་སྐུལ་ངོར་ཤར་མར་བྲིས་ནས་རྗེས་སུ་ཤྭོ་ལོ་ཀ་བཅོ་ལྔ་ཏག་ཏག་འགྲིགས་འདུག་པས་དུས་ཚེས་དགེ་བའི་རྟེན་འབྲེལ་རྨད་དུ་བྱུང་། ༽
ཤྲཱིཿགླུ་རྫོགས་པ་ཆེན་པོ།།ཨ༔ཨ་བྷྱེ་རྒྱལ་བ་ཀུན་འདུས་ཨ་ཏིའི་བདག།ལཀྵཾ་ཀ་ར་མ་ལུས་འགྲོ་བའི་མགོན།།གུཧྱེ་སིདྡྷི་དམ་ཚིག་མ་ཎི་ཀ།ཙིཏྟ་རཏྣ་མཎྜལ་རྟག་ཏུ་རྒྱལ།།ཀ་དག་ལྟ་བའི་གདར་ཤ་ཆོད་པའི་ཚེ།།སྟོང་རྐྱང་མ་ཡིན་སྤྲོས་མཐའ་བརྒྱད་དང་བྲལ།།དོན་དམ་རིག་པ་དབྱིངས་སུ་ཆུབ་པའི་ཚེ།།ཕྱོགས་དུས་བདེ་གཤེགས་སྲས་བཅས་ཐུགས་ཐིག་མཇལ།།ལྷུན་གྲུབ་སྒོམ་པའི་འཇའ་ཟེར་ཐིག་ལེའི་ཀློང་།།ཞིང་དང་དཀྱིལ་འཁོར་དག་པ་རབ་འབྱམས་ཀུན།།ཀུན་བཟང་ཚོགས་བརྒྱད་འཕོ་ཆེན་སྐུར་བཞེངས་ཚེ།།འབྱུང་བ་རང་དག་ཡེ་ཤེས་རྡོ་རྗེ་འཆང་།།ཡེ་གྲོལ་ཀ་དག་ཡེ་ཤེས་སྐུར་འཆང་བ།།རང་གྲོལ་ཐོད་རྒལ་ལྷན་སྐྱེས་གཞལ་ཡས་ཁང་།།གཅེར་གྲོལ་རིག་པ་བདེ་གཤེགས་མ་ཎི་ཀ།སྨིན་གྲོལ་ཀུན་གཞི་གདོད་མའི་མགོན་པོ་དངོས།།བྱམས་པ་ཆེན་པོ་རྣམ་འདྲེན་ལྔ་བ་དང་།།སྙིང་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་དང་།།དགའ་བ་ཕུན་ཚོགས་ཧ་ཤང་མ་ཧཱ་ཡ།།འཇམ་དཔལ་གཞོན་ནུ་མཉམ་ཉིད་རིག་པའི་ལྷ།།ལམ་དང་འབྲས་བུ་རྩོལ་བས་བྱར་མེད་ལ།།དོན་དམ་ལྷུན་གྱིས་གྲུབ་པ་རྒྱལ་བའི་སྐུ།།ལམ་དང་རིམ་པའི་མདོ་སྔགས་རྩོལ་མེད་པར།།ལྷུན་གྲུབ་མཐར་ཐུག་རྫོགས་ཆེན་ཁོ་ན་ཉིད།།གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལ།།མཉམ་ཉིད་ཆོས་སྐུར་ལྟ་བའི་མོས་གུས་ཀྱིས།།དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཕོས།།རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་གསུངས།།རྣམ་རྟོག་ཆོས་སྐུ་ལྟ་བའི་འཁྲུལ་རྟོག་མེད།།ཟག་བཅས་བདེ་ཆེན་གོམས་པའི་ཕྱག་སྲོལ་མེད།།ལྟ་སྒོམ་མ་ཤེས་འཁོར་འདས་དབྱེར་མེད་ཟེར།།གཞུང་ལུགས་འགོ་སྟོང་དེ་དག་སྤངས་ན་ལེགས།།ཡེ་ནས་གནས་ཕྱིར་རྩོལ་བསྒྲུབ་བྲལ་བའི་ཆོས།།དམན་དང་དབང་རྣོན་ཁྱད་པར་མི་ལྟོས་ནས།།ཡིད་ཆེས་སེམས་ཀྱི་གསང་བ་རིག་པའི་ཚེ།།བླ་སློབ་དགོངས་པ་གཅིག་པུས་མན་ངག་རྟོགས།།མངོན་སུམ་དབང་པོས་སྤྲོས་ཤིང་དཔྱད་ཡུལ་མེད།།རྗེས་དཔག་ཀུན་རྟོག་སྣོན་མས་བཙལ་བྱ་དབེན།།གཟུང་འཛིན་དགག་སྒྲུབ་ལས་འདས་རིག་པའི་ཀློང་།།ཆེ་ཆོས་དྲུག་ལྡན་ཀུན་བཟང་རིག་པའི་དོན།།ཐ་སྙེད་ཞེན་པར་རང་ཉིད་ངལ་བའི་རྒྱུ།།དམིགས་བསྒོམ་ཁོ་ན་རང་སེམས་འཆིང་བའི་གཟེབ།།ཟུག་རྔུའི་སྤྲོས་པ་ནང་ནས་མ་ཆོད་ཚེ།།འཁོར་འདས་དབྱེར་མེད་འདོད་པ་འཁྲུལ་བའི་གཞི།།སྨྲ་བསམ་བརྗོད་བྲལ་འདོད་པའི་དབུ་མ་དང་།།ཐབས་ལམ་བདེ་ཆེན་རོལ་བའི་ཕྱག་ཆེན་ལས།།ཁྱད་དུ་འཕགས་པའི་འོད་གསལ་རྫོགས་པ་ཆེ།།མཐར་ཐུག་ཀུན་བཟང་དགོངས་པ་འདི་ཁོ་ན།།མཐོང་བ་གང་མེད་གཉུག་མའི་ཡེ་ཤེས་ལ།།མ་མཐོང་ལྷག་མར་གྱུར་བ་གང་ཡང་མེད།།རང་རིག་ཁོ་ཐག་ཆོད་པའི་ཟབ་དོན་ཉིད།།སྐལ་བཟང་སློབ་མས་བརྡ་དོན་དཔེ་ཡིས་རྟོགས།།ཀ་དག་སྤྲོས་པ་བྲལ་ཕྱིར་ཡོད་མཐའ་སྤངས།།ལྷུན་གྲུབ་རིག་གདངས་གསལ་ཕྱིར་མེད་མཐའ་བྲལ།།ཟུང་འཇུག་ངོ་བོ་རང་བཞིན་ཐུགས་རྗེའི་རྩལ།།རང་རིག་ཡེ་ཤེས་བླ་མ་འདི་ཁོ་ན།།ཤེས་བྱའི་གཞི་ལ་སྒྲོ་འདོགས་མཐའ་ལས་གྲོལ།།བགྲོད་བྱེད་ལམ་ལ་རེ་དོགས་འཁྲི་བ་ཆོད།།ཐོབ་བྱ་འབྲས་བུའི་ཆོས་སྐུའི་རྒྱལ་ས་ཟིན།།ཡེ་གྲོལ་ཀུན་ཏུ་བཟང་པོ་ཨེ་མ་ཧོ།།ངོ་བོ་སྟོང་ཉིད་སྤྲོས་པའི་དྲྭ་ཟུར་དབེན།།རང་བཞིན་གཤིས་ལ་ནམ་མཁའི་གོ་རིམ་བཞིན།།ཐུགས་རྗེ་ཀུན་ཁྱབ་བདག་པོ་མ་ཎི་ཀ།།ཀུན་བཟང་གདོད་མའི་མགོན་པོ་དེ་ཀ་ལགས།།དོན་དམ་བློ་ལས་འདས་པའི་ཡེ་ཤེས་ཉིད་།།ཀུན་རྫོབ་རྒྱུ་ལས་མ་བྱུང་རྫོགས་པ་ཆེ།།སྒྲ་ཚིག་ལུང་ལས་མ་བྱུང་མན་ངག་ནི།།རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལགས།།རང་རིག་འགྱུར་མེད་གཞོན་ནུ་བུམ་པའི་སྐུ།།མཁྱེན་ཆ་རང་འོད་གསལ་བའི་རྫོགས་ཆེ།།ཤེས་རབ་རང་བྱུང་སྒྲོན་མའི་སྣང་བ་ཅན།།སྒྲིབ་བྲལ་གདོད་མའི་སངས་རྒྱས་ཡེ་ཤེས་སོ།།སྣང་སྟོང་བདེན་པའི་མཉམ་པ་ཉིད་ཀྱི་ངང་།།བདེ་སྟོང་ཡེ་ཤེས་ཐིག་ལེ་ཉག་གཅིག་ལ།།རིག་སྟོང་རིག་པའི་དབྱིངས་སུ་ཆོས་ཀུན་རྫོགས།།འཁོར་འདས་རེ་དོགས་ཞིག་པའི་རྣལ་འབྱོར་རྒྱལ།།སྣང་བ་སྐུ་ཡི་དཀྱིལ་འཁོར་མ་ལུས་དག།གྲགས་པ་གསུང་གི་ཆོས་འཁོར་ཡོངས་སུ་རྫོགས།།རིག་པ་ཐུགས་རྗེ་འགྲོ་ཁམས་ཕན་བདེས་སྨིན།།རྫོགས་པ་ཆེན་པོ་ཡིད་བཞིན་ནོར་བུ་ལགས།།རྩ་བརྒྱུད་བླ་མ་ཀུན་འདུས་པདྨ་འབྱུང་།།ཡི་དམ་རྒྱལ་བ་ཀུན་འདུས་ཀུན་ཏུ་བཟང་།།མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་ཡུམ་ཆེན་མོ།།རྩ་གསུམ་ཀུན་འདུས་ཀུན་གྱིས་རྟོགས་གྱུར་ཅིག།ཅེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་ཟླ་བ་ཉ་ཡོངས་སུ་གང་བ་དང་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འདས་མཆོད་སྐབས་སུ་ཆོས་མཆེད་སློབ་གྲོགས་མང་པོས་སྐུལ་མ་དང་། རང་གིས་རྩ་གསུམ་ཆོས་སྐྱོང་རབ་འབྱམས་ལ་གསོལ་བ་བཏབས་པའི་མཐུ་ལས་གང་ཤར་རིག་པའི་ཀློང་ནས་ཤར་བ་དག་ལ་བཅོས་བསྒྱུར་སྤུ་ཙམ་མེད་པར་ཤྲཱིཿཨེ་མ་ཧོས་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་དེ་ཉིད་དུ་ཐོ་རངས་སྟག་གི་དུས་སུ་བྲིས་པས་ཀུན་གྱིས་རང་བྱུང་རྫོགས་པ་ཆེན་པོའི་དེ་ཁོ་ན་ཉིད་རྟོགས་པའི་རྒྱུ་རུ་གྱུར་ཅིག་གུ།། །།
༄༅།།༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་གསུང་འབུམ་དཀར་ཆག་ཨེ་ཝཾ་རིན་པོ་ཆེའི་གཏེར་མཛོད།།
༄༅།།༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་གསུང་འབུམ་དཀར་ཆག་ཨེ་ཝཾ་རིན་པོ་ཆེའི་གཏེར་མཛོད།།ཨོཾ་ཨཱཿཧཱུཾ་ཧྲཱིཿན་མོ་གུ་རུ་ཨ་བྷྱེ་ལཀྵཾ་ཀ་ར་ཡེ།།འཇིགས༵་མེད༵་སྟོབས་བཅུ་མངའ་བས་མངོན་སངས་རྒྱས།།ཕུན༵་ཚོགས༵་རྒྱལ་སྲས་སྤྱོད་པའི་ཕྲིན་ལས་གར།།ཕན་བདེ་འབྱུང༵་གནས༵་ཡིད་བཞིན་ནོར་བུ་ལ།།སྒོ་གསུམ་མི་ཕྱེད་དད་པས་གུས་ཕྱག་འཚལ།།དབང་ལུང་ཁྲིད་ཡིད་ཡེ་ཤེས་ཉི་མ་བཀྲ།།གདམས་ངག་སྙིང་པོ་སྙིང་ཐིག་ཟླ་བ་ཤིས།།ཟབ་རྒྱས་གཏེར་མཛོད་རྒྱུ་སྐར་བདེ་ལེགས་ངང་།།རྟེན་འབྲེལ་ཕུན་ཚོགས་ཀུན་བཟང་ཨེ་མ་ཧོ།།ཞེས་ཡུལ་དམ་པ་ལ་མཆོད་པ་བརྗོད་ཅིང་རྩོམ་པ་དམ་བཅས་ཏེ། དེ་ཡང་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། རིགས་ཀུན་རྒྱལ་བ་མ་ལུས་པ་འདུས་པའི་སྤྱི་གཟུགས། སྙིགས་དུས་བསྟན་པའི་གསལ་བྱེད་གཅིག་པུ། ཕན་བདེ་མ་ལུས་པ་འབྱུང་བའི་གཞི་མ། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་ནི་དམ་པ་ཉིདཀྱི་ཐར་བསྡུས་པ་དད་པའི་གསོས་སྨན་དང་། རྒྱས་པ་ནི་༧་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་རྣམ་ཐར་རྒྱས་པར་བཀོད་པ་ཆོས་བཟང་ལྷའི་དུནྡུ་བྷིཿཞེས་བྱ་བ་ལས་གསལ་བ་ལྟར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག མ་ལུས་འགྲོ་བ་ཡོངས་ཀྱི་སྐྱབས་གནས་སུ་བསམ་བཞིན་དུ་བདག་ཅག་གི་མགོན་དུ་ཕེབས་ནས་འཛམ་གླིང་དམ་པའི་ཆོས་ཀྱི་རྒྱལ་མཚན་ཆེན་པོ་ནི་བསྒྲིངས། བསྟན་པ་མི་ནུབ་པའི་གདུགས་དཀར་པོ་དགུང་ལ་བཙུགས་པའི་རྒྱལ་པོ་ཆེན་པོ། ངེས་དོན་བསྟན་པའི་གསལ་བྱེད་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་ཞེས་མཚན་དོན་མཚུངས་པ་ཉིད་ལས་གསུང་ཆོས་ཐོབ་པ་དང་གསུང་འབུམ་ཨོཾ་ཨཱཿཧཱུཾ་ཧྲཱིཿགྲངས་བཞིན་ཡོད་པ་ལས་དང་པོ།༼ཨོཾ༽༄༅།།ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་གསུང་འབུམ་ལས། གླེགས་བམ་དང་པོ།ཀུན་མཁྱེན་བླ་མ་མི་ཕམ་རྒྱ་མཚོའི་སྒྲུབ་ཐབས་འོད་གསལ་ཐེག་པའི་ཉིང་ཁུ།ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སྒྲུབ་ཐབས་ནོར་བུའི་བང་མཛོད།ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སྒྲུབ་ཐབས་ཚེ་སྒྲུབ་རྡོ་རྗེའི་ཀ་བ།ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བརྟེན་ནས་ལུས་སྦྱིན་གྱི་རིམ་པ་བྱ་ཚུལ།ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སྒྲུབ་ཐབས་ལ་བརྟེན་ནས་གཤིན་པོའི་རུས་པ་སྦྱང་སྒྲུབ་བྱ་ཚུལ།ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སྨིན་བྱེད་དབང་གི་རིམ་པ་བྱིན་རླབས་མཆོག་སྩོལ།ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བརྟེན་པའི་གཡང་སྒྲུབ་སྣང་སྲིད་འགུགས་པའི་ལྕགས་ཀྱུ།ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བརྟེན་པའི་གནས་འདྲེན་གྱི་ཆོ་ག་ཐར་ལམ་གསལ་བྱེད།ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བརྟེན་ནས་མྱུར་ལམ་འཕོ་བ་སྦྱང་བའི་རིམ་པ།ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བརྟེན་ནས་རྟེན་ལ་རབ་གནས་བྱེད་ཚུལ།ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བརྟེན་པའི་རླུང་རྟ་དཔལ་བསྐྱེད།ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བརྟེན་པའི་སྨན་གྱི་ནུས་པ་མཆོག་ཏུ་སྒྲུབ་པ་ལེགས་ཚོགས་འདོད་འཇོ།ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བརྟེན་ནས་བུམ་ཁྲུས་བྱེད་ཐབས།ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བརྟེན་པའི་གསུར་མཆོད།ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བརྟེན་ནས་ཆུ་གཏོར་འབུལ་ཐབས།ཀུན་མཁྱེན་མི་ཕམ་རྒྱ་མཚོའི་མེ་མཆོད་ཀྱི་རིམ་པ་ལས་བཞིའི་མཛོད་ཁང་།ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བརྟེན་པའི་ཚོགས་མཆོད་དཔལ་གྱི་བུམ་བཟང་།ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སྒྲུབ་ཐབས་ལས།བུམ་པ་བསྐྱེད་བཟླས་བྱ་ཚུལ།ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བརྟེན་པའི་བསང་མཆོད།ཚོགས་མཆོད་བསྡུས་པ།བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་སྩོལ།བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ།བླ་རྣམ་བྱིན་རླབས་མྱུར་སྩོལ་གྱི་རྒྱབ་ཆོས།རང་གང་མོས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས།དཔལ་སྒྱུ་འཕྲུལ་དྲྭ་བའི་སྒྲུབ་ཐབས་ཀུན་མཁྱེན་བླ་མའི་ཞལ་ལུང་།དཔལ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་སྨིན་བྱེད་དབང་གི་རིམ་པ་བྱིན་རླབས་ཉེ་བརྒྱུད་བདུད་རྩིའི་ཐིག་ལེ།རྡོར་སེམས་སྒྲུབ་ཐབས་ཀྱི་བརྒྱུད་པའི་གསོལ་འདེབས།བླ་མ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཉམས་ཆག་ཀུན་སྦྱོང་།རྡོ་རྗེ་སེམས་དཔར་བརྟེན་ནས་སྡིག་སྒྲིབ་སྦྱོང་ཞིང་དོན་གཉིས་སྒྲུབ་ཐབས་ཀྱི་མན་ངག་ཙིནྟ་མ་ཎི།འཇམ་དཔལ་ཡེ་ཤེས་སེམས་དཔའི་རྗེས་གནང་མ་རིག་མུན་སེལ།འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་ཉེ་བརྒྱུད་བྱིན་རླབས་ཆར་འབེབས།རྒྱུད་ལུགས་འཇམ་དཔལ་ཞི་བའི་ཚོགས་མཆོད་སྙིང་པོར་དྲིལ་བ།འཇམ་དཔལ་ཞི་སྒྲུབ་ཀྱི་དབང་ཆོགའཇམ་དཔལ་ཞི་སྒྲུབ་ཀྱི་བརྒྱུད་འདེབས་དད་པའི་གསོས་སྨན།འཇམ་དཔལ་ཞི་སྒྲུབ་བྱིན་རླབས་མྱུར་སྩོལ།ཡང་སྙིང་རྒྱུད་ཀྱི་སྲུང་མའི་གསོལ་མཆོད།འཇམ་དཔལ་ཞི་སྒྲུབ་ཀྱི་ཆ་ལ ག་བློ་འཕེལ་རིལ་བུ་སྒྲུབ་ཐབས།སྒྲ་དབྱངས་ལྷ་མོའི་སྒྲུབ་ཐབས་ངག་དང་བློ་ཡི་དཔལ་སྟེར།འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བྱ་རྒྱུད་ཡང་སྙིང་།གནམ་ཆོས་ཐུག་གཏེར་རྩ་གསུམ་སྤྱིའི་ལས་བྱང་གི་ཆེ་བ།སྨན་བླའི་མདོ་ཆོག་ཤིན་ཏུ་བསྡུས་པ་བདུད་རྩིའི་ཐིགས་པ།བདེ་གཤེགས་བདུན་གྱི་མཚན།ཐར་པའི་ས་བོན་འདེབས་པའི་དབང་བསྐུར་འབྲེལ་ཚད་དོན་ལྡན།དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་རྒྱུན་འཁྱེར་ཕྲིན་ལས་ཀུན་འགྲུབ།མཆིམས་ཕུའི་ཆོས་སྐོར་ལས། གུ་རུ་དྲག་པོའི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ།གུ་རུ་དྲག་པོའི་སྒྲུབ་ཐབས།མཆིམས་ཕུའི་ཆོས་སྐོར་ལས། འདྲེ་མོ་བསྐྲད་པ།ཕུར་པ་མགུལ་ཁུག་མའི་ཆ་ཤས་བརྒྱུད་འདེབས་བྱིན་རླབས་མྱུར་འཇུགཕུར་པ་མགུལ་ཁུག་མའི་ཆ་ཤས་ཐུགས་དམ་ཐུགས་ཀྱི་ཕུར་གཅིགཕུར་པ་མགུལ་ཁུག་མའི་ཆ་ལག་བསྐང་བཤགས་ཀུན་བཟང་མཆོད་སྤྲིན།ཕུར་པ་མགུལ་ཁུག་མའི་ཆ་ལག་བསྒྲལ་ལས་གནམ་ལྕགས་ཐོག་མདའ།་ཕུར་པ་མགུལ་ཁུག་མའི་ཆ་ཤས་མེ་མཆོད་འདོད་དགུའི་དཔལ་སྩོལ།ཕུར་པ་མགུལ་ཁུག་མའི་ཆ་ཤས་ལྷན་ཐབས་རིན་ཆེན་ཕྲ་ཚོམ།ཕུར་པ་མགུལ་ཁུག་མའི་ཆོས་སྲུང་མཆོད་ཐབས།ཕུར་སྲུང་དམ་ཅན་བཅུ་གཉིས་ཀྱི་འཕྲིན་བཅོལ།ཕུར་པ་མགུལ་ཁུག་མའི་ཆ་ལག་རྒྱལ་དབྱངས་ལྷ་ཡི་རྔ་སྒྲ།རྗེ་བཙུན་རིག་བྱེད་དབང་མོའི་སྒྲུབ་ཐབས་འདོད་རྒུའི་དཔལ་སྟེར།ཀུན་མཁྱེན་མི་ཕམ་པའི་གསུང་མཁའ་འགྲོ་རིག་བྱེད་དབང་མོའི་སྒྲུབ་ཐབས་ཆོག་འགྲིགས།ཏི་སྒྲོའི་ཆོས་སྐོར་ལས། རིག་བྱེད་དབང་མོའི་སྨིན་བྱེད་དབང་གི་ཆོ་གཏི་སྒྲོའི་ཆོས་སྐོར་ལས། རིག་བྱེད་དབང་མོའི་སྒྲུབ་ཐབས་ཀྱི་བརྒྱུད་འདེབས།ཏི་སྒྲོའི་ཆོས་སྐོར་ལས། རིག་བྱེད་དབང་མོའི་སྒྲུབ་ཐབས།ཡེ་ཤེས་མཚོ་རྒྱལ་སྒྲུབ་ཐབས་ཡིད་བཞིན་ནོར་བུ།མཁའ་འགྲོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལསཿཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་།མཁའ་འགྲོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལསཿདབང་བསྐུར་བྱིན་རླབས་ཀྱི་རིམ་པ།མགོན་པོ་ཚོགས་བདག་གི་ཚོགས་བསྡུས།ཚོགས་བདག་གསོལ་བསྡུས།དཔལ་ལྡན་སྔགས་སྲུང་རྒྱལ་མོའི་ཐུགས་དམ་རྒྱུད་སྐུལ།དོན་གྲུབ་ཝེར་མ་དཀར་པོའི་དབང་བསྐུར་བྱིན་རླ བས་རིམ་པ་ཡེ་ཤེ ས་རྒྱུན་འབེབས།དོན་གྲུབ་ཝེར་མ་དཀར་པོའི་ཚོགས་མཆོད་ཕྲིན་ལས་མཆོག་སྩོལ།དོན་གྲུབ་ཝེར་མ ་དཀར་པོའི་ཕྲིན་ལས་དཔག་བསམ་སྙེ་མ།གེ་སར་སྐྱེས་བུ་ཆེན་པོའི་བདག་བསྐྱེད་བསྙེན་བཟླ ས་བྱ་ཚུལ།དག་སྣང་ཆོས་སྐོར་ལས། དགྲ་བླ་འབོད་པའི་གད་རྒྱངས།འདན་མའི་གསོལ་མཆོད་བསམ་དོན་མྱུར་འགྲུབ།འདན་མའི་གསོལ་མཆོད།འདན་མའི་གསོལ་བསྡུས།འདན་སྲས་གསོལ་བསྡུས།སྒ་བདེའི་གསོལ་བསྡུས།དཔའ་བརྟུལ་དྭངས་སྨན་ཡོངས་ཀྱི་གསོལ་བསྡུས།བརྟན་མའི་གསོལ་མཆོད།གནོད་སྦྱིན་ཙིའུ་དམར་པོའི་གསོལ་མཆོད་དབང་དྲག་འཁྱུག་པའི་གློག་ཞགས།གནོད་སྦྱིན་ཙིའུ་དམར་པོའི་ཕྲིན་བཅོལ་འདོད་དོན་མྱུར་འགྲུབ།གེ་སར་དགྲ་བླའི་རྒྱལ་པོ་དང་ཙིའུ་དམར་པོའི་གསོལ་བསྡུས།གནས་ཆུང་གསོལ་བསྡུས།ཨ་ཕྱི་ཆོས་སྒྲོན་གྱི་གསོལ་བསྡུས།ཡིད་བཞིན་དབང་གི་རྒྱལ་པོའི་གསོལ་མཆོད་དབང་གི་རུ་མཚོན།ཡིད་བཞིན་དབང་གི་རྒྱལ་པོ་ལ་འཕྲིན་བཅོལ་ལས་བཞིའི་བང་མཛོད།གྲུབ་པའི་དབང་ཕྱུག་སི་ཏུ་སོགས།ཡིད་བཞིན་དབང་རྒྱལ་གསོལ་བསྡུས།ཡིད་བཞིན་དབང་རྒྱལ་གསོལ་མཆོད།ཡིད་བཞིན་དབང་གི་རྒྱལ་པོ་ལ་བསྟོད་པ་ཆུ་འཛིན་བཞད་པའི་གླུ་དབྱངས།ཕུད་མཆོད་རང་ཡུལ་རྒད་པོའི་ལད་མོ།བསམ་ཡས་དབུ་རྩེར་རྒྱལ་མཚན་གསར་དུ་འཛུགས་སྐབས་ཀྱི་སྨོན་ཚིག་ཤིས་བརྗོདཚེ་སྒྲུབ་གསང་འདུས་མཐར་འཁྱོལ་བའི་སྐབས་ཀྱི་སྨོན་ལམ་ཤིས་བརྗོད།རབ་འབྱམས་ཕྱོགས་བཅུའི་སོགས།ཀྱེ་མ་ཀྱེ་ཧུད་མགོན་པོ་སོགས།ཕྱོགས་བཅུར་བཞུགས་པའི་སོགས།བདག་ནི་འཁོར་བར་སོགས།གཞི་དབྱིངས་ཆོས་ཟད་སོགས།ཟབ་ཞི་སྤྲོས་བྲལ་སོགས།སྨོན་ལམ་རྒྱ་མཚོའི་ཡང་སྙིང་ཀུན་བཟང་ཞིང་གི་ཉི་མ།མཚོ་དབུས་གྲུ་ཞིག་སོགས།བསླུ་མེད་དཀོན་མཆོག་གསུམ་སོགས།བདག་ནི་འདི་ནས་སོགས།བདག་ལ་འབྲེལ་ཐོགས་སོགས།བདག་ནི་སྐྱེ་བའི་ཕྲེང་བ་སོགས།འཇམ་དཔལ་སྐུ་ཡི་སོགས།སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་རྒྱས་སྨོན་ལམ།ཟབ་གཏེར་ཐུགས་ཐིག་རྣམ་གསུམ་གྱི་བསྟན་པ་རྒྱས་པའི་སྨོན་ལམ་ལྷ་དབང་རྔ་གསང་།གོང་ས་༧ཐམས་ཅད་མཁྱེན་པའི་ཞབས་བརྟན།གྲུབ་པའི་དབང་ཕྱུག་པདྨ་ནོར་བུའི་ཞབས་བརྟན།ཞབས་བརྟན་རྡོ་རྗེའི་བདེན་ཚིགཨེ་མ་ཧོ། སྐུ་གསུམ་རྒྱལ་བའི་ཡུམ་གཅིག་སོགས།བདེ་ལྡན་ཞིང་བཞུགས་འོད་མཚན་སོགས།དཔལ་ལྡན་བླ་མའི་བྱིན་རླབས་སོགས།༧གོང་ས་༧ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཀྱིས་མཛད་པའི་ཆོས་རྗེ་ཡིད་བཞིན་ནོར་བུའི་ཞབས་བརྟན་གསོལ་འདེབས།། ༼ཨཱཿ༽༄༅།།ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་གསུང་འབུམ་ལས། གླེགས་བམ་གཉིས་པ།མཆིམས་ཕུའི་ཆོས་སྐོར་ལས་ཡང་ཟབ་རྒྱུད་ཀྱི་རྒྱལ་པོ།དུས་འཁོར་རྒྱུད་ཀྱི་ཡང་སྙིང་།མཁའ་འགྲོ་གསང་བ་ཡང་ཐིག་ལསཿ དགོངས་པ་ཡེ་གྲོལ་ཆེན་པོ་གཉིས་མེད་རང་བྱུང་ཡེ་ཤེས་རྒྱུད་ཀྱི་རྒྱལ་པོ།མཁའ་འགྲོ་གསང་བ་ཡང་ཐིག་ལས། དགོངས་པ་ཡེ་གྲོལ་ཆེན་པོ་གཉིས་མེད་རང་བྱུང་ཡེ་ཤེས་རྒྱུད་ཀྱི་རྒྱལ་པོའི་དོན་རྣམ་པར་བཤད་པ་དྲི་བྲལ་ཉི་མའི་སྣང་བ།སེམས་ངོ་མཛུབ་བཙུགས་ཀྱི་གདམས་པའི་བསྡུས་དོན་ཟབ་དོན་སྒོ་བརྒྱ་འབྱེད་པའི་ལྡེ་མིག།སེམས་ངོ་མཛུབ་བཙུགས་ཀྱི་འགྲེལ་བ་མན་ངག་གཏེར་གྱི་མཛོད་ཁང་།འོད་གསལ་རྫོགས་པ་ཆེན་པོའི་ཉམས་ལེན་དམར་ཁྲིད་ཟབ་པའི་མཐར་ཐུགའཇམ་དཔལ་ཞི་བསྒྲུབ་ཀྱི་ཆ་ལག་ཁྲིད་ཡིག་སངས་རྒྱས་ལག་སྟེར།ཁྲེགས་ཆོད་གནད་ཀྱི་གདམས་པ།ཁྲེགས་ཆོད་གནད་ཀྱི་གདམས་པ་མཁས་པ་ཛྙཱ་ན་སུ་ཏྲའི་མན་ངག་གིས་བཀྲལ་བ་རིན་ཆེན་ཐེམ་སྐས།ཁྲེགས་ཆོད་གནད་ཀྱི་གདམས་པ་ཤྲཱི་སེང་ཧའི་མན་ངག་གིས་བཀྲལ་བ་ཙིནྟ་མ་ཎིའི་མཛོད་ཁང་།ཁྲེགས་ཆོད་གནད་ཀྱི་གདམས་པ་པདྨ་ཀ་རའི་མན་ངག་གིས་བཀྲལ་བ་མ་རྟོགས་དྲྭ་བ་གཅོད་པའི་རལ་གྲི།ཁྲེགས་ཆོད་གནད་ཀྱི་གདམས་པ་རྒྱལ་དབང་ཀློང་ཆེན་པའི་བཞེད་པ་ལྟར་བཀྲལ་བ་ཉི་མའི་འོད་ཟེར།། ༼ཧཱུཾ༽༄༅།།ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་གསུང་འབུམ་ལས། གླེགས་བམ་གསུམ་པ།ཡང་སྙིང་རྒྱུད་ཀྱི་དགོངས་འགྲེལ་འཇམ་དཔལ་ཞལ་ལུང་ལེགས་བཤད་རྒྱ་མཚོ་སྤྲོ་བའི་ས་བོན་ཞེས་བྱ་བ།གཞི་ལས་གཞི་སྣང་འཆར་ཚུལ་དེ་ལས་འཁྲུལ་བ་ལྡོག་ཚུལ་གྱི་དཔྱད་པ།ནང་རྒྱུད་སྡེ་གསུམ་གྱི་མདོ་ཆིངས།གང་ཐུགས་ལྷ་ཡི་རྫིང་རིང་༴སོགས།རྫོགས་ཆེན་སྨོན་ལམ་རིག་སྟོང་རྡོ་རྗེའི་རང་གདངས་གསལ་བྱེད་ཀུན་ཁྱབ་རླུང་འཕྲིན།ལོག་རྟོག་ཉེ་ལམ་གྱི་ཟོལ་དུ་བརྫུས་པ་འགོང་པོ་ལྷ་ཡི་རྒྱན་ཆ་ཅན།རྡུལ་བྲལ་སྟོང་པའི་དབྱིངས་དང་༴སོགས།བླ་མ་ཨོ་རྒྱན་ཆེན་པོ་རྗེས་སུ་དྲན་པའི་གདུངས་དབྱངས་མ་བཅོས་གླུ་ཡི་རང་སྒྲ།ཨོཾ་ཨཱཿཧཱུྃ། མངོན་དགའི་ཞིང་བཞུགས་༴སོགས།དུས་གསུམ་རྒྱལ་བའི་ཕྲིན་ལས་༴སོགས།སྡོན་ཚེ་འཕགས་ཡུལ་དགྲ་བཅོམ་༴སོགས།འཇིགས་མེད་རྩོད་འཆད་རྩོམ་པའི་༴སོགས།གསོལ་འདེབས་བྱིན་རླབས་ཉི་འོད།དུས་གསུམ་གཤེགས་པའི་རྒྱལ་བ་༴སོགས །བླ་མ་མཆོད་པའི་རིམ་པ་སྣང་སྲིད་འདོད་དགུའི་སྤྲིན་ཕུང་ཞེས་བྱ་བ།འཕགས་པའི་ཁྱད་ནོར་བཟང་པོ་དྲི་མེད་ཚུལ་ཁྲིམས་ལ་བསྔགས་པ་ཉེས་སྤྱོད་དག་བྱེད་བདུད་རྩིའི་ཀླུང་།ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བསྟོད་པ་དད་པའི་གསོས་སྨན་ཞེས་བྱ་བ།ཁྱབ་བདག་དྲིན་ཆེན་བླ་མར་གསོལ་འདེབས་བྱེད་ཚུལ་ཌཱཀི་འབུམ་གྱི་ཐུགས་ཐིགའཕགས་མ་རིག་བྱེད་དཔལ་མོ་ལ་བསྟོད་པ་ཨུཏྤལ་དམར་པོའི་མདའ་གཞུ།ཏི་སྒྲོའི་ཆོས་སྐོར་ལས། རིག་བྱེད་དབང་མོའི་བསྟོད་པ་ཨུཏྤལ་མདའ་གཞུ།སེང་ཆེན་ནོར་བུ་དགྲ་འདུལ་ལ་བསྟོད་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན།བླ་མ་རྒྱང་འབོད་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ།བླ་མ་རྒྱང་འབོད་དངོས་གྲུབ་གཏེར་གྱི་ཆུ་རྒྱུན།འཇམ་མགོན་དྲིན་ཆེན་བླ་མ་ལ་དད་པའི་རྒྱང་འབོད་བྱིན་རླབས་འགུགས་པའི་ལྕགས་ཀྱུ།ཕ་གཅིག་དྲིན་ཆེན་བླ་མའི་ཐུགས་དམ་གནད་བསྐུལ་བུ་སྡུག་གཞོན་ནུའི་གདུང་ཡུས་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ།གཏན་གྱི་སྐྱབས་གཅིག་པདྨ་༴སོགས།རིག་སྟོང་བཙན་ས་ཟིན་པའི་རང་ག དངས།ལྟ་བའི་ཉམས་མགུར་གཉུག་མའི་སྒྲ་དབྱངས།ཁྲེགས་ཆོད་ལྟ་བའི་ཉམས་མགུར་རྩེ་མཐོ་བྲག་རིའི་སྒྲ་བརྙན་ཞེས་བྱ་བ།མདོ་སྡགས་ཟུང་འཇུག་གི་ལྟ་མགུར་རྒན་པོ་འཁྲུལ་བའི་འཆོལ་གཏམ།རིག་པ་ངོ་ཤེས་ཀྱི་ཉམས་མགུར་གདོང་ལྔའི་དབང་པོའི་ང་རོ་ཞེས་བྱ་བ།རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་༴སོགས།ཀྱེ་ཧོ། གསོན་དང་ཡིད་གཅུགས་༴སོགས།ཨ་ཧོ། གསོན་དང་ཐར་འདོད་༴སོགས།སྐྱིད་གླུ་བྱིས་པ་དགྱེས་པའི་དགའ་སྟོན།དག་སྣང་ཆོས་སྐོར་ལས། ཌཱ ཀི་དགྱེས་པའི་དོ་ཧ།ཚོགས་མགུར་རྩ་གསུམ་མཉེས་པའི་མཆོད་སྤྲིན་ཞེས་བྱ་བ།ཀྱེ་ཧོ། རབ་འབྱམས་སྲས་བཅས་༴སོགས།བཀྲ་ཤིས་དོན་ཀུན་གྲུབ་པའི་གླུ་དབྱངས་འཆི་མེད་གཉུག་མའི་རང་སྒྲ།དཔོན་སློབ་སྣང་བ་སྐྱིད་པའི་གླུ་མ་བཅོས་སེམས་ཀྱི་རང་མདངས།རྣལ་འབྱོར་སྐྱིད་པའི་ཉམས་གླུ་བཀྲ་ཤིས་དོན་ཀུན་གྲུབ་པའི་སྒྲ་དབྱངས་ཞེས་བྱ་བ།སྐྱིད་གླུ་བསམ་དོན་གྲུབ་པའི་དབྱངས་སྙན།བརྡ་གླུ་བྱིས་པའི་རྩེད་མོ་ཉམས་འགྱུར་སུམ་ལྡན།རྒྱལ་དབྱངས་ཐོས་པ་དགའ་སྐྱེད།ནུབ་སྤྲིན་དཀར་མདུན་དུ་འཇའ་ཚོན་༴སོགས།ངའི་སྤྱི་གཙུག་བདེ་ཆེན་འཁོར་ལོ་༴སོགས།སྙིང་འདབ་བརྒྱད་པདྨའི་ཟེའུ་འབྲུ་༴སོགས།གླུ་ཨ་ལ་ཨ་ལ་ཨ་ལ་༴སོགས།རྒྱལ་སྲིད་རིན་ཆེན་སྣ་བདུན་གླུའི་ཟོལ་དུ་སྣང་བ་དྲི་ཟའི་བུ་མོའི་རྒྱུད་སྟོང་།བཀྲ་ཤིས་རྟགས་བརྒྱད་བྲོའི་ཚུལ་དུ་སྣང་བ་ཆུ་སྐྱེས་གཞོན་ནུའི་འཛུམ་མདངས།ན་ཆུང་རྣམས་ལ་ཉེ་བར་མཁོ་བའི་གླུ་ཡིག་གདམས་ངག་སྙིང་པོའི་མཛོད་ཁང་།སྤྲང་པོ་རྣམས་ལ་ཉེ་བར་མཁོ་བའི་ཇོ་མགུར་རྒྱུ་འབྲས་གསལ་བའི་མེ་ལོང་།བྲག་ཕུག་རྒན་པོའི་འདར་གླུ།།ཚེ་མི་རྟག་པ་སྟོན་པའི་སྐྱོ་གླུ་ལྷུང་ལྷུང་འབབས་པའི་ཕུ་ཆུའི་དབྱངས་སྙན།ཚེ་འདིའི་སྣང་ཚུལ་ལ་སྐྱོ་བའི་གླུ་ནགས་ཚལ་བུ་མོའི་དབྱངས་སྙན།སྐྱོ་གླུ་རྒན་པོའི་གདུང་ཡུས།ཉམས་གླུ་རི་ཥིའི་སྨན་ཆར།རྒྱལ་བ་ཀུན་འདུས་པདྨ་༴སོགས།ས་མཐར་གྲོགས་ཀྱི་སྙིང་གཏམ་སྐྱོ་བ་སངས་བའི་གླུ་ཆུང་འཇོལ་མོའི་དྲུག་འགྱུར།༧གོང་ས་སྐྱབས་མགོན་ཆེན་པོ་ལ་ཞུ་ཡིག་ཀུན་བཟང་དགྱེས་པའི་མཆོད་སྤྲིན།རྒྱལ་ཀུན་སྙིང་རྗེའི་འོ་མཚོ་༴སོགས།༧གོང་ས་ཐམས་ཅད་མཁྱེན་པས་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་ལ་བསྩལ་བའི་གསུང་འཕྲིན།རབ་འབྱམས་ཞིང་བཞུགས་སྲ ས་བཅས་༴སོགས།སྤྲིང་ཡིག་སྤྲིན་དཀར་མཛེས་པའི་བླ་བྲེ།སྤྲིང་ཡིག་པདྨ་དཀར་པོའི་ཆུན་པོ།རྒྱལ་ཀུན་ཡབ་གཅིག་རྒྱལ་སྲས་༴སོགས།འབྲུག་ཆོས་རྒྱལ་ཆེན་པོ་ལ་གཏམ་དུ་བྱ་བ་གསར་བྱུང་མགྲོན་པོའི་རྒྱང་གླུ།རྡོ་རྗེ་འཛིན་པ་འཇིགས་མཛད་༴སོགས།ཆོས་དབྱིངས་སྟོང་པའི་རང་སྒྲ།པདྨའི་ཐུགས་ཏིག་བཞུགས།རབ་འབྱམས་ཞིང་བཞུགས་སྲས་བཅས་༴སོགས།ཆུ་སྐྱེས་ལས་བྱུང་ཆུ་སྐྱེས་༴སོགས།ཚོགས་དྲུག་ཡེ་ཤེས་ཌཱཀི་༴སོགས།མི་བཟད་སྤྲིན་ནག་རུམ་ནས་༴སོགས།སྤྲིན་ནག་རུམ་དུ་ལོ་འགར་ཉལ་གྱུར་༴སོགས།རྡུལ་དམར་ཆར་གྱིས་༴སོགས།ཁྱུ་མཆོག་འཛིན་མའི་ཁམས་ལ་དབང་བསྒྱུར་༴སོགས།སྙིང་གྲོགས་ལ་སྙིང་གཏམ་གབ་ཚིག་ཏུ་སྨྲས་པ་༴སོགས།ཐལ་ཕུང་དབུས་སུ་ཉལ་བའི་མེ་དཔུང་༴སོགས།པུ་་ཏྲ་ཀ་རུ་ཧུ་མ་༴སོགས།ནམ་ཡང་མི་བསླུ་དཀོན་མཆོག་༴སོགས།མགོན་འཇིགས་པ་ཀུན་སྐྱོབས་༴སོགས །བླ་མ་མཆོག་དང་དབྱེར་མེད་༴སོགས།རབ་རྒྱལ་ས་བྱ་ཟླ་ཚེས་ལ༴སོགས།རབ་བྱུང་བཅུ་བདུན་པའི་ས་སྦྲུལ་༴སོགས།རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༴སོགས།ཟླ་བ་ཁ་ཤས་ཀྱི་སྡོན་དུ་རང་བྱུང་རྡོ་རྗེའི་རང་སྒྲ་༴སོགས།བོད་རྒྱན་ལྕགས་འབྲུག་ལོའི་༴སོགས།མཚུངས་མེད་དྲིན་ལྡན་བླ་མ་༴སོགས།ཞལ་གདམས་བླང་དོར་ལམ་སྟོན…
Alt Sidebar
Search





