• August 2019

    ༄། ༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་ནས་འདི་ག་ཕ་རན་སི་ལས་རབ་གླིང་ཆོས་ཚོགས་སུ་དཔལ་སྤྲུལ་རིན་པོ་ཆེའི་ཐོག་མཐའ་བར་གསུམ་དགེ་བའི་གཏམ་གྱི་གསུང་བཤད་དང་འབྲེལ་སྙིང་ཐིག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོར་གྱི་བཀའ་དབང་བཅས་བཀའ་དྲིན་བསྩལ་གནང་མཛད། གསོལ་འདེབས་ཨུཏྤལ་དཀར་པོ།།

    ༄། ༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་ནས་འདི་ག་ཕ་རན་སི་ལས་རབ་གླིང་ཆོས་ཚོགས་སུ་དཔལ་སྤྲུལ་རིན་པོ་ཆེའི་ཐོག་མཐའ་བར་གསུམ་དགེ་བའི་གཏམ་གྱི་གསུང་བཤད་དང་འབྲེལ་སྙིང་ཐིག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོར་གྱི་བཀའ་དབང་བཅས་བཀའ་དྲིན་བསྩལ་གནང་མཛད། གསོལ་འདེབས་ཨུཏྤལ་དཀར་པོ།།ཨེ་མ་ཧོ།།ཕུལ་བྱུང་མཁྱེན་རབ་དམ་པ་སྨྲ་བའི་རྒྱལ།།འགྱུར་མེད་ཆོས་ཀྱི་སེངྒེའི་སྒྲ་ཆེན་སྒྲོག།སྒྱུ་འཕྲུལ་དྲྭ་བའི་ཐུགས་རྗེའི་ཁྱབ་བདག་རྗེ།།ཀུན་བཟང་འགྲོ་འདུལ་དམ་པས་བདག་སྐྱོངས་ཤིག།གསོལ་འདེབས་བུ་ལ་བྱིན་རླབས་མྱུར་དུ་སྩོལ།། སྐྱེ་དང་ཚེ་རབས་ཀུན་ཏུ་ཐུགས་རྗེས་བཟུངས།།སྙིང་ཐིག་གདམས་པས་ས་ལམ་ཡོན་ཏན་རྒྱས།།མཐར་ཐུག་ཆོས་དབྱིངས་དགོངས་པར་མཉམ་རྫོགས་ཤོག། ཅེས་པའང་གང་དྲན་དུ་སྙིང་ནས་གསོལ་འདེབས་སུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སོ།། །།

  • August 2019

    གསོལ་འདེབས་ཨུཏྤལ་དཀར་པོ།།

    གསོལ་འདེབས་ཨུཏྤལ་དཀར་པོ།།ཨེ་མ་ཧོ།།ཕུལ་བྱུང་མཁྱེན་རབ་དམ་པ་སྨྲ་བའི་རྒྱལ།།འགྱུར་མེད་ཆོས་ཀྱི་སེངྒེའི་སྒྲ་ཆེན་སྒྲོག།སྒྱུ་འཕྲུལ་དྲྭ་བའི་ཐུགས་རྗེའི་ཁྱབ་བདག་རྗེ།།ཀུན་བཟང་འགྲོ་འདུལ་དམ་པས་བདག་སྐྱོངས་ཤིག།གསོལ་འདེབས་བུ་ལ་བྱིན་རླབས་མྱུར་ཏུ་སྩོལ།། སྐྱེ་དང་ཚེ་རབས་ཀུན་ཏུ་ཐུགས་རྗེས་བཟུང་།།སྙིང་ཐིག་གདམས་པས་ས་ལམ་ཡོན་ཏན་རྒྱས།།མཐར་ཐུག་ཆོས་དབྱིངས་དགོངས་པར་མཉམ་རྫོགས་ཤོག། ཅེས་པའང་གང་དྲན་དུ་སྙིང་ནས་གསོལ་འདེབས་སུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སོ།། །།

  • August 2019

    ༧མཁན་ཆེན་ཤེས་རབ་བཟང་པོའི་ཞབས་བརྟན་མ་ཎི་ཀ།

    ༧མཁན་ཆེན་ཤེས་རབ་བཟང་པོའི་ཞབས་བརྟན་མ་ཎི་ཀ།ཨོཾ་སྭ་སྟི།།ཤེས༵་རབ༵་ཆེན་པོས་མདོ་སྔགས་བསྟན་པ་འཛིན།།བཟང༵་པོ༵་སྤྱོད་པས་དགེ་བའི་ལམ་བཟང་སྐྱོང་།།མཁྱེན་བརྩེ་ནུས་མཐུས་བཤད་སྒྲུབ་ཚུལ་བཞིན་སྤེལ།།མཁན་ཆེན་དམ་པའི་བཞེད་དོན་ལྷུན་གྲུབ་ཤོག།ཅེས་པ་འང་ཨ་ཤེར་དོན་གྲུབ་ངོར་ཨེ་མ་ཧོས་ཝ་ཡེལ་སིའི་ཨེ་ཝཾ་རི་ཁྲོད་ནས་གུས་ཕུལ།།སྤྱི་ལོ་༢༠༡༩/༨/༡༤་ལ།།

  • August 2019

    གཟིམས་འཇམ་གནང་།།

    གཟིམས་འཇམ་གནང་།།ཨེ་མ་ཧོ།།བླ་མ་ཡི་དམ་མཁའ་འགྲོ་རབ་ཏུ་གསལ།།གཟུངས་སྔགས་བསྙེན་པ་ངག་ཡིད་བཟླས་པ་ཟབ།།བསྐྱེད་རྫོགས་རྫོགས་ཆེན་སྒོམ་པའི་རྨི་ལམ་བཟང་།།གསང་གསུམ་གཟིམ་འཇམ་བདེའོ་སྙིང་གྲོགས་རྣམས།།ཉིན་ཉལ་མཚན་ཉལ་གྱི་ཨེ་མ་ཧོས་གུས་པས་ཕུལ།།

  • August 2019

    བློ་སྦྱོང་ཚིག་རྐང་བརྒྱད་མ་བཞུགས་སོ།།

    བློ་སྦྱོང་ཚིག་རྐང་བརྒྱད་མ་བཞུགས་སོ།།རྗེ་གླང་རི་ཐང་པ།—— བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག ། གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་ལྟ་ཞིང་། །གཞན་ལ་བསམ་པ་ཐག་པ་ཡིས། །གཞན་ཉིད་གཅེས་པར་འཛིན་པར་ཤོག ། སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག ། བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་ཤོག ། རང་བཞིན་ངན་པའི་སེམས་ཅན་རྣམས། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །རིན་ཆེན་གཏེར་དང་འཕྲད་པ་ལྟར། །རྙེད་པར་དཀའ་བས་གཅེས་འཛིན་ཤོག ། བདག་ལ་གཞན་གྱིས་ཕྲག་དོག་གིས། ། གཤེ་སྐུར་ལ་སོགས་མི་རིགས་པའི། །གྱོང་ཁ་རང་གིས་ལེན་པ་དང་། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག ། གང་ལ་བདག་གིས་ཕན་བཏགས་པའམ། །རེ་བ་ཆེ་བ་འགའ་ཞིག་གིས། །ཤིན་ཏུ་མི་རིགས་གནོད་བྱེད་ནའང་། །བཤེས་གཉེན་དམ་པར་བལྟ་བར་ཤོག ། མདོར་ན་དངོས་སམ་བརྒྱུད་པ་ཡིས ། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག ། དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།།རྟོག་པའི་དྲི་མས་མ་སྦགས་ཤིང་། །ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །ཞེན་པའི་འཆིང་བ་ལས་གྲོལ་ཤོག…

  • August 2019

    པར་རྙིང་ཞིག་ལས་

    པར་རྙིང་ཞིག་ལས་རྙིང་མའི་དགོན་ཆེན་དྲུག་གི་ལོ་རྒྱུས་ལ་འཇལ་བ།གྲྭ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་།གྲྭ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་ནི། རབ་བྱུང་བཅུ་གཅིག་པའི་མེ་འབྲུག ཕྱི་ལོ་ ༡༦༧༦ ལོར་བཏབ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་…. བུས་རྒྱུད་ཡོངས་སུ་ཕྱུག་པའི་དགེ་འདུན་གྲངས་མང་དུ་འཕེལ་ཞིང་། གསང་སྔགས་ཕྲིན་སྒྲུབ་ཀྱི་ཕྱག་བཞེས་ཕྱོགས་ཀྱི་…། དགོན་མ་ལག་ཆེས་གྲངས་མང་བས་བོད་ལྗོངས་ཀུན་ཏུ་ཁྱབ་པར་གྱུར། སྔ་འགྱུར་གཉོས་ཀྱི་གདུང་བརྒྱུད་….. རབ་རིམ་བྱོན་བཅས་ཀྱིས་ཡོངས་སུ་འཛིན་པར་མཛད་དོ། ། ཐུབ་བསྟན་རྡོ་རྗེ་བྲགཐུབ་བསྟན་རྡོ་རྗེ་བྲག་ནི། རིག་འཛིན་ངག་གི་དབང་པོས་རབ་བྱུང་བཅུ་གཅིག་པའི་ས་སྤྲེལ་ ཕྱི་ལོ་ ༡༦༥༩༼༡༦༦༧༽ལ་བཏབ། བཤད་སྒྲུབ་ཀྱི་ཕྲིན་ལས་དབྱར་མཚོ་ལྟར་རྒྱས་པས་སྔ་འགྱུར་བསྟན་པའི་འབྱུང་ངོགས་དམ་པར་གྱུར་ཏེ། བོད་ཡུལ་སྟོད་སྨན་ཀུན་ཏུ་ཆོས་རྒྱུད་དང་། ཕྲིན་ལས་ཀྱིས་ཡོངས་སུ་ཁྱབ་པར་གྱུར་ཏོ། །ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་།ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ནི། རབ་འབྱམས་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱིས། རབ་བྱུང་བཅུ་གཅིག་པའི་ཤིང་སྟག ཕྱི་ལོ་ ༡༦༧༤ ལ་བཏབ། འོག་མིན་གཉིས་པ་ཨྱོན་སྨིན་གྲོལ་གླིང་གི་ཕྱག་བཞེས་འཕྱུག་མེད་དུ་སྐྱོང་ཞིང་། དམ་པའི་སྐྱེས་བུ་མང་པོའི་བསྟི་གནས་སུ་གྱུར་ཏེ། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་མཛད་དོ། ། རྫོགས་ཆེན་རུ་དམ་བསམ་གཏན་ཆོས་གླིང་གླིང་།རྫོགས་ཆེན་རུ་དམ་བསམ་གཏན་ཆོས་གླིང་གླིང་ནི། གྲུབ་དབང་པདྨ་རིག་འཛིན་གྱིས། རབ་བྱུང་བཅུ་གཅིག་པའི་ཤིང་གླང་། ཕྱི་ལོ་ ༡༥༨༥༼༡༦༨༥༽ ལ་བཏབ། སྡོམ་པ་གསུམ་གྱི་གནང་བཀག་གི་མཚམས་ལས་མི་འདའ་ཞིང་། མཁས་ཚུལ་དགུ་ལ་དབང་འབྱོར་བ་དང་། རིམ་གཉིས་ཀྱི་གདེང་ཚད་དང་ལྡན་པའི་སྤྲུལ་སྤྲུལ་སྐུ་རིམ་བྱོན་རྒྱུ་སྐར་ཕྲེང་བ་ལྟ་བུ་དང་། དགེ་འདུན་པ་མང་པོའི་བསྟི་གནས་སུ་གྱུར་ཅིང་། མདོ་ཁམས་སྟོད་སྨན་ཀུན་ཏུ་ཆོས་བརྒྱུད་ཀྱི་ཕྲིན་ལས་ཤིན་ཏུ་དར་རྒྱས་གྱུར་ཏོ།…