• August 2019

    ཞབས་བརྟན་གསོལ་འདེབས་ཆོས་རྔ་རིན་པོ་ཆེའི་སྒྲ་སྙན་ཞེས་བྱ་བ།

    ཞབས་བརྟན་གསོལ་འདེབས་ཆོས་རྔ་རིན་པོ་ཆེའི་སྒྲ་སྙན་ཞེས་བྱ་བ།ཨོཾ་ཨཱཿཧཱུཾ་ཧྲཱིཿ༼༡༽ ཡེ་ནས་ཀ་དག་ཀུན་བཟང་ཧེ་རུ་ཀ།འོད་གསལ་ལྷུན་གྲུབ་བདེ་ཆེན་ཨེ་མ་ཧོ།།དབྱེར་མེད་ཟུང་འཇུག་པདྨ་ཀ་ར་ལ།།གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།།༼༢༽བླ་མ་ཨོ་རྒྱན་ཀུན་བཟང་རྡོ་རྗེ་འཆང་།།ཡི་དམ་རྒྱལ་བ་དུས་འཁོར་ཞི་ཁྲོའི་ལྷ།།མཁའ་འགྲོ་དམ་ཅན་སྲུང་མའི་བྱིན་རླབས་ཀྱིས།།གྲུབ་དབང་སངས་རྒྱས་མཉན་པ་ཞབས་བརྟན་ཤོག།༼༣༽མཁྱེན་པའི་སྤྱན་ཡངས་ནམ་མཁའི་མཐའ་དང་མཉམས།།བརྩེ་བའི་ཐུགས་རྗེ་རྒྱ་མཚོའི་ཀླུང་ལས་ཟབ།།མཐུ་སྟོབས་སྐུ་གཟུགས་ཆོས་བདུན་ངོ་བོར་བཞུགས།།གསང་གསུམ་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག།ཅེས་པའང་རབ་གནས་ས་ཕག་ཁྲུམས་ཟླའི་ཚེས་བཅུའི་ཉིན་གུང་གི་རྨི་ལམ་དང་དྲག་ཤོས་བསོད་ནམས་སྟོབས་རྒྱལ་སོགས་ཀྱིས་སྐུལ་ངོར་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས། སྤྱི་ལོ་༢༠༡༩ ཟླ ༨ པའི་ཚེས་ ༡༠ ལ་དབྱིན་ཡུལ་ཨེ་ཝཾ་སངས་རྒྱས་ཡེ་ཤེས་གླིང་ནས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་རྒྱལ་བ་སྲས་དང་བཅས་པས་མཐུན་གྱུར་བདེ་མྱུར་ཏུ་མཛོད་ཅིག་གུ།། །།

  • August 2019

    བློ་བཟང་འཇིགས་མེད་ལ་དགའ་རྟགས་ནོར་བུའི་མདོ་འཛིན།

    བློ་བཟང་འཇིགས་མེད་ལ་དགའ་རྟགས་ནོར་བུའི་མདོ་འཛིན།ན་མོ་རཏྣ་ཏྲ་ཡཱ་ཡ།།བློ་བཟང་བརྩོན་འགྲུས་ལྡན་པའི་ཆོས་རབ་འབྱེད།།དད་གུས་དམ་ཚིག་གཙང་མའི་ལྷག་བསམ་ཅན།།འཇིགས་མེད་འཆད་པའི་ཆོས་སྒྲ་སྒྲོག་པའི་དབྱངས།།གཟེངས་རྟགས་དང་པོ་བཞེས་ལ་བསྔགས་བརྗོད་ཡོད།།ད་དུང་མདོ་སྔགས་ཆོས་ལ་ཐོས་བསམ་གྱིས།།རྣམ་དག་ཚུལ་ཁྲིམས་གཙང་མའི་རྒྱན་གྱིས་ཕྱུག།རིག་འཛིན་བླ་མའི་རྣལ་འབྱོར་ཡང་ཡང་སྒོམས།།ཚེ་གཅིག་སངས་རྒྱས་ཐོབ་པའི་ཐུགས་དམ་མཛོད།།ཅེས་པ་རབ་གནས་ས་ཕག་ཁྲུམས་ཟླའི་ཚེས་བཅུ་ལ་ངོས་ཀྱི་སློབ་ཕྲུག་བློ་བཟང་འཇིགས་མེད་ལ་དཔལ་སྔ་འགྱུར་རྒྱལ་བསྟན་དར་སྤེལ་ཚོགས་པའི་འཆད་རྒྱུགས་གཟེངས་རྟགས་ཨང་རིམ་དང་པོ་ཐོབ་པར་ལེགས་གཅེས་སུ་དབྱིན་ཡུལ་ནས་ཤྲཱིཿསྨྱོན་པས་སོ།།

  • August 2019

    སྟོང་ཉིད་ཡངས་པའི་བྷ་ག་ལ།།

    སྟོང་ཉིད་ཡངས་པའི་བྷ་ག་ལ།།廣大空性之基要The being of emptiness Bhaga extensively. སྙིང་རྗེས་ཁྲོས་པའི་རྡོ་རྗེ་རྩལ།།慈悲極忿之金剛The expression Vajra of Compassion and wrathfully power. བདེ་ཆེན་ཕྱག་རྒྱའི་གར་ལ་རོལ།།大樂手印之遊舞the dancing with the great bliss of mudra. ཕྲིན་ལས་ཀུན་ཁྱབ་དཔལ་དུ་དགྱེས།།吉祥事業滿十方All auspicious activity be penetration everywhere. ཤྲཱིས།師利撰寫Write down by Shri.

  • August 2019

    རྒྱལ་ཁབ་བཟང་ངན།།

    རྒྱལ་ཁབ་བཟང་ངན།།ཨེ་ཀྱེ་ཧོ།།རྒྱལ་ཁབ་བཟང་པོས་རྒྱལ་སྟོན་ངོ་སོར་བསྟོད།།རྒྱལ་ཁབ་ངན་པས་མ་ཉེས་ཁ་མཆུ་གཙུགས།།རྒྱལ་ཁབ་བཟང་ངན་མཐོང་བའི་ཚོར་སྣང་འདིས།།གངས་རིའི་དཔའ་རྒོད་དུར་ཁུངས་ནང་ནས་བཤུམས།།ཤྲཱིས་སོ།

  • August 2019

    སྟོན་པ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །

    སྟོན་པ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། ། འདི་ལྟར་ཏེ། ངོ་མཚར་ཆེ་བའི་འཇིག་རྟེན་གྱི་ཡུལ་གྲུ་ཞིག་ཁྱབ་ནས་འདིའི་ནང་འཚོ་གནས་བྱས་པའི་ང་ཚོ་ཚང་མ་ངེས་པར་དུ་འགྲུལ་བཞུད་དགོས་པའི་གཅིག་མཚུངས་ཀྱི་ལམ་ཁ་དེ་ཚེ་ཕྱི་མ་ཡིན་ལ། ལམ་དེ་མེད་པའི་མི་སུ་ཡང་མེད་པ། ལམ་དེ་ལ་མ་བསམ་བཞིན་དུ་འགྲོ་དགོས་པ། ལམ་དེ་ཉིད་ལ་འགྲོ་ཚེ་གཞན་གྱིས་ཆ་ངག་ཅི་ཡང་མེད་པ། ལམ་དེ་ལ་འཇིག་ནའང་རང་དབང་མེད་པ་མདུན་དུ་གྲུབ་འོང་པ་ཞིག་ལས་ཀྱིས་བཀོད་སྒྲིག་སྔ་ནས་བཟོ་ཚར་བ་ཡིན་སྟབས། དགེ་སྡིག་གི་ལམ་རྒྱགས་ཤིག་ཁུར་ནས་འཇིག་རྟེན་ཕ་རོལ་ན་བགྲོད་ཚེ། རྒྱ་ཆེ་བའི་བདེ་སྡུག་གི་ཁྱིམ་གཞིས་གང་རུང་ནང་དུ་རེ་བ་བསྡད་དེ། ལ་ལས་སྤྲོ་བ་མྱོང་། ལ་ལས་སྡུག་བསྔལ་མྱོང་བ་སོགས་བསམ་ན། སྐྱེ་བ་ད་རེས་ལུས་སེམས་འདིའི་སྟེང་ཚེ་ཕྱི་མའི་གྲོ་ཁ་བཟང་པོ་ཁུར་རྒྱུ་ཞིག་བསྒྲུབ་ཐུབ་ན་ངོ་མ་དགའ་འོས་པ་དེ་ལས་གཞན་གང་ཡང་མེད་པས། དེའི་ཕྱིར་ཁྱེད་ཀྱིས་ཉིན་མཚན་མི་དལ་གྱི་སྒོ་ནས་ལས་ཀ་ཆེ་ཆུང་སྒྲུབ་པའི་ཁྲོད། ཚེ་ཕྱི་མའི་བརྒྱགས་ཕྱེ་ལ་བསམ་གཞིགས་ཅི་ཙམ་བྱས་ཡོད་པ་ཡིན་ནམ། གལ་ཏེ་སང་ཉིན་འཆི་འགྲོ་ན་ཁྱེད་རང་གང་དུ་སྐྱེ་བ་ལེན་པ་ལ་བསམ་བློ་ག་ཚོད་བྱས་ཡོད་དམ་ལགས། ཁྱེད་རང་གིས་སྒྲུབ་པའི་དེ་རིང་གི་བྱ་བ་འདིས་ཚེ་ཕྱི་མ་ལ་ཕན་ཐོགས་ཅི་ཙམ་ཡོང་བ་ལ་བསམ་བློ་ག་ཚོད་བྱས་ཡོད་དམ། གང་ལྟར་སྤྱིར་ན་མི་རྣམས་ལ་མཁོ་དགོས་ཆེ་ཤོས་ནི་དཔལ་འབྱོར་དང་ཤོག་སྒོར་ཡིན་ལ། འདི་དག་གི་དོན་དུ་རང་སྲོག་ཀྱང་ཡ་ང་བག་ཚ་ཅི་ཡང་མེད་ན་དེ་མིན་བྱ་བ་སྡུག་མོ་དང་འབྲེལ་ནས་འབྱོར་ལྡན་བྱེད་པ་ནི་བཤད་ཅི་ཡང་མི་དགོས་པ་ཞིག ལྷག་པར་དུ་ཤེས་བཞིན་དུ་སྡིག་པ་ཁྱད་གསོད་བྱེད་ནས་གཡོ་རྫུན་གྱི་ཁུར་པོ་ཆེན་མོ་སྒྲུབ། ཅུང་ཙམ་བསགས་པའི་རྒྱུ་ནོར་དེའང་། ཡར་དཀོན་མཆོག་གསུམ་དང་མར་སྤྲང་པོ་ཡོངས་ལ་མཆོད་སྦྱིན་ཅི་ཡང་མེད་པ་མ་ཟད། སེར་སྣའི་མདུད་པས་བཅིངས་ནས་སྒོམ་ཆུང་ཕྲ་མོ་ནང་དུ་ཉར་ཚགས་འོག ཤི་མིག་གསོན་བལྟས་བྱེད་ཞོར་ཡི་དྭགས་ཀྱི་འཇིག་རྟེན་ནང་སྐྱེ། བཀྲེས་སྐོམ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་ངེས་པའི་ལས་ཀ་འདི་འདྲ་ནམ་ཡང་མི་བརྩོན་པ། ལག་ཏུ་ཡོད་པའི་སྒོར་མོ་མང་ཉུང་ཇི་འདྲ་ཡོད་ན་ཡང་། གཙང་མ་གཙང་རྐྱང་། དྭངས་གཙང་གི་ཆུ་བོ་བཞིན། ཡར་མཆོད་མར་སྦྱིན་བྱས་ནས་དགེ་བ་ཕྲན་བུ་ཙམ་བསྒྲུབ་དོ་བའི་རེ་བ་ལགས། དེ་བཞིན་དུ་འཚོ་བའི་ཁྲོད་ནམ་རྒྱུན་བཟའ་བཏུང་ཞིམ་པོ་རོལ་ནས། བདེ་སྐྱིད་ཀྱི་དགོད་སྒྲ་ཕན་ཚུན་ངོམ་ཞིང་། ཅུང་ཙམ་དགའ་སྟོན་དང་དུས་ཆེན་ཉིན། ཉམ་ཆུང་དུད་འགྲོའི་སྲོག་བཅད་པ་ལས་བྱུང་བའི་དམར་ཟས་མང་པོ་མདུན་དུ་སྒྲིག་ནས། ད་དུང་ཤ་འདི་མེད་ན་འཚོ་ཐབས་བྲལ་བའི་མི་སྙན་པའི་གྲོས་མོལ་སོགས་མ་གཏོགས། མ་འོངས་པའི་རྣམ་སྨིན་དང་། ཚེ་ཕྱི་མའི་འཇིག་རྟེན་ཟེར་བའི་བསམ་བློ་དེ་རྒྱང་དུ་གྱེས་ནས། ད་ལྟའི་གནས་བབས་ཙམ་ལ་དམིགས་ཏེ་ཤ་ཁྲག་ལོངས་སུ་སྤྱོད་ན་ཡང་། ཁ་ནས་མ་ཎི་དང་ཁོག་ནས་སྙིང་རྗེ་ཅུང་ཙམ་ཞིག་མ་ཐོན་ན་གླེན་ལྐུག་ཞིག་དང་ཅིས་མི་མཚུངས། ལྷག་པར་དུ་གསོད་པའི་ཚེ་དུད་འགྲོ་ཉིད་ལ་ན་ཟུག་དྲག་པོ་ཡོད་པ་དག་དྲན་བཞིན་དུ་བསྔོ་སྨོན་སོགས་བྱ་མ་ཐུབ་ན། རང་གཞན་གྱི་ཚེ་ཕྱི་མ་དེ་ཐག་རིང་པོ་གང་ཡང་མ་ཡིན་པས་འཆི་བདག་གཤིན་རྗེ་མཇལ་བའི་དུས་སུ་ཨ་ཁ་ཁ་ཟེར་དགོས་པའི་ཚེ།…

  • August 2019

    སེངྒྷ་གླིང་གི་རྒྱལ་སྟོན་བསུ།།

    སེངྒྷ་གླིང་གི་རྒྱལ་སྟོན་བསུ།།ཨེ་མ་ཧོ།།དཀའ་སྤྱོད་སྙིང་རུས་ནུས་ཐུབ་པའི་དཔའ་སྟོབས་གཅིག།མཐུན་ལམ་སྤྱི་ཕན་སྒྲུབ་པའི་ལྷག་བསམ་གཉིས།།རྒྱལ་དོན་ཕྱི་ནང་གཙང་མའི་ཆིག་སྒྲིལ་གསུམ།།བཟང་གསུམ་ལྡན་པའི་རྒྱལ་ཁྱབ་རྒྱལ་གྱུར་ཅིག།ཤྲཱིཿཨེ་མ་ཧོས