• January 2020

    རིམས་སེལ་ཀུན་བཟང་སྨོན་ལམ།།ན་མོ་གུ་རུ་བཛྲ་རཀྵ་ཡེ།།ཕྱོགས་དུས་རྒྱལ་ཀུན་ངོ་བོ་པདྨ་འབྱུང་།།བདེ་ཆེན་ཡེ་ཤེས་རང་བཞིན་མཚོ་རྒྱལ་ཡུམ།།རྒྱལ་དང་རྒྱལ་སྲས་ཐུགས་རྗེ་བསླུ་མེད་ལ།།གསོལ་བ་འདེབས་སོ་རིམས་ནད་སེལ་བར་ཤོག།སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ།།ཡི་དམ་ཀུན་འདུས་རྡོ་རྗེ་གོ་ཁྲབ་དཔལ།།མཁའ་འགྲོ་ཀུན་འདུས་རྗེ་བཙུན་སྒྲོལ་མ་དང་།།ཆོས་སྐྱོང་ཀུན་འདུས་གེ་སར་རྒྱལ་པོ་མཁྱེན།།རྩ་གསུམ་བཀའ་སྲུང་ཚོགས་ལ་གསོལ་བ་འདེབས།།སྙིགས་དུས་འགྲོ་བའི་ནད་རིམས་བདེ་མྱུར་སེལ།།འགྲོ་ཁམས་སྤྱི་དང་རྒྱ་ནག་ནད་རིགས་རྣམས།།རང་སངས་དག་ནས་ལུས་སེམས་བདེ་བར་ཤོག།མཐའ་འཁོབ་འགྲོ་བའི་རྒྱུད་ལ་སྙིང་རྗེ་སྐྱེས།།རི་དྭགས་གཡང་དྭགས་རང་དབང་དཔལ་གྱིས་འཚོ།།གཉན་ནད་སྡུག་རྩུབ་རིགས་ཀུན་རབ་ཏུ་ཞི།།ཞི་བདེ་འཚོ་བས་འཛམ་གླིང་མཛེས་པར་ཤོག།ཡིད་བདེ་སྨེ་སྔགས་མི་འདོན་ཆོས་སྒྲ་སྒྲོགས།།ཡུལ་བདེ་མཁའ་རླུང་གཙང་མས་འཁོར་ཡུག་ཁྱབ།།མ་ལུས་འགྲོ་བའི་སྡུག་བསྔལ་རྒྱུན་ཆད་དེ།།བསམ་སྦྱོར་ལེགས་པའི་ལམ་ལ་སྤྱོད་པར་ཤོག།ལུས་ལ་ན་ཚ་མེད་ནས་བདེ་ཐང་རྒྱས།།སེམས་ལ་འཇིགས་སྐྲག་མེད་ནས་ཀུན་ཏུ་བཟང་།།ལུས་སེམས་བདེ་ཆེན་འཚོ་བར་རྟག་ཏུ་རོལ།།འགོ་ནད་རིགས་མིང་ཙམ་མེད་པར་ཤོག།ལུས་ཅན་ཀུན་ལ་གནོད་པའི་སེམས་དང་བྲལ།།བྱང་ཆུབ་སེམས་ཉིད་འགྲོ་ཀུན་རྒྱུད་ལ་འབྱོར།།ནད་གདོན་ཟུག་ངུས་མནར་གཅོད་མ་ལུས་སེལ།།འགྲོ་ཁམས་བདེ་ཆེན་ཞིང་དང་མཚུངས་པར་ཤོག།དུས་གསུམ་བསགས་པའི་དགེ་རྩའི་བདེན་པ་དང་།།རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་པའི་མཐུས།།སྣོད་བཅུད་ཉམས་རྒུད་ངན་པ་མྱུར་བསལ་ནས།།བདེ་སྐྱིད་རྫོགས་ལྡན་དང་པོར་སྤྱོད་པར་ཤོག།ཅེས་པ་འདི་ཡང་རབ་གནས་ལྕགས་བྱིའི་རྒྱལ་བ་གཉིས་པར་དད་གུས་དམ་ཚིག་ཅན་མཁའ་འགྲོ་དམ་པ་རིག་འཛིན་དབྱངས་ཅན་ལྷ་མོ་དང་། སྔགས་མ་དཔལ་ལྡན་ཆོས་སྒྲོན་དང་། རྣལ་འབྱོར་དཔལ་ལྡན་དོན་གྲུབ་སོགས་ཀྱིས་སྐུལ་ངོར་ཤྲཱིཿཨེ་མ་ཧོས་སེངྒྷ་གླིང་སངས་རྒྱས་ཚེམས་ལྷའི་ཁང་ནས་རྩེ་གཅིག་ཏུ་སྨོན་པར་དགེའོ།། །།

  • January 2020

    སྙིང་རྗེའི་སྨོན་ལམ།༡༽ སྙིང་རྗེས་སྨོན་ལམ་ནི་རྒྱ་ནག་དུ་ནད་ཡམས་ཆེན་པོས་ཡུལ་མི་ཁྱིམ་སྟོང་གི་སྡུག་བསྔལ་དང་། བར་དོ་ནས་མནར་གཅོད་ཀྱི་སྡུག་བསྔལ། ནད་ཡམས་དེ་དག་གང་སར་མི་ཁྱབ་པའི་ཕྱིར་བསྔོ་བ་སྨོན་ལམ་ཟབ་རྒྱས་བྱས་པ་དང་།༢༽ སྙིང་རྗེས་མིག་སི་ཀོག་དང་ཏིར་ཀི་ལུང་པར་ས་ཡོམ་གནོད་འཚེས་གཅུར་པའི་ཤི་གསོན་དག་གི་འདི་ཕྱི་བར་དོ་དག་ལ་མྱོང་བའི་སྡུག་བསྔལ་ལ་དམིགས་ནས་བསྔོ་བ་དང་སྨོན་ལམ་རྒྱ་ཆེར་བྱས།༣༽ སྙིང་རྗེས་ཨོ་སི་ཊི་ལི་ཡའི་མེ་སྐྱོན་གྱིས་མི་དང་ཁང་ཁྱིམ། ལྷག་པར་དུ་དུད་འགྲོ་སྲོག་ཆགས་མང་པོའི་ཚེ་སྲོག་ཤོར་བའི་སྡུག་བསྔལ་རྣམས་ལ་དམིགས་ནས་དགེ་སྒྲུབ་ཚོགས་བསགས་བྱས།༤༽ སྙིང་རྗེས་མ་གྱུར་སེམས་ཅན་ཐམས་ཅད་ལ་འགྲོ་བ་རིགས་དྲུག་གི་སྡིག་སྡུག་གི་སྡུག་བསྔལ་ལ་དམིགས་ནས་བསྔོ་བ་དང་སྨོན་ལམ་བྱས།༥༽ སྙིང་རྗེས་འགྲོ་ཀུན་ལ་དམིགས་ཏེ་མཆོག་གསུམ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་པར་བྱས། དགེ་བཅུའི་ཁྲིམས་བཟང་ལོངས་སུ་སྤྱོད་ནུས་པའི་ཕྱིར་རོ།།༦༽ སྙིང་རྗེས་ཨེ་ཝཾ་སྨོན་ལམ་ཆེན་པོ་ཐེངས་བཅུ་བདུན་པའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་བྱས། ཆ་མ་མཉམ་པའི་ས་ཆུ་མེ་རླུང་རྡུལ་ཕྲན་མཚོན་ཆ་སོགས་གནོད་པའི་རིགས་མེད་ཕྱིར་དང་།༧༽ སྙིང་རྗེས་ཀུན་སློང་ཞིང་བླ་མ་ཨོ་རྒྱན་ཆེན་པོ་དང་ཡི་དམ་རྡོ་རྗེ་གོ་ཁྲབ། མཁའ་འགྲོ་རྗེ་བཙུན་སྒྲོལ་མ་དང་། ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་ལྡན་ཆོས་སྲུང་སྤྱི་དང་བོད་སྐྱོང་ལྷ་སྲུང་ཚད་ལྡན་འཛམ་གླིང་གེ་སར་ནོར་བུ་དགྲ་འདུལ་ལ་འཕྲིན་བཅོལ་གནད་སྨིན་བྱས།༨༽ སྙིང་རྗེས་ཆོས་སྦྱིན་ཀུན་སློང་སྦྱོར་བས་ཟིན་པའི་སྨོན་ལམ་ནི་འགྲོ་ཀུན་སྡུག་བསྔལ་རྒྱུ་འབྲས་རྒྱུན་ཆད་དེ་རྣམ་མཁྱེན་རྒྱུ་འབྲས་མངོན་དུ་གྱུར་བ་དམིགས་ནས་འབུལ་ན་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ། ཤྲཱིས་སོ།

  • January 2020

    ༄༅།། རྡོ་རྗེ་གོ་ཁྲབ་ཀྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུ།།金剛鎧甲儀軌 – 滿願寶珠ཨེ་མ་ཧོ༔唉瑪吙སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས༔廣大空性法界顯現一剎那མ་ཧཱ་གུ་རུ་རྡོ་རྗེ་གོ་ཁྲབ་དཔལ༔至尊上師金剛鎧甲殊勝尊མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོར་ཕུར་འདྲིལ༔烏面二臂手持金剛及普巴དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔殊勝寒林八種骨飾為莊嚴པདྨ་ཉི་ཟླ་ཕག་ནག་མགོ་དགུའི་སྟེང་༔安座日月蓮花黑色九頭豬ཞབས་གཉིས་གྱད་ཀྱི་འདོར་སྟབས་ཚུལ་དུ་བཞུགས༔雙足站立尢如威猛勇士姿ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་གསལ༔智慧火焰周遍明觀中顯現ངོ་བོ་ཞིང་སྣང་ལྷ་སྐུའི་དབྱིངས་སུ་དག༔自性顯出無量本尊遍法界རང་བཞིན་སྒྲ་གྲགས་ཐམས་ཅད་སྔགས་སུ་རྫོགས༔吟唱俱力猛咒響亮於世間ཐུགས་རྗེ་དྲན་རྟོག་ཆོས་ཉིད་ངང་དུ་སྨིན༔大悲周遍任運本來法性中ཀུན་བཟང་ལྷུན་གྲུབ་རོལ་བས་གཟུངས་སྔགས་བཟླའ༔普賢浩瀚法界猛咒自顯現 ཨོཾ་པདྨ་ཤ་ཝ་རི་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ ཏདྱ་ཐཱ༔ སརྦ་ཝི་རི་ཏ༔ ཧ་ན་ཧ་ན༔ བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ༔ གུ་རུ་པདྨ་འབྱུང་གནས་ཀྱིས༔ ཡིག་འབྲུ་སུམ་ཅུ་ཐམ་པ་ཡོད༔ ན་རོ་གཅིག་དང་གི་གུ་བཞི༔ འགྲེང་བུ་གཅིག་དང་རིང་ཆ་བཞི༔ ལྷག་ཆད་མེད་པར་བཟླས་པ་ན༔ ཕྱི་ནང་གསང་བའི་བར་ཆད་བསལ༔འདི་ཕྱི་བར་དོ་ཀུན་ཏུ་བཟང་།།སྐལ་བ་ལྡན་པས་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔嗡巴瑪夏瓦熱帕的,南巴修,納嘎南,達雅塔,薩瓦沃熱達,哈納哈納班賊納日阿恰日阿恰所哈 上師蓮花生復言,咒鬘圓滿三十字,那若上圓四音隔,一真沃加四仁恰;無有增減或重複,內外密障盡清除,三時一切為普賢,具緣之子願修習,三味耶,印印印! ཨེ་མ་ཧོ།།唉瑪吙རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །本傳上師加持入心間ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །本尊攝受獲得眾悉地མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །空行護法如影相伴隨གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །所欲任運成就願吉祥ཅེས་རབ་གནས་ས་ཁྱིའི་སྤྲེལ་ཟླའི་དབང་ཚེས་དགེ་བར་གཏེར་ཆེན་འབྲུག་སྒྲ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེས་ངོར་ཤྲཱིཿཨེ་མ་ཧོས་རིག་ཀློང་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་ཕབས་པར་དགེའོ།།我吉祥勝喜行者,於土狗年為如雷響亮之善者烏金卓度聽列旺格多傑,在淨相中取出寶藏,並祈願其一切事業增長,善哉!

  • January 2020

    ལུས་སྦྱོང་དང་བཀུ་མཉེ་དགོས།ཨེ་མ་ཧོ།།ལུས་ལ་རྩ་རླུང་ཐིག་ལེ་ངོ་བོ་དག།ངག་ལ་ཚངས་དབྱངས་བདེ་ཚིག་རང་བཞིན་རྫོགས།།སེམས་ལ་སངས་རྒྱས་ཡེ་ཤེས་ཐུགས་རྗེ་སྨིན།།རྣལ་འབྱོར་གནས་ལ་བརྩོན་པར་ཤིན་ཏུ་གཅེས།།རང་ལ་ཡེ་ནས་ཡོད་པའི་ཆོས་གང་ཞིག།

  • January 2020

    ཨེ་མ་ཧོའི་རྒྱལ་སྲིད་སྣ་བརྒྱད།ན་མོ་མ་ཧཱ་གུ་རུ་ཨེ་མ་ཧོ།།༼༡༽ཆུང་ནས་བཟང་པོ་སྤྱོད་པའི་རྟུལ་ཞུགས་ཅན།།ཆེ་ནས་བསྟན་འགྲོར་བརྩོན་པའི་དཀའ་སྤྱོད་ལྡན།།ཆེ་ཆུང་མ་ངེས་ལྷག་བསམ་རྣམ་དག་པ།།ཕན་བདེའི་ཀུན་བཟང་བླ་མ་རིན་པོ་ཆེ།།༼༢༽དང་པོ་ཐོས་བསམ་སྒོམ་པས་རང་རྒྱུད་དུལ།།བར་དུ་འཆད་རྩོད་རྩོམ་པའི་འགྲོ་དོན་མཛད།།མཐར་དོན་བསྙེན་ཕྲིན་ལས་སྐྱོང་བའི་མགོན།།དམ་ཆོས་འཛིན་པའི་འཁོར་ལོ་རིན་པོ་ཆེ།།༼༣༽ཞི་དུལ་ཀུན་ཡིད་མཐུན་པའི་དཔལ་དགྱེས་པ།།ཁྲིམས་གཙང་བསླབ་གསུམ་བརྒྱན་བཟང་རྡོ་རྗེ་འཆང་།།བདེ་ཆེན་ཡེ་ཤེས་ཕྱག་རྒྱའི་དངོས་གྲུབ་ཐོབ།།བཀའ་གཏེར་དབང་ཕྱུག་བཙུན་མོ་རིན་པོ་ཆེ།།༼༤༽རྒྱལ་བའི་བཀའ་དང་བླ་མའི་ལུང་གིས་ཟིན།།མདོ་སྔགས་རིག་གཞུང་རྒྱ་མཚོའི་དགོངས་དོན་འགྱེད།།སྙིགས་དུས་འགྲོ་ཁམས་འདུལ་བའི་ཐབས་མཁས་པ།།སྟོན་པའི་རྒྱལ་ཚབ་བློན་པོ་རིན་པོ།།༼༥༽བདེན་པའི་ལམ་ལ་ངེས་ཤེས་དེ་ཉིད་རྟོགས༵།།དྲང་པོས་ཀུན་ཕན་སྒྲུབ་པའི་བྱམས་བརྩེའི་དཔལ།།མ་ལུས་འགྲོ་ཀུན་སྨན་པའི་དམ་ཚིག་ལྡན༵།།བདེ་མཆོག་བརྗིད་པའི་གླང་བོ་རིན་པོ་ཆེ།།༼༦༽དབེན་རིར་བཞུགས་ནས་ཆོས་རྩྭའི་ཉིང་བཅུད་རོལ།།ཉི་མཚན་མ་གཡེང་འདུ་འཛིས་ལྕགས་སྒྲོག་གྲོལ།།རྒྱལ་ཀུན་དགྱེས་པའི་དམ་གཙང་བརྩོན་འགྲུས་ཅན།།འགྲོས་བཟང་ཅང་ཤེས་རྟ་མཆོག་རིན་པོ་ཆེ།།༼༧༽ལས་ཉོན་སྟོབས་འཇོམས་ནག་ཕྱོགས་རྩ་བ་བརླགས།།བདུད་བཞི་རབ་སེལ་དགྲ་བགེགས་འདུལ་བའི་གཤེད།།ང་རྒྱལ་རྔོམ་བག་དབེན་པའི་རྒྱལ་བའི་སྲས།།གཡུལ་རྒྱལ་དཔའ་བོ་དམག་དཔོན་རིན་པོ་ཆེ།།༼༨༽རེ་དྭོགས་ཆོས་བརྒྱད་དྲེགས་པའི་རློམ་སེམས་མེད།།འཕགས་པའི་ནོར་བདུན་ཆོས་ལ་རང་བྱན་ཆུབ།།ཕ་རོལ་ཕྱིན་དྲུག་སྤྱོད་པའི་རྣལ་འབྱོར་པ།།ཨེ་ཧོ་ཡིད་བཞིན་ནོར་བུ་རིན་པོ་ཆེ།།རང་འདོད་ཡིད་ལ་ཞེན་པའི་གཏམ་མེད་ཀྱང་།།གཞན་འདོད་རེ་བ་བསྐོང་བའི་སྣ་བརྒྱད་ཚིག།བཟོ་བཅོས་ཀུན་རྟོག་ཚིག་གིས་མ་ལྷད་པར།།ཐོལ་བྱུང་ངག་རིག་སྨྲ་བས་དེ་སྐད་ཐལ།།ཅེས་པ་འདི་ཡང་རབ་གནས་ས་ཕག་རྒྱལ་ཟླའི་ཡར་ཚེས་བཟང་པོ་དང་པོ་ལ་མཁན་པོ་དོན་ཀུན་གྲུབ་པ་དང་མཁའ་འགྲོ་སྒྲོལ་དཀར་ངོར་གང་ཤར་རང་གཤིས་རྣམ་དག་ལ་འཁྲུལ་རྟོག་ངན་པའི་ཚིག་གིས་མ་བཅོས་པར་ཐོལ་བྱུང་ཉིད་གྲོགས་བཟང་དགྱེས་པའི་དཔྱིད་དཔལ་དུ་རིག་འཛིན་ཨེ་མ་ཧོས་སེང་གླིང་ཀུན་བཟང་དགའ་ཚལ་ནས་ཚིག་ཇ་ཕོར་གང་འཐུང་ཞོར་དུ་སོར་བཅུའི་ལམ་ནས་ཤོར་བར་དགེའོ།། །།ཤྲཱིཿཨེ་མ་ཧོ་སརྦ་ལོ་ཀ་པ་ལ་བི་ཛ་ཡནྟུ།།

  • January 2020

    བོད་དང་རྒྱ་འབྲུག་གི་ལོ་སར་ལ་རིག་འཛིན་སྔགས་འཆང་གི་བསྟན་འཛིན་དམ་པ་བོད་བཙན་པོའི་གདུང་བརྒྱུད་དྲི་མ་མེད་ཅིང་ཁྲག་འཐུང་བདུད་འཇོམས་གླིང་པའི་སྤྲུལ་སྐུ། ༸སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གི་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ་མཆོག། དེའི་གདུང་སྲས་དགའ་རབ་རིན་པོ་ཆེ་མཆོག་གིས་ལོ་གསར་པ་འདིར་སྟོན་འཁོར་འདུས་པ་ལྷན་ཉིན་གསུམ་གྱི་རིང་ལ་བདུད་འཇོམས་<<ཁྲོས་མའི་>>ཚོགས་མཆོད་ལེགས་པར་གྲུབ་འདུག རྟེན་འབྲེལ་དང་ཡི་རང་བཅས་ཤྲཱིས་སོ